ས་བབ་མཐོ་ཚད་སྨི་4520ཡི་སར་ཡོད་པའི“དྲང་བདེན་གངས་ལྷ་མེ་ཏོག”འདྲི་གཅོད་ཚོགས་པ།

    མི་དམངས་དྲ་བ།    2022-03-17

ས་བབ་མཐོ་ཚད་སྨི་4520ཡི་སར་ཡོད་པའི“དྲང་བདེན་གངས་ལྷ་མེ་ཏོག”འདྲི་གཅོད་ཚོགས་པ།

སེར་ཤུལ་རྫོང་མི་དམངས་ཁྲིམས་ཁང་གི“དྲང་བདེན་གངས་ལྷ་མེ་ཏོག”བུད་མེད་འདྲི་གཅོད་ཚོགས་པའི་ཚོགས་མིའི་མཉམ་པར་ཡིན་པ།

     ཆ་སྙོམས་ས་བབ་མཐོ་ཚད་སྨི་4520ཡི་སར་ཡོད་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སེར་ཤུལ་རྫོང་དུ་སྲོལ་རྒྱུན་གྱི་གོམས་གཤིས་དང་ས་ཁོངས་རིག་གནས་ཀྱི་ཤུགས་རྐྱེན་ཕོག་པའི་ཁར་ས་གནས་དེ་གའི་བུད་མེད་མང་དག་ཅིག་གི་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པའི་རྐྱེན་གྱིས་ཁྱིམ་ཚང་གི་གཏུམ་སྤྱོད་དང་གནོད་འཚེ་ཕོག་ཀྱང་བཟོད་བསྲན་བྱེད་ཀྱི་ཡོད། དེར་བརྟེན། 2019ལོའི་ཟླ་12པར་སེར་ཤུལ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་དཔོན་ཚེ་རིང་ཆོས་སྐྱིད་དང་བུད་མེད་9ལས་གྲུབ་པའི“དྲང་བདེན་གངས་ལྷ་མེ་ཏོག”བུད་མེད་འདྲི་གཅོད་ཚོགས་པ་བཙུགས་ནས་ཆེད་མངགས་ཁྱིམ་ཚང་གི་གྱོད་གཞི་སྒྲུབ་གཉེར་གྱི་འགན་འཁུར་གྱི་ཡོད།
     སེར་ཤུལ་རྫོང་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་སྤྱི་ལེ་ངོས་གྲུ་ཁྲི་25ཡི་སར་ཁ་ཐོར་དུ་སྡོད་མཁན་གྲོང་མི་ཁྲི་10ལྷག་ཙམ་ཡོད་པས། འགལ་ཟླ་དང་རྩོད་གཞི་ཐོན་སྐབས་ཁྲིམས་ཁང་དུ་སྐྱོད་བདེ་པོ་མེད། “དྲང་བདེན་གངས་ལྷ་མེ་ཏོག”བུད་མེད་འདྲི་གཅོད་ཚོགས་པས་དོ་བདག་གི་ཞུ་གཏུག་ཁུར་པོ་དང་གནོན་ཤུགས་ཆུང་དུ་གཏོང་ཆེད། རང་འགུལ་ངང་འབྲོག་ར་དང་རི་གྲོང་དུ་བསྐྱོད་དེ་མང་ཚོགས་ལ་བཅའ་ཁྲིམས་ཁྱབ་གདལ་བཏང་བ་དང་། “རྟ་ཐོག་ཁྲིམས་ཁང”དང་། “སྦྲ་གུར་ཁྲིམས་ཁང” “རླངས་འཁོར་ཁྲིམས་ཁང”སོགས་སྐོར་སྐྱོད་འདྲི་གཅོད་ཀྱི་བྱེད་ཐབས་སྤྱད་དེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ད་ཆ་སེར་ཤུལ་རྫོང་མི་དམངས་ཁྲིམས་ཁང་གིས་ལོ་ལྟར་གྱོད་གཞི་ཕྱེད་ཀ་ཙམ་སྐོར་སྐྱོད་འདྲི་གཅོད་ལ་བརྟེན་ནས་ཐག་གཅོད་བྱེད་ཀྱི་ཡོད།
     “དྲང་བདེན་གངས་ལྷ་མེ་ཏོག”བུད་མེད་འདྲི་གཅོད་ཚོགས་པའི་ཁོངས་མི་ཚོས་ས་གནས་ཀྱི་རིག་གནས་དང་། གོམས་གཤིས། དེ་བཞིན་ས་གནས་ཀྱི་ཡུལ་སྐད་སོགས་ཤེས་པས་གྱོད་གཞི་ཐག་གཅོད་བྱེད་པར་སྟབས་བདེ་པོ་ཡོད། འདྲི་གཅོད་ཚོགས་པ་བཙུགས་ཚུན་སྒྲུབ་གཉེར་བྱས་པའི་གྱོད་གཞི་300ཙམ་ལ་ཞུ་གཏུག་དང་གོང་ལ་ཞུ་གཏུག་རྒྱག་པ་སོགས་ཀྱི་གནས་ཚུལ་ཐོན་མེད།
     ཁོང་ཚོས་ད་དུང“བུད་མེད་སློབ་གྲྭའི་བཅའ་ཁྲིམས་སློབ་ཁང”དང་། “ཁྲིམས་དཔོན་བུད་མེད་ཀྱི་གསང་གཏམ” “གངས་ལྷ་མེ་ཏོག་གི་སློབ་ཁང”སོགས་གཉེར་ནས་གོ་བདེ་ཤེས་སླའི་པར་རིས་སོགས་ལ་བརྟེན་ནས་བཅའ་ཁྲིམས་དྲིལ་བསྒྲགས་བྱས་ཤིང་། ཁོང་ཚོའི་འབད་བརྩོན་འོག་ས་གནས་དེ་གའི་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་པ་དང“དྲང་བདེན་གངས་ལྷ་མེ་ཏོག”བུད་མེད་འདྲི་གཅོད་ཚོགས་པར་ས་གནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཡོད།

ས་བབ་མཐོ་ཚད་སྨི་4520ཡི་སར་ཡོད་པའི“དྲང་བདེན་གངས་ལྷ་མེ་ཏོག”འདྲི་གཅོད་ཚོགས་པ།

སེར་ཤུལ་རྫོང“དྲང་བདེན་གངས་ལྷ་མེ་ཏོག”བུད་མེད་འདྲི་གཅོད་ཚོགས་པའི་ཚོགས་མིས་རྒྱལ་རྟགས་རླངས་འཁོར་ནང་བླུགས་ནས་རྫོང་གྲོང་ནས་བར་ཐག་སྤྱི་ལེ་70ལྷག་ཙམ་ཡོད་པའི་ཀ་བཞི་ཤང་དུ་སྐྱོད་རྩིས་བྱེད་བཞིན་པ།
ས་བབ་མཐོ་ཚད་སྨི་4520ཡི་སར་ཡོད་པའི“དྲང་བདེན་གངས་ལྷ་མེ་ཏོག”འདྲི་གཅོད་ཚོགས་པ།
“དྲང་བདེན་གངས་ལྷ་མེ་ཏོག”བུད་མེད་འདྲི་གཅོད་ཚོགས་པའི་ཁྲིམས་དཔོན་ཚེ་རིང་ཆོས་སྐྱིད་ཞུ་སྦྱོར་སྔ་མའི་ཁྱིམ་དུ་བསྐྱོད་དེ་ཕྲུ་གུར་སློབ་རོགས་དངུལ་སྤྲོད་བཞིན་པ།

ས་བབ་མཐོ་ཚད་སྨི་4520ཡི་སར་ཡོད་པའི“དྲང་བདེན་གངས་ལྷ་མེ་ཏོག”འདྲི་གཅོད་ཚོགས་པ།

“དྲང་བདེན་གངས་ལྷ་མེ་ཏོག”བུད་མེད་འདྲི་གཅོད་ཚོགས་པའི་ཚོགས་མི་རླངས་འཁོར་ལ་བསྡད་ནས་སེར་ཤུལ་རྫོང་གྲོང་ནས་བར་ཐག་སྤྱི་ལེ་70ལྷག་ཙམ་ཡོད་པའི་ཀ་བཞི་ཤང་དུ་བསྐྱོད་དེ་ཁྲིམས་ར་འཚོགས་ནས་བཟའ་ཚང་ཁ་བྲལ་གྱི་གྱོད་གཞི་ཞིག་ཐག་གཅོད་བྱས་རྗེས་མང་ཚོགས་ཀྱིས་ཁྲིམས་དཔོན་ཚེ་རིང་ཆོས་སྐྱིད་ལ་ཁ་བཏགས་གཡོག་བཞིན་པ། 

ས་བབ་མཐོ་ཚད་སྨི་4520ཡི་སར་ཡོད་པའི“དྲང་བདེན་གངས་ལྷ་མེ་ཏོག”འདྲི་གཅོད་ཚོགས་པ།
“དྲང་བདེན་གངས་ལྷ་མེ་ཏོག”བུད་མེད་འདྲི་གཅོད་ཚོགས་པའི་ཁྲིམས་དཔོན་ཚེ་རིང་ཆོས་སྐྱིད་ཞུ་སྦྱོར་སྔ་མའི་ཁྱིམ་དུ་བསྐྱོད་དེ་ཕྲུ་གུར་སློབ་རོགས་དངུལ་སྤྲོད་བཞིན་པ།

  • ལེ་ཚན་སྔོན་མ།:དཀར་མཛེས་ནས་མཐོང་དཀོན་པའི་གཡི་གཉིས་ལྷན་དུ་ཡོད་པ་བརྙན་པར་བླངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།