རྟ་ཐོག་སྐོར་སྲུང་རུ་ཁག་གིས་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2022-03-21

སྤྱི་ཟླ3པའི་ཚེས7ཉིན་ལ། ལུས་ལ་སྟོད་འགག་སེར་པོ་གྱོན་པའི་རྟ་ཐོག་སྐོར་སྲུང་རུ་ཁག་ཅིག་མཚོ་འཕགས་སྨི3500ཙམ་ཡོད་པའི་ལི་ཐང་རྫོང་འབོ་པ་ཡུལ་ཤོག་འབོ་སྐེད་གྲོང་སྡེའི་བཙན་རོང་པའི་ལ་རུ་འཛེག་གི་ཡོད།

རྟ་ཐོག་སྐོར་སྲུང་རུ་ཁག་གིས་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་བྱས།

སྤྱི་ཟླ3པའི་ཚེས6ཉིན་ལ་འབོ་པ་ཡུལ་ཤོག་གིས་སེ་འབྲུ་རྟ་ཐོག་སྐོར་སྲུང་རུ་ཁག་ལ་དར་ཆ་སྤྲོད་པའི་མཛད་སྒོ་སྤེལ་ཞིང་། རྫོང་གི་ཆེད་ལས་མེ་གསོད་རུ་ཁག་གདན་དྲངས་ཏེ་སྐོར་སྲུང་རུ་མིར་ཉེན་མེད་རྩལ་ནུས་གསོ་སྦྱོང་བྱས་པས་མ་ཚད། ད་དུང་དོ་གཟབ་བྱ་དགོས་པའི་དོན་དག་ནན་བཤད་བྱས། དུས་དེ་ནས་བཟུང་ཁོ་ཚོས་རྩྭ་ཐང་མུའུ་ཁྲི15.06དང་ནགས་ཚལ་མུའུ་ཁྲི6.9ལ་སྲུང་སྐྱོང་བྱ་རྒྱུའི་ལས་འགན་ཁུར་ཡོད།

འབོ་པ་ཡུལ་ཤོག་གིས་སེ་འབྲུ་ཞེས་པའི་རྟ་ཐོག་སྐོར་སྲུང་རུ་ཁག་འཛུགས་རིང་། ཡུལ་ཤོག་དེའི་ཞིང་འབྲོག་པའི་ཏང་མིས་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ནས་ལས་ཀ་དེའི་ནང་ཧུར་ཐག་ཞུགས་ཤིང་། རྟ་ཚང་མ་ནི་ཞིང་འབྲོག་དུད་ཚང་གིས་རང་མོས་ངང་མཁོ་འདོན་བྱས་ཡོད། ཡུལ་ཤོག་ཡོངས་ཀྱི་ཁོངས་གཏོགས་སུ་རྟ180ལྷག་ཙམ་ནང་རྟ་མཆོག60བདམས་ཏེ་དུད་ཚང་བཅུ་མཉམ་འབྲེལ་བྱས་ནས་མི5རྟ5ཡི་ཚོ་ཆུང་བཙུགས་པ་དང་། ཚོ་ཆུང་རེ་ཏང་མིས་འགན་ཁུར་བ་དང་མཐར་ཚོ་ཆུང་ཁྱོན12བཙུགས་ཡོད།

ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་བློ་བཟང་རྒྱ་མཚོས་འབོ་པ་ཡུལ་ཤོག་གི་ནགས་ཚལ་དང་རྩྭ་ཐང་གི་རྒྱ་ཁྱོན་ཆེ་བ་དང་། ད་ལྟ་ཉེན་ཁ་ཆེ་བའི་དུས་སུ་སླེབས་ཡོད། དེ་ནས་ཡུལ་ཤོག་གི་རི་ལམ་ཐག་རིང་ཞིང་ཀྱ་ཀྱུ་ཡིན་པས། རྐང་ཐང་འགྲོ་ན་དུས་ཚོད་འགོར་ཞིང་སྟོབས་ཤུགས་ཟད་འགྲོ་བ་དང་། འཁོར་རིགས་སྤྱད་ན་རི་ཚང་མ་སྐོར་མི་ཐུབ། རྟ་ཐོག་སྐོར་སྲུང་རུ་ཁག་གིས་སྐོར་ཞིབ་བྱས་ན་དུས་ཐུང་ནང་ནགས་རི་ཡོངས་ལ་སྐོར་ཞིབ་ཐུབ་ཅིང་། ལས་ཕྱོད་ཀྱང་ཆེ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

  • ལེ་ཚན་སྔོན་མ།:རང་ཁུལ་དང་དབྱི་པིན་གྲོང་ཁྱེར་གྱིས་འབྱུང་འཕྲོད་ཐཱན་ཉུང་གི་ལེགས་ལྡན་ཐོན་ལས་དཔེ་སྟོན་ཁུལ་མཉམ་དུ་བསྐྲུན།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དཔྱིད་རྨོད་ལས་ཀ་ཁག་ལ་དམ་འཛིན་ཏན་ཏིག་བྱས།
  • དོ་སྣང་ཆེ་བའི་རྩོམ།