རང་ཁུལ་དང་དབྱི་པིན་གྲོང་ཁྱེར་གྱིས་འབྱུང་འཕྲོད་ཐཱན་ཉུང་གི་ལེགས་ལྡན་ཐོན་ལས་དཔེ་སྟོན་ཁུལ་མཉམ་དུ་བསྐྲུན།

ལྷ་འཛོམས་ཀྱིས་བསྒྱུར།        2022-03-21

ཉེ་ཆར། གསར་འགོད་པས་ཁུལ་དཔལ་འབྱོར་ཆ་འཕྲིན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་ཁུལ་གྱིས་དབྱི་པིན་གྲོང་ཁྱེར་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ“དཀར་དབྱི་གླིང་ཁུལ”འབྱུང་འཕྲོད་ཐཱན་ཉུང་གི་ལེགས་ལྡན་ཐོན་ལས་དཔེ་སྟོན་ཁུལ་མཉམ་དུ་བསྐྲུན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།“དཀར་དབྱི་གླིང་ཁུལ”མཉམ་དུ་སྐྲུན་པ་ནི་དཀར་མཛེས་ཁུལ་དང་དབྱི་པིན་གྲོང་ཁྱེར་གྱིས《དབྱི་པིན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ས་ཁོངས་བརྒལ་བའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་མཉམ་ལས་གྲོས་མཐུན》དོན་འཁྱོལ་བྱེད་པའི་བྱ་ཐབས་ཞིབ་ཕྲ་ཞིག་རེད། གྲོས་མཐུན་ལ་གཞིགས་ན། ཕྱོགས་གཉིས་པོས་མཉམ་ལས་གཉིས་ཕན་གྱི་རྩ་དོན་གཞིར་བཟུང་ནས་མཉམ་སྐྲུན་མཉམ་སྤྱོད་དང་གཉིས་ཁེ་གཉིས་ཕན་རྒྱུན་འཁྱོངས་བྱས་ཤིང་། སྤྱི་འདོམས་འཆར་འགོད་དང་གོ་རིམ་ཕྱེས་ནས་ལག་བསྟར་བྱས་ཏེ་གསར་སྤེལ་འཛུགས་སྐྲུན་བྱ་རྒྱུ་རེད། དེ་ནས་དབྱི་པིན་གྲོང་ཁྱེར་གྱི་སྒུལ་ཤུགས་གློག་རྫས“1+6”གི་ཐོན་ལས་གླིང་ནང“གཙོ་གནད་གཅིག་དང་ས་གནས་མང་པོ་དང་“དཀར་དབྱི་གླིང་ཁུལ”བཅས་བསྐྲུན་རྒྱུ་དང་དེའི་ནང་གཙོ་གནད་གཅིག་ནི་ཅང་ཨན་རྫོང་གི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ས་ཁོངས་གཏན་འཁེལ་བྱ་རྒྱུ་དང་། ས་གནས་མང་པོ་ཞིག་སྟེ་དབྱི་པིན་གྱི“1+6”ཐོན་ལས་གླིང་ཁུལ་གི་འབྲེལ་ཡོད་ས་ཁོངས་ཡིན་པ་རེད། ཐོན་ལས་འཕེལ་ཕྱོགས་ནི་གཏེར་ཁ་ལས་སྣོན་ཞིབ་ཚགས་དང་ལེ་ལག་ཚང་བའི་ཐོན་ལས་དང་། སྒུལ་ཤུགས་གློག་རྫས་དང་འབྲེལ་ཡོད་ལྷན་སྦྱར་ཐོན་ལས། རླུང་དང་འོད། ཆུ་སོགས་ནུས་ཁོངས་གཙང་མ་གསར་སྤེལ་བེད་སྤྱོད་ཀྱི་སྒྲིག་ཆས་བཟོ་སྐྲུན་དང་། རྒྱུ་ཆ་གསར་པའི་ཐོན་ལས། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་དེ་བཞིན་སྐྱེ་དངོས་སྨན་རྫས་ཐོན་ལས་སོགས་ཚུད་ཡོད་པ་རེད།

དེ་དང་ཆབས་ཅིག་གྲོང་ཁྱེར་དང་ཁུལ་གཉིས་ཀྱིས“དཀར་དབྱི་གླིང་ཁུལ”འཛུགས་སྐྲུན་འཕེལ་རྒྱས་གཏང་རྒྱུ་དེ་ས་གནས་དེ་གའི་གཙོ་གནད་འཆར་འགོད་དང་། སྲིད་ཇུས་གལ་ཆེན། ལོ་འཁོར་གྱི་འཆར་གཞི།

དམིགས་ཚད་ལས་འགན་བཅས་ཀྱི་ནང་བཅུག་ནས་དུས་གཅིག་ཏུ་སྐུལ་འདེད་གཏང་རྒྱུ་རེད། འབྱུང་འཕྲོད་འཕེལ་རྒྱས་དང་། ལེགས་ཆ་གསབ་རེས། གསར་གཏོད་འཕེལ་རྒྱས། མཉམ་ལས་གཉིས་ཁེ་བཅས་ཀྱི་མཉམ་ལས་རྩ་དོན་གཞིར་བཟུང་ནས་མ་དངུལ་དང་། ཐོན་ཁུངས། ཤེས་ལྡན་མི་སྣ། ཁྲོམ་ར། སྲིད་ཇུས་བཅས་ཀྱི་ཐོག་ནས་དཀར་མཛེས་ཁུལ་གྱི་ཐོན་ཁུངས་དང་སྲིད་ཇུས་ཀྱི་ལེགས་ཆ། དབྱི་པིན་གྲོང་ཁྱེར་གྱི་གནས་ཡུལ་དང་ཐོན་ལས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ་ས་ཁུལ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏང་རྒྱུ་ཡིན་པ་རེད། ཆུ་ཚད་མཐོ་བའི་མཉམ་ལས་བྱེད་པར་བརྟེན། ཐུན་མོང་ཐོག་འབད་བརྩོན་བྱས་ནས་དཀར་དབྱི་གླིང་ཁུལ་དེ་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དར་ཁུལ་གྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་སྟོན་གླིང་ཁུལ་དང་།འབྱུང་འཕྲོད་ཐཱན་ཉུང་གི་ལེགས་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དཔེ་སྟོན་ས་ཁུལ། དེ་བཞིན་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་ཐོན་ལས་རོགས་སྐྱོར་གྱི་དཔེ་མཚོན་གསར་པ་བཅས་སུ་བསྐྲུན་ནས་གྲོང་ཁྱེར་དང་ཁུལ་གཉིས་ཀྱི་ཐོན་ལས་སྟོབས་ཆེར་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ས་ཁུལ་གཉིས་ཀྱི་འཕར་གཞི་གསར་པ་གྲུབ་ནས་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:མཛེས་སྡུག་བརྗིད་ཆགས་ལྡན་པའི་བོད་གྲོང་།
  • ལེ་ཚན་རྗེས་མ།:རྟ་ཐོག་སྐོར་སྲུང་རུ་ཁག་གིས་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།