ཞིང་ལས་དངུལ་ཁང་དཀར་མཛེས་ཁུལ་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་འདེགས་ཀྱིས་དཔྱིད་རྨོད་ལ་རོགས་དན་བྱས།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2022-03-21

ད་སྔར་དཔྱིད་རྨོད་གྲ་སྒྲིག་བྱེད་པའི་དུས་སྐབས་གལ་ཆེན་དུ་སླེབས་པས། ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས“ཞིང་གསུམ”ཁྱབ་ཁོངས་ཀྱི་ཚོང་གཉེར་བྱེད་པོ་ལ་དངུལ་རྩའི་ཞབས་འདེགས་ཞུས་ནས་དཔྱིད་རྨོད་ཐོན་སྐྱེད་བདེ་བླག་ངང་སྤེལ་བར་རོགས་སྐྱོར་བྱས་པ་རེད།

དཀར་མཛེས་ཁུལ་ཡན་ལག་དངུལ་ཁང་གིས་རྒྱལ་ཁབ་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་དང་དབུལ་ཐར་རྫོང་སོགས་གཙོ་གནད་ས་ཁོངས་དང་། འདེབས་འཛུགས་ལས་རིགས། ཞིང་ལས་ཐོན་སྐྱེད་རྒྱུ་ཆ། ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་ལེན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་དངུལ་ཁང་ཁག་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དུ་ཚོང་གཉེར་མཁན་གྱི་ཕྱོགས་བསྡུས་དངུལ་རྩའི་དགོས་མཁོ་མཐིལ་རྟོགས་བྱས་ནས། རྒྱ་ཆེ་བའི་ཞིང་འབྲེལ་ཚོང་གཉེར་མཁན་ལ་ཕྱི་རུ་འགྲོ་མི་དགོས་པར་ལས་ཆོད་ཆེ་བ་དང་སྟབས་བདེ་བའི་དཔྱིད་རྨོད་ཐོན་སྐྱེད་ཀྱི་དངུལ་རྩའི་ཞབས་འདེགས་འདོན་སྤྲོད་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འདིར་རིམ་རྩིས་བྱས་པ་ལྟར་ན། དཀར་མཛེས་ཁུལ་ཡན་ལག་དངུལ་ཁང་གིས་ཁེ་ལས་དུད་ཁྱིམ41དང་ཞིང་དུད1318ལ་དཔྱིད་རྨོད་གྲ་སྒྲིག་དངུལ་བུན་སྒོར་དུང་ཕྱུར5.51བཏང་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་བྱེད་པར་རོགས་རམ་བྱས་པ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་ཐོན་སྐྱེད་དངོས་རྫས་མཁོ་སྤྲོད་བྱས།
  • ལེ་ཚན་རྗེས་མ།:​མགྱོགས་ཐུག་གི་སྐྱུར་ཚལ་བཟོ་སྟངས་བཙོག་པ་ཞིག་དམར་རྗེན་དུ་བཏོན།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10