ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 2022-12-29
ཏོག་གསར་ནད་དུག་གི་དུས་བབ་གང་འདྲ་ཡིན་པ་དང་ནད་གཞི་ལྕི་བའི་བསྡུར་གྲངས་ག་ཚོད་ཡོད་དམ། རྒན་རྒོན་སོགས་གཙོ་གནད་མི་ཚོགས་ལ་ཇི་ལྟར་འགན་ལེན་བྱེད་དགོས་སམ་ཞེ་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞིའི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་པས་དེར་ལན་ཆ་བྱས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཁ་ཚ་དགོས་གཏུག་གི་ལས་ཀ་ནི་སྔར་བཞིན་མང་ཚོགས་ཀྱི་སྨན་ཁང་བསྟེན་པ་དང་སྨན་སྤྱོད་རྒྱུར་འགན་ལེན་ཡག་པོ་བྱ་རྒྱུ་དེ་རེད། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་གང་འདྲ་ཡིན་ནམ། ཏོག་གསར་ནད་དུག་གིས་ནད་གཞི་ལྕི་བའི་ནད་ཐོག་མངོན་ཚུལ་གང་འདྲ་ཡིན་ནམ། རྒན་རྒོན་སོགས་གཙོ་གནད་མི་ཚོགས་ལ་ཇི་ལྟར་འགན་ལེན་བྱེད་དགོས་སམ་ཞེས་པ་སོགས་མང་ཚོགས་ནས་དོ་ཁུར་བྱེད་པའི་གནད་དོན་དེ་དག་ལ་དམིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞིས་འབྲེལ་ཡོད་རིགས་གཅིག་མཁས་པ་གདན་དྲངས་ནས་འགྲེལ་བཤད་བསྐྱོན་ཡོད།
རིགས་གཅིག་མཁས་པས། ནད་དུག་ཨའོ་སྨི་ཁེ་རོང་འགོས་ཡུལ་གཙོ་བོ་ནི་དབུགས་ལམ་སྟོད་མ་ཡིན་པ་དང་ནད་ཐོག་མངོན་ཚུལ་ཐད་ཡང་བའི་རིགས་དང་ནད་རྟགས་མི་མངོན་པའི་རིགས་ཀྱིས་90%ཡན་ཟིན་ཡོད། ཏོག་གསར་ནད་དུག་དབང་གིས་ནད་གཞི་ལྕི་པོ་ཕོག་པའི་ནད་པའི་ནད་ཐོག་གི་དོན་དངོས་གནས་ཚུལ་ཇི་ལྟར་ཡིན་ནམ་ཞེ་ན། པེ་ཅིང་སྨན་ཁང་གི་འབྱིན་རྡུབ་དང་ནད་གཞི་ལྕི་བའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་ལི་ཡན་མིང་གིས། ང་ཚོའི་སྨན་ཁང་ནི་རྒྱལ་ཁབ་ཀྱི་རྒན་རྒོན་གསོ་རིག་ཞིབ་འཇུག་ལྟེ་གནས་ཤིག་རེད། འདིར་སླེབས་པའི་ནད་པ་མང་ཆེ་བ་ནི་རྒན་རྒོན་གྲོགས་པོ་ཡིན་ལ་ནད་གཞི་ལྕི་བའི་ནད་པ་ཡང་ཡོད། ཏོག་གསར་ནད་དུག་འགོས་པའི་རྗེས་ཁོང་ཚོར་ཚ་བ་བརྒྱབ་ནས་དབུགས་འབྱིན་རྔུབ་དཀའ་བའི་གནས་ཚུལ་ཐོན་ནས་ནད་གཞི་ཚབས་ཆེ་རུ་འགྲོ་གི་ཡོད། དུས་ཐོག་ཏུ་སྨན་བཅོས་བྱེད་པ་བསྐྱོད་ན་ སྨན་བཅོས་ལེགས་གྲུབ་ཐུབ་ཚད་དེ་བས་ཆེ་བ་ཡོད། སྤྱིའི་ཆ་ནས་བཤད་ན། མིག་སྔར་སྤྱིའི་ཆ་ནས་བལྟས་ན་དྲག་སྐྱེད་རྗེས་ཀྱི་གནས་ཚུལ་ཡང་ཡག་པོ་ཡོད་ཅེས་གསུངས་འདུག
རྒན་རྒོན་རྣམས་ཁྱིམ་དུ་ཚ་བ་བརྒྱབ་པའམ་ཡང་ན་ཏོག་གསར་ནད་དུག་གི་ནད་རྟགས་ཐོན་ཚེ་ངེས་པར་དུ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་དགོས། རིགས་གཅིག་མཁས་པ་ཐུང་ཀྲའོ་ཧུའེ་ཡིས། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གཙོ་གནད་དེ་ནད་དུག་འགོས་རྒྱུ་སྔོན་འགོག་བྱེད་པ་ནས་ནད་གཞི་ཚབས་ཆེན་སྔོན་འགོག་བྱེད་པའི་བར་གྱུར་ཡོད་ཅེས་གསུངས་འདུག
རིགས་གཅིག་མཁས་པས། ན་གཞོན་དང་དར་མ་ཚོར་ཚ་བ་བརྒྱབ་པ་དང་། དབུགས་ལམ་གྱི་ནད་རྟགས་ཁག་གཅིག་ཐོན་ན་སྤྱིར་རང་གིས་ནད་བསྟུན་ཐག་གཅོད་ཐུབ་པ་སྟེ། ཁྱིམ་དུ་ངལ་གསོ་བ་དང་། ཆུ་མང་ཙམ་འཐུང་བ། གཉིད་མང་ཙམ་ཉལ་བ། འཚོ་བཅུད་ཁ་གསབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པ་ཡིན་ན་དྲག་སྐྱེད་ཡོང་ཐུབ་ཅེས་བཤད་ཆོག དེས་ན་སྨན་ཁང་གི་དོས་དྲག་དང་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་ཐོན་ཁུངས་རྒན་རྒོན་ཚོར་འཇོག་པ་དང་རྨང་གཞིའི་ནད་གཞི་གསོ་བཅོས་བྱེད་མཁན་ཚོར་སྤྲད་ན་ཡག་པོ་ཡོད། རྒྱུ་མཚན་ནི་ཁོང་ཚོར་སྨན་ཁང་དུ་བརྟག་དཔྱད་སྔར་ལས་ལྷག་པ་བྱེད་པའི་དགོས་མཁོ་ཡོད་ཅེས་གསུངས་འདུག
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10