2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-12-27

2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།


       སྤྱི་ཚེས་21ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤྱི་ལོ་2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ་བདམས་ཡོད་པ་རེད། 
 

2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།

 

       དང་པོ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་གཉེར་བ་དང་། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་བཟང་ཐོབ་པ།
 

2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།

 

       གཉིས་པ། ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ལོ་བཅུ་དྲུག་སོང་རྗེས་སླར་ཡང་ཨ་ཤེ་ཡའི་བུམ་པའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ། 
 

2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།

 

       གསུམ་པ། ཀྲུང་གོའི་ལུས་སྦྱོང་སྐྱེས་པའི་རུ་ཁག་གིས་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་གསེར་གྱི་རྟགས་མའི་བླངས་ནས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་དེའི་འགྲན་བསྡུར་ནང་ཞུགས་ཆོག་པའི་ཐོབ་ཐང་ཐོབ་པ། 
 

2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།

 

       བཞི་པ། སྐབས་56པའི་འཛམ་གླིང་ཕིང་ཕང་སྤོ་ལོའི་ཚོགས་པའི་འགྲན་བསྡུར་དེ་ཁྲེང་ཏུའུ་རུ་སྤེལ་ཞིང་། ཀྲུང་གོའི་རུ་ཁག་གིས་ཕོ་མོ་ཚོགས་པའི་ཨང་དང་པོ་བླངས་པ།
 

2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།

 

       ལྔ་པ། ཝང་ཅ་ནན་ལ་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་སྐྱེས་པའི་རྒྱང་མཆོང་གི་གསེར་གྱི་རྟགས་མ་ཐོབ་ནས་ཀྲུང་གོའི་སྐྱེས་པའི་རྒྱང་མཆོང་གི་འཛམ་གླིང་གི་ཨང་དང་པོ་ཐོག་མར་གྱུར་བ། 
 

2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།

 

       དྲུག་པ། ལི་པིང་ཅེས་སྐར་མ་3དང་སྐར་ཆ་51དང་སྐར་ཆ་30ཡི་ཐོག་ནས་བུད་མེད་ཀྱི་སྨི་400ཡི་རང་མོས་ཆུ་རྐྱལ་རྫིང་བུའི་འཛམ་གླིང་ཟིན་ཐོ་གསར་པ་བཏོད་པ། 
 

2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།

 

       བདུན་པ། ཀྲུང་གོའི་ལྗིད་འདེགས་ལུས་རྩལ་པ་ལི་ཧྥ་པིན་གྱིས་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཐོག་གསེར་གྱི་རྟགས་མ་གསུམ་བླངས་ནས་རྒྱ་མ་175བཏེགས་ཏེ་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་བ། 
 

2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།

 

       བརྒྱད་པ། རྒྱལ་སྤྱིའི་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ་18བླངས་པ་མ་ཟད་བྱ་དགའི་རྟགས་མའི་ཨང་དང་པོ་ཡང་བླངས་པ་དང་། ཀྲུང་གོའི་རྐྱལ་མཆོང་རུ་ཁག་གིས་གསེར་གྱི་རྟགས་མ་13ཚང་མ་བླངས་ནས་ཀྲུང་གོའི་སྣ་མང་ཆུ་རྐྱལ་རུ་ཁག་གིས་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད། 
 

2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།

 

       དགུ་པ། ཀྲུང་གོའི་སྐྱེས་པའི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་ལོ་བཅུ་སོང་རྗེས་སླར་ཡང་ཨ་ཤེ་ཡའི་བུམ་པའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ། 
 

2022ལོའི་རྒྱལ་ནང་གི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།

 

       བཅུ་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ལ་ཨོ་ལིམ་ཕིག་གི་གསེར་འཁོར་བྱ་དགའི་རྣམ་གྲངས་ལྔ་ཐོབ་པ་མ་ཟད་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་སྒྲིག་བཟོ་བྱེད་མང་ཤོས་ཀྱི་གན་རྒྱ་བཞག་པའི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་གྱུར་བ།

  • ལེ་ཚན་སྔོན་མ།:གཏན་འབེབས་གསར་པ་འདི་ཚོ་སང་ལོའི་ཟླ་བ་དང་པོར་ལག་ལེན་བྱ་རྒྱུ།
  • ལེ་ཚན་རྗེས་མ།:བསམ་བློ་གསར་པས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྣེ་ཁྲིད་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།