ཤུགས་སྣོན་རིམས་ཐར་འགོག་ཁབ་ཐེངས་2པ་རྒྱག་ཐབས་ཡོངས་བསྒྲགས་བྱས་འདུག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-12-22

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་སྤྱི་ཚེས་13ཉིན《ཏོག་གསར་ནད་དུག་གི་ཤུགས་སྣོན་རིམས་ཐར་འགོག་ཁབ་ཐེངས་གཉིས་པ་རྒྱག་པའི་ལག་བསྟར་བྱེད་ཐབས》ཞེས་པ་དཔར་འགྲེམ་བྱས་པ་དང་། གཙོ་གནད་ནང་དོན་གཤམ་གསལ་ལྟར་ཡིན།

       ■ དམིགས་འབེན་མི་ཚོགས།

       ད་ལྟའི་དུས་རིམ་ལ་ཤུགས་སྣོན་རིམས་ཐར་འགོག་ཁབ་ཐེངས་དང་པོ་བརྒྱབ་པའི་རྨང་གཞིའི་ཐོག ནད་འགོས་ཉེན་ཁ་ཆེ་བའི་མི་ཚོགས་དང་ལོ་60ཡན་གྱི་རྒན་རྒོན་མི་ཚོགས། ཅུང་ཚབས་ཆེ་བའི་རྨང་གཞིའི་ནད་རིགས་ཕོག་ཡོད་པའི་མི་ཚོགས། རིམས་ཐར་ནུས་པ་ཞན་པའི་མི་ཚོགས་བཅས་ཀྱི་ཁྲོད་ཤུགས་སྣོན་རིམས་ཐར་འགོག་ཁབ་ཐེངས་གཉིས་པ་རྒྱག་རྒྱུ།

       ■ འགོག་ཁབ་གདམ་གསེས།

       འགོག་ཁབ་ཞིབ་བཟོ་ལས་དོན་གྱི་འཕེལ་རིམ་གཞིར་བཟུང་ན། ཆ་རྐྱེན་ཟུར་བཀོད་བྱས་ནས་ཁྲོམ་རར་འདོན་ཆོག་པའི་ཆོག་མཆན་ཐོབ་པའམ་འཕྲལ་མྱུར་བེད་སྤྱོད་བྱས་པའི་འགོག་ཁབ་ཚང་མ་ཤུགས་སྣོན་རིམས་ཐར་འགོག་ཁབ་གཉིས་པར་སྤྱོད་ཆོག སྔོན་ལ་གོ་རིམ་ལ་བསམ་གཞིགས་བྱས་ནས་ཤུགས་སྣོན་རིམས་ཐར་འགོག་ཁབ་རྒྱག་པའམ། ཡང་ན་ཨོ་སྨི་ཁེ་རོང་དུག་སྲིན་འདུས་པའམ་ཨོ་སྨི་ཁེ་རོང་དུག་སྲིན་ལ་སྣོལ་འདྲེས་རིམས་ཐར་ནུས་པ་ལེགས་པོ་ཡོད་པའི་འགོག་ཁབ་སྤྱད་ནས་ཤུགས་སྣོན་རིམས་ཐར་འགོག་ཁབ་ཐད་སྤྱོད་དགོས། 

       ■ དུས་ཚོད་བར་མཚམས།

       རྒྱལ་ཁབ་ཕྱི་ནང་གི་དངོས་ཡོད་འཇིག་རྟེན་གྱི་ཞིབ་འཇུག་དང་ནད་ཐོག་ཚོད་ལྟའི་གྲངས་གཞི་གཞིར་བཟུང་ཞིང་། རང་རྒྱལ་གྱི་འགོག་ཁབ་རྒྱག་ཚུལ་གྱི་དངོས་ཡོད་གནས་ཚུལ་ལ་ཟུང་འབྲེལ་བྱས་ན། ཤུགས་སྣོན་རིམས་ཐར་འགོག་ཁབ་དང་ཤུགས་སྣོན་རིམས་ཐར་འགོག་ཁབ་ཐེངས་དང་པོའི་བར་ཟླ་བ་6ཡན་གྱི་བར་མཚམས་འཇོག་དགོས།

       ■ བདེ་འཇགས་འགན་ལེན།

       ས་གནས་ཁག་གིས་མུ་མཐུད་དུ་འགོག་ཁབ་བདེ་ཐང་གལ་ཆེ་ཤོས་སུ་བཟུང་ནས། ནན་ཏན་གྱིས《འགོག་ཁབ་རྒྱག་པའི་ལས་དོན་ཚད་གཞི》ཡི་བླང་བྱ་ལྟར་འགོག་ཁབ་རྒྱག་པའི་ལས་དོན་རྩ་འཛུགས་ཚད་ལྡན་བཟོ་དགོས།

       ས་གནས་ཁག་གི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་འགོག་ཁབ་རྒྱག་མཁན་སྡེ་ཚན་དུ་རིམ་པ་གཉིས་པ་ཡན་གྱི་ཕྱོགས་བསྡུས་སྨན་ཁང་གི་འཕྲལ་བཅོས་མྱུར་སྐྱོབ་མི་སྣས་བཅའ་སྡོད་འགན་སྲུང་དང་། མྱུར་སྐྱོབ་སྒྲིག་ཆས་དང་སྨན་རྫས་ཡོད་པ། 120མྱུར་སྐྱོབ་རླངས་འཁོར་གྱི་ཡུལ་དངོས་ལས་རེས་ལྟ་སྲུང་ཡོད་པ། རིམ་པ་གཉིས་པ་ཡན་གྱི་ཕྱོགས་བསྡུས་སྨན་ཁང་གི་སྐྱོབ་བཅོས་གེགས་མེད་བགྲོད་ལམ་གྱི“བཞི་ལྡན”བླང་བྱ་ཡོད་པ་བཅས་ལག་ལེན་དོན་འཁྱོལ་བྱས་ནས། འགོག་ཁབ་རྒྱག་པའི་བདེ་འཇགས་འགན་སྲུང་བྱེད་དགོས།

       འགོག་ཁབ་རྒྱག་མཁན་སྡེ་ཚན་གྱིས་ཤུགས་སྣོན་རིམས་ཐར་འགོག་ཁབ་རྒྱག་པའི་ཆ་འཕྲིན་ཐོ་འགོད་དང་འགོག་ཁབ་འགྲོ་ཕྱོགས་དོ་དམ་ལེགས་པར་བསྒྲུབས་ནས། 

       དུས་ཐོག་ཏུ་ཡང་དག་པའི་སྒོ་ནས་རིམས་ཐར་འཆར་འགོད་ཆ་འཕྲིན་མ་ལག་དང་འགོག་ཁབ་རྒྱག་པའི་དཔང་རྟགས་ཁྲོད་ཀྱི་འགོག་ཁབ་བརྒྱབ་པའི་ཟིན་ཐོའི་འབྲེལ་ཡོད་ནང་དོན་གསར་བསྒྱུར་བྱེད་དགོས།

  • ལེ་ཚན་སྔོན་མ།:ཐོན་སྐྱེད་དང་ལས་གནས་སླར་གསོའི་ཐད་དྲན་སྐུལ་6བཏོན་འདུག
  • ལེ་ཚན་རྗེས་མ།:ཏོག་གསར་ནད་པ་ཁྱིམ་སྡོད་སྨན་བཅོས་སྐོར་གྱི་དྲིས་ལན་ལྔ།
  • དོ་སྣང་ཆེ་བའི་རྩོམ།