མི་རིགས་ཁག་ཕུགས་འདུན་དོན་གཉེར་གྱི་ལམ་བུ་གསར་པར་སྙེག།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-12-15

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་པ་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་བསྐྲུན་ཞེས་བསྟན་གནང་ཡོད། འདི་ནི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དམིགས་ཡུལ་ཡང་ཡིན། བསམ་འདུན་དང་དམིགས་ཡུལ་འདི་མངོན་འགྱུར་ཡོང་བར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོའི་སྟོབས་ཤུགས་དང་འབྲལ་ཐབས་མེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་གཅིག་གྱུར་ཇུས་འགོད་དང་སྐུལ་འདེད་བཏང་ཐོག། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཅང་རྒྱུ་གཙོ་རྐང་དུ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། དམིགས་བསལ་ལེ་ཚན《ཕུགས་འདུན་དོན་གཉེར་གྱི་ལམ་བུ་གསར་པར་སྙེག》ཅེས་པ་ལས་དེ་རིང་།《ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་པ་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་བསྐྲུན》ཞེས་པ་གཏོང་སྤེལ་བྱ་རྒྱུ་ཡིན།

   ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་མི་རིགས་ཁག་གིས་ལག་གདང་དཔུང་སྦྲེལ་དང་དཔུང་པ་མཉམ་གཤིབ་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་པའི་གཙོ་རྐང་དེ་དམ་པོར་བཟུང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ཁྲོད་དུ་མི་རིགས་ཁག་སེར་འབྲུའི་འབྲུ་གུ་བཞིན་དམ་པོར་འབྲེལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། མི་རིགས་ཁག་གི་ལས་བྱེད་པས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ཤེས་རྟོགས་དང་ལག་བསྟར་བྱས་ཏེ། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གནས་བབ་ཧྲིལ་པོ་དང་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་གྱི་མཐོ་ཚད་ནས། གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འགོད་པ། ལས་དོན་ལ་དམ་འཛིན་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་རྒྱུར་ཕན་པའི་ལས་དོན་མང་ཙམ་བསྒྲུབ་དགོས་པ་མ་ཟད། དེ་བས་གཏིང་ཟབ་དང་དེ་བས་ཞིབ་ཚགས་ངང་བསྒྲུབ་དགོས།
   གཙང་ལ་གྲལ་འགྲིག་པའི་ཤ་མོའི་ཁང་པ་དང་། གཙང་ཞིང་དག་པའི་རྡོ་གཅལ་ལམ། ལོ་ངོ་སྟོང་གི་ཧ་ཉི་སྐས་ཞིང་གིས་ལོ་བརྒྱའི་ལོ་རྒྱུས་ལྡན་པའི་གནའ་བོའི་གྲོང་ཚོ་བསྐོར་ཡོད་པ་སྟེ། ད་ཆ་ཡུན་ནན་ཧུང་ཧོ་ཀྲོའུ་ཡོན་དབྱང་རྫོང་ཨ་ཀྲེ་ཁོའོ་གྲོང་ཚོར་སྐྱོད་སྐབས། ཤམ་བྷ་ལའི་ཞིང་ཁམས་སུ་སླེབས་པ་ལྟར་དུ་སྣང་། འོན་ཀྱང་2018ལོའི་གོང་། ཧ་ཉི་རིགས་ཀྱི་སྲོལ་རྒྱུན་གྲོང་ཚོ་ཡིན་པའི་ཨ་ཀྲེ་ཁོའོ་གྲོང་ཚོ་ནི་ཡོན་དབྱང་རྫོང་གི་དབུལ་ཕོངས་དཔེ་མཚོན་གྲོང་ཚོ་ཞིག་ཡིན། ཧ་ཉི་རིགས་ཀྱི་གྲོང་མི་ཀའོ་མེ་ཧྭ་ཡིས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་བ་ནས་བཟུང་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་སོང་། ངའི་ཁྱིམ་ལ་ཁེ་སྤོགས་བགོ་རྒྱུ་ཡོད་པས་མི་ཚད། ང་ལའང་གཏན་འཇགས་ཀྱི་གླ་ཕོགས་ཡོད། སླད་ཕྱིན་ང་ཚོ་ཨ་ཀྲེ་ཁོའོ་ཡི་འཚོ་བ་ཧ་ཅང་སྐྱིད་པོ་ཞིག་རོལ་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
   དབུལ་སྒྲོལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་། དེང་རབས་ཅན་བཅས་ཀྱི་ནང་མི་རིགས་གཅིག་ཀྱང་ཆད་མི་རུང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གངས་ལྗོངས་ས་མཐོ་དང་རྩྭ་ཐང་བྱེ་ཐང་ངམ། ཡང་ན་གཡང་གཟར་དང་མཐའ་མཚམས་རི་ཁུལ་གང་ཡིན་རུང་། དབུལ་སྒྲོལ་འགག་གཏོར་དང་ཕྱོགས་ཡོངས་འབྱོར་འབྲིང་གི་ཉི་འོད་གང་སར་འཕྲོས་ཡོད། མི་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་བརྒྱ་ཆ་7.7འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་བརྒྱ་ཆ་10.2འཕར་ཡོད། མི་རིགས་ས་ཁུལ་གྱི་རྣམ་པར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
   ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་ཨ་ཁེ་སའེ་ཧ་སག་རིགས་རང་སྐྱོང་རྫོང་ཅིན་ཧྲན་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱེད་སྒོའི་ལྟེ་གནས་སུ། ཅིན་ཧྲན་ཨ་ན་གླུ་གཞས་མཉམ་གཏོང་ཚོགས་པའི་ཁོངས་མི་ཚོས་ནང་སྦྱོང་བྱེད་བཞིན་ཡོད་པ་དང་། མི་རིགས་མཐུན་སྒྲིལ་གྱི་གླུ་གཞས་གཏོང་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཨ་ཁེ་སའེ་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་སྤེལ་ཡུལ་སྣ་ཚོགས་བསྐྲུན་པར་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གསར་སྤེལ་དང་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལེགས་སྒྲིག་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་ཡང་སྤེལ་ཡོད། སྡེ་ཁུལ་གྱི་ལས་བྱེད་པ་ཞུས་ཧུའེ་ཕིང་གིས། ང་ཚོ་ཅིན་ཧྲན་སྡེ་ཁུལ་གྱིས་སྔ་རྗེས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་འགྲེམས་ཁང་དང་། བྱེད་སྒོ་ལྟེ་གནས། ལག་ཤེས་འཚེམ་དྲུབ་ཁང་། བརྗོད་དོན་གཙོ་བོའི་ཐང་ཆེན་སོགས་བསྐྲུན་ནས། མི་རིགས་ཁག་གི་མང་ཚོགས་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དང་མི་རིགས་ཀྱི་དུས་ཆེན་གྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་པས། མི་རིགས་ཁག་གི་མི་སེམས་གཅིག་ཏུ་འགྲིལ་བ་དང་གཅིག་སེམས་གཅིག་ལ་བརྟེན་ཐུབ་པ་བྱུང་སྟེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཡར་བརྩོན་གྱི་བསམ་པའི་འབྲེལ་ཐག་ཆེན་པོ་ཞིག་ཆགས་ཡོད་ཅེས་གསུངས་པ་རེད།
   ཉིན་འདི་དག་ནང་། ནང་སོག་སུའུ་ཉི་ཐེ་ཡིའུ་ཆི་ཝུའུ་ལན་མུའུ་ཆིས་ཚ་ཚ་འུར་འུར་ངང་ལེ་ཚན་གསར་པ་ནང་སྦྱོང་བྱེད་པ་དང་ཆབས་ཅིག། སྔ་རྗེས་སུ་སུའུ་མུའུ་དང་གྲོང་རྡལ་དུ་བསྐྱོད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་རིག་རྩལ་བརྩམས་ཆོས་ནང་མཉམ་འདྲེས་བྱེད་བཞིན་ཡོད་པ་རེད། སུའུ་ཉི་ཐེ་ཡིའུ་ཆིའི་ཨའོ་མིན་ཐ་ལ་ཀ་ཁྲ་ཡི་འབྲོག་པ་རིན་ཆེན་གྱིས། ཝུའུ་ལན་མུའུ་ཆིའི་དྲིལ་བསྒྲགས་དང་སྒྲོག་འགྲེལ་བརྒྱུད་ང་ཚོས་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཤེས་རྟོགས་ཐུབ་བྱུང་། ང་ཚོ་མི་རིགས་ཁག་གིས་ངེས་པར་དུ་ཕན་ཚུན་མཐུན་སྒྲིལ་དང་ཕན་ཚུན་རོགས་རམ་བྱེད་དགོས། དེ་ལྟར་བྱས་ཚེ་ང་ཚོ་འཕེལ་རྒྱས་དེ་བས་ལེགས་པ་ཡོང་ཐུབ་ཅེས་གསུངས་པ་རེད།
     མི་རིགས56རྡོག་རྩ་གཅིག་སྒྲིལ་བྱས་པས། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོའི་ཀྲུང་གོ་འདི་ཉིད་ཕྱོགས་གང་དུ་བསྐྱོད་ཀྱང་མི་རྒྱལ་བ་མེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་རྐང་དུ་བཟུང་བ་དང་། ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བློ་གཅིག་སེམས་གཅིག་དང་སེམས་ནུས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་ནས། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།

  • ལེ་ཚན་སྔོན་མ།:ལན་ཧྭ་ཆིང་ཝུན་གྱི་རིན་གོང་ཧམ་སྤོར་བྱེད་མཁན་ལ་ཞིབ་གཅོད་བྱས་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།