ཁུལ་མི་དམངས་འཐུས་ཚོགས་ཀྱིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས།

ནོར་བུས་བསྒྱུར།        2022-12-14

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་རྒྱས་འཛོམས་ཚོགས་འདུ་འཚོགས་ནས་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་བྱས།

ཁུལ་མི་དམངས་འཐུས་ཚོགས་ཀྱིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས།

   སྤྱི་ཟླ12པའི་ཚེས13ཉིན་གྱི་ཕྱི་དྲོར། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ཚོགས་འདུ་གཙོ་སྐྱོང་བྱས་ནས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་རྫོང་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པས་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ཆེད་དོན་སློབ་སྦྱོང་ལག་བསྟར་བྱ་བར་སྒྲིག་འཛུགས་བྱས་པ་རེད།

   གྲོས་ཚོགས་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཞིང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བཅས་ཀྱི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་ནི་ཁུལ་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་དུ་བསྟར་བ་དང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་གསོན་ཉམས་ལྡན་པའི་ལག་ལེན་དང་ཕན་འབྲས་བཟང་པོར་ཤུགས་སྣོན་དང་ལེགས་བཅོས་ཏན་ཏིག་བཅས་བྱེད་དགོས།

   ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཁུལ་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱིས་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་བྱེད་པའི་ཚ་རླབས་མུ་མཐུད་དེ་འཕྱུར་བ་བྱས་ནས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཀྱི་ལེའུ་ཡག་པོ་འགོད་པའི་བླ་ན་མེད་པའི་བྱ་གཞག་ཐོག་གཅིག་སྡུད་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

   གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ལས་བཟོ་པས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཞིང་ཆེན་ཨུ་ལྷན་གྱི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བཅས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཟུང་འབྲེལ་བྱས་ནས། ཞིབ་འཇུག་ཞིབ་ཚགས་དང་ཁོང་དུ་ཆུད་པར་བྱེད་པའི་ཐད་མུ་མཐུད་དེ་ཤུགས་རྒྱག་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་འགན་གཙོ་བོ་དང་རང་སྟེང་གི་ལས་གནས་ལ་དམ་པོར་དམིགས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དངོས་བསྒྱུར་དམ་འཛིན་བྱ་དགོས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་དོན་འཁྱོལ་བྱ་རྒྱུར་སྔར་བས་སྐུལ་འདེད་དང་། སྤུས་ཚད་མཐོ་བའི་ངང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་གྲ་སྒྲིག་བྱས་ནས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལོ་འཁོར་གྱི་ལས་འགན་ལེགས་སྒྲུབ་བྱས་ནས2023ལོའི་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་གཙོ་གནད་དང་སླད་ཕྱིན་དུས་སྐབས་ཤིག་དང་། ལྷག་པར་དུ་སང་ལོའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་དང་། མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་ལེགས་ཆར་བརྟེན་ནས་དཀར་མཛེས་དེང་རབས་ཅན་འཛུགས་སྐྲུན་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས།

  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་ནགས་རྩྭའི་མེ་ཟོན་དང་འབྲེལ་བའི་ཚོགས་འདུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།