ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

ཐུབ་བསྟན་དང་མཁས་གྲུབ་ཀྱིས་བསྒྱུར།        2022-12-12

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

2022ལོའི་སྤྱི་ཟླ12པའི་ཚེས9ཉིན་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་གྲོས་འཆམ་བྱུང་།

ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

2022ལོའི་སྤྱི་ཟླ12པའི་ཚེས9ཉིན་ལ། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དར་མདོར་འཚོགས་པ་རེད།

ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གསུང་བཤད་གནང་བཞིན་པ།

 

   2022ལོའི་སྤྱི་ཟླ12པའི་ཚེས9ཉིན་ལ། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དར་མདོར་འཚོགས་པ་རེད།

   ཚང་འཛོམས་གྲོས་ཚོགས་སུ་ཁུལ་ཨུའི་ཨུ་ཡོན59དང་། རྗེས་སྣོན་ཨུ་ཡོན10ཞུགས་ཡོད། ཁུལ་སྒྲིག་བཤེར་ཨུ་ལྷན་དང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་འཐུས་མི་ཁ་ཤས་ཀྱང་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད།

   ཚང་འཛོམས་གྲོས་ཚོགས་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གསུང་བཤད་གནང་བ་རེད།

   ཚང་འཛོམས་གྲོས་ཚོགས་སུ་ཧྲེན་དབྱང་གིས་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚབ་མཛད་དེ་ཞུས་པའི་ལས་དོན་སྙན་སེང་ལ་ཉན་འཇོག་དང་གྲོས་བསྡུར་བྱས་ཤིང་།ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས་མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་པའི་སྐོར་གྱི་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་གཏན་འབེབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཧྲེན་དབྱང་གིས་གཏན་འབེབས་ཀྱི་གྲོས་བསྡུར་འཆར་ཟིན་སྐོར་ཚང་འཛོམས་གྲོས་ཚོགས་སུ་གསལ་བཤད་གནང་བ་རེད།

   ཚང་འཛོམས་གྲོས་ཚོགས་སུ་ངོས་འཛིན་བྱུང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་འགྲོ་ལམ་གསར་པར་སྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་གནད་འགག་གི་དུས་སྐབས་ལ་འཚོགས་པའི་ཚོགས་ཆེན་ཤིན་ཏུ་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བར་བྱེད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་བཀོད་སྒྲིག་གཏན་འབེབས་བྱས་ཤིང་། དེ་ནི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་བསྐུལ་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཀྱིས་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་སྣེ་ཁྲིད་པ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གཉིས་ཀྱི་དཔལ་འབྱོར་ཁུལ་བསྐྲུན་རྒྱུ་སྤྱིའི་ཁྲིད་སྣེ་རུ་བྱེད་པ་དང་། ཅན་བཞི་མཉམ་སྤེལ་དང་གྲོང་ཡུལ་མཉམ་འདྲེས། གནས་ལྔ་མཉམ་དར་ཡོང་བ་སྤྱིའི་གཞི་འཛིན་སར་བྱེད་ཅིང་། ཆབ་སྲིད་ལ་དང་དོད་དང་། འཕེལ་རྒྱས་དོན་དུ་གཉེར་བ། དམངས་འཚོར་ཕན་པ། བདེ་འཇགས་འགན་སྲུང་ཐུབ་པ་བཅས་ཀྱི་ལས་དོན་སྤྱིའི་བསམ་ཕྱོགས་རྒྱུན་འཁྱོངས་ཏེ། སི་ཁྲོན་བཅོས་སྐྱོང་དར་སྤེལ་ཡང་བསྐྱར་སྐས་རིམ་གསར་པར་བསླེབ་པར་བསྐུལ་བ་དང་། རྒྱང་སྐྱོད་གསར་པར་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམ་གང་ཐུབ་བྱ་དགོས་པ་བཏོན་ཡོད། ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་མཐར་ཕྱིན་བསྟར་དགོས་ཤིང་།  “གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་བྱེད་པ་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བསྟན་དོན་ཕུན་སུམ་ཚོགས་པ་ཁོང་དུ་ཆུད་པ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཀྱིས་སི་ཁྲོན་དེང་རབས་ཅན་སྐྲུན་པའི་འགན་འཁྲི་ལས་འགན་ཁོང་དུ་ཆུད་པ་བྱས་ཏེ། དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་སྔར་བས་གསལ་པོར་གོ་བ་དང་། རང་རྟོགས་ཀྱིས་དུས་རབས་ཀྱི་འགན་འཁྲི་འཁུར་བ་དང་། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་ཐུབ་པ་དང་། དཀར་མཛེས་ཁུལ་གྱི་ཁྱད་ཆོས་མངོན་པ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་ཞུགས་པའི་དེང་རབས་ཅན་གྱི་ལམ་བུར་བསྐྱོད་གང་ཐུབ་བྱས་ཏེ། དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་ཡོང་བ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏང་དགོས།

   ཚང་འཛོམས་གྲོས་ཚོགས་སུ་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་ནས་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་གདེང་འཇོག་གང་ལེགས་བྱས་ཤིང་། གཅིག་མཐུན་གྱི་ངོས་འཛིན་བྱུང་དོན། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲ་བརྟན་འགོ་ཁྲིད་འོག། ཁུལ་ཨུས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་ཀྱི་དར་ཆ་རླབས་པོ་ཆེ་མཐའ་གཅིག་ཏུ་མཐོན་པོར་བསྒྲེངས་ཤིང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་པ་དང་། ཞི་ཅིན་ཕིང་སི་ཁྲོན་དུ་ཕེབས་ནས་རྟོག་གཟིགས་ཞིབ་གནང་བ་སོགས་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། དུས་རབས་ཀྱི་འགན་འཁྲི་ལྷོད་མེད་ཁུར་ཞིང་། ཏང་སྐྱོང་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་བ། བཀོད་སྒྲིག་གལ་ཆེན་དང་ལས་དོན་བཀོད་སྒྲིག་རབ་དང་རིམ་པ་བྱས་ཤིང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཁུལ་ཕྱི་ནང་གི་གནས་བབ་ཛ་དྲག་རྙོག་འཛིང་ཆེ་བ་དང་ཉེན་ཁ་དང་འགྲན་སློང་ཆེན་པོ་གཅིག་རྗེས་གཉིས་མཐུད་དེ་བྱུང་བར་ཁ་གཏད་གོ་ཆོད་པོ་བྱས་ནས། བྱ་གཞག་ཁག་ལ་གོང་འཕེལ་གསར་པ་འབྱུང་བར་བསྐུལ་བ་དང་། སྤྱི་ཚོགས་རྒྱུན་སྲིང་བརྟན་ལྷིང་ཡོང་བ་དང་། དཔལ་འབྱོར་རྒྱུན་སྲིང་འཕེལ་རྒྱས་ཡོང་བ། དམངས་འཚོ་རྒྱུན་སྲིང་ལེགས་བཅོས་ཡོང་བ། སྐྱེ་ཁམས་རྒྱུན་སྲིང་བཟང་ཕྱོགས་སུ་ཕྱིན་པའི་གནས་བབ་བཟང་པོ་སྲུང་འཛིན་ཐུབ་ཡོད།

   ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་ཏེ་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ལེའུ་གསར་པ་བརྩམ་གང་ཐུབ་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་ཅན་བཞི་མཉམ་སྤེལ་ཡོང་བར་བསྐུལ་བ་དང་། བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་གསར་པ་དུས་ཚོད་ཐད་གོམ་སྟབས་མཉམ་སྤོ་དང་། བར་ཁོངས་ཐད་བཀོད་སྒྲིག་གཞི་གཅིག། བྱེད་ནུས་ཐད་མཐུན་པ་མཉམ་བརྩེགས་ཡོང་བ་དང་། འབྱུང་འཕྲོད་དེང་རབས་བཟོ་ལས་གོང་འཕེལ་སྟོབས་ཆེན་གཏོང་ཞིང་། ཨང་ཀིའི་དཀར་མཛེས་ཁུལ་མགྱོགས་པར་འཛུགས་པ། གྲོང་རྡལ་ཅན་གསར་པ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བ་དང་། ཞིང་ལས་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་ཤིང་། གྲོང་ཡུལ་མཉམ་འདྲེལ་འཕེལ་རྒྱས་ཡོང་བ་མུ་མཐུད་དེ་ཤུགས་རྒྱག་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བའི་སྒྲིག་སྲོལ་ནང་སྲོལ་འཐུས་ཚང་ཡོང་བ། སྐྱེ་ཁམས་རིག་གནས་ཡུལ་སྐོར་སྤེལ་ཤུགས་ཆེ་རུ་གཏོང་ཞིང་། ཞབས་ཞུའི་མ་ལག་སྤུས་ཚད་ལེགས་ཤིང་ལས་ཆོད་ཆེ་བ་དང་དེང་རབས་ཟོང་འགྲུལ་མ་ལག་ལས་ཆོད་ཆེ་ལ་ཐོགས་ཐུག་མེད་པ་འཐུས་ཚང་བཏང་སྟེ། འཕེལ་རྒྱས་ཀྱི་ནང་སྐུལ་སྒུལ་ཤུགས་རྒྱུན་ཆད་མེད་པར་བསླང་དགོས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་སྐྲུན་པ་དང་། འགྲིམ་འགྲུལ་སྔོན་ལ་སྤེལ་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བྱེད་ཅིང་། དཀར་མཛེས་ཁུལ་ཡོང་བའི་འགྲོ་ལམ་དུ་མ་སྐྲུན་ཅིང་། ནང་ཁུལ་གྱི་འགྲིམ་འགྲུལ་དྲ་བ་ཇེ་ཡག་ཏུ་གཏོང་ཞིང་། གློག་དྲྭའི་ཤོང་རྒྱ་དང་བསགས་འབོར་ཆེ་རུ་གཏོང་བར་མུ་མཐུད་དེ་བསྐུལ་བ་དང་། དེང་རབས་ཆུ་དྲྭ་མ་ལག་མགྱོགས་པ་འཛུགས་ཤིང་། རྨང་གཞིའི་སྒྲིག་ཆས་གསར་པ་འཛུགས་པ་བཀོད་སྒྲིག་བྱ་དགོས། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་སྒུལ་ཤུགས་གསོ་ཞིང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་བའི་འཐབ་ཇུས་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ་དང་། ཁྲོམ་རའི་བྱེད་པོ་རྐང་འཛིན་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་། གནས་ཐབས། བེད་སྤྱོད་ཀྱི་ནང་སྲོལ་འཐུང་ཚང་གཏོང་ཞིང་། སྒོ་འབྱེད་ཆུ་ཚད་དེ་བས་མཐོ་བའི་གནས་བབ་མགྱོགས་པ་འཛུགས་པ། དཀར་མཛེས་ཁུལ་གྱི་ས་ཁོངས་ཟོང་རྟགས་གྲགས་ཆེན་ཚོགས་སྤྱི་གསར་དུ་འཛུགས་ཤིང་། ཕན་ཚུན་རོགས་སྐྱོར་དང་དམིགས་འཛུགས་རོགས་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ཁྱབ་ཁོངས་གཙོ་བོའི་བཅོས་བསྒྱུར་འགག་སྒྲོལ་ཡག་པོ་བྱེད་པ། སི་ཁྲོན་ནུབ་བྱང་གི་སྒོ་འབྱེད་མཐོ་ས་བསྐྲུན་དགོས།

   ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། མཉམ་དུ་ཕྱུག་འབྱོར་ཡོང་བས་ཁྲིད་ཕྱོགས་བྱ་རྒྱུ་རྒྱུན་འཁྱོངས་ཏེ། དམངས་འཚོ་སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་མགྱོགས་པོ་ཡོང་བ་བྱ་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་ཡུལ་སྡེ་དར་རྒྱས་གཏོང་བའི་བར་འབྲེལ་མཐུད་གོ་ཆོད་པོ་ཡོང་བ་བྱས་ཏེ། ཡུལ་སྡེའི་ཁྱད་ཆོས་ཐོན་ལས་དང་རྫོང་ཁོངས་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་ཞིང་། ཡུལ་སྡེ་འཛུགས་སྐྲུན་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏང་དགོས། ཡུལ་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་མི་སྡོད་ཁོར་ཡུག་བཅོས་སྒྲིག་སྐུལ་འདེད་མཉམ་དུ་བཏང་ནས་སྡོད་སྤྲོ་ལས་འཚམ་གྱི་མཐུན་མཛེས་ཡུལ་སྡེ་བསྐྲུན་དགོས། མ་མཐའི་སྤྱི་པའི་ཞབས་ཞུ་མ་ལག་འཐུས་སྒོ་ཚང་དུ་གཏོང་ཞིང་། མི་རིགས་ས་ཁུལ་སློབ་གསོ་འཕེལ་རྒྱས་ལོ་བཅུའི་བྱ་སྤྱོད་འཆར་གཞི་མུ་མཐུད་དེ་ལག་ལེན་བྱེད་པ་དང་། སྤུས་ཚད་མཐོན་པོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་གཏོང་ཞིང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་བསྒྱུར་ཟབ་ཏུ་སྤེལ་བ་དང་། འགོས་ནད་ཚབས་ཆེན་འགོག་ཟོན་མ་ལག་ཇེ་ཡག་ཏུ་གཏོང་ཞིང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཛུགས་པ། དམངས་ཡོངས་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། སྤྱི་པའི་ཞབས་ཞུའི་ཆ་སྙོམས་རང་བཞིན་དང་སྤྱོད་འཐུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུ་མ་ལག་སྟབས་བདེ་ལ་ལས་ཆོད་ཆེ་བ་འཛུགས་པ་དང་། ལས་ལམ་གསར་དུ་བསྐྲུན་ནས་ལས་ཞུགས་ལ་སྐུལ་བའི་འགན་སྲུང་ལམ་ལུགས་ཇེ་ལེགས་སུ་གཏོང་ཞིང་། མི་ཚོགས་ཡོང་འབབ་འབྲིང་བ་རིམ་འཕར་འཆར་གཞི་ལག་ལེན་བསྟར་བ་དང་། སྤྱི་ཕན་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལས་ཞུགས་སྤུས་ཚད་དེ་བས་མཐོན་པོ་ཡོང་བ་དང་བགོ་བཤའ་དེ་བས་ལུགས་མཐུན་ཡོང་བར་བསྐུལ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་ལག་ལེན་རྒྱ་ཁྱབ་ཏུ་སྤེལ་ཞིང་། སྤྱི་འབངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་འདུ་འགོད་དང་རིག་གནས་དམངས་ཕན་འདུ་འགོད་ལག་ལེན་བསྟར་བ། འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཤུགས་ཆེན་ཡོང་བ་དང་། ཕྱོགས་འདུས་དྲ་བ་བཅོས་སྐྱོང་མ་ལག་འཐུས་ཚང་གཏོང་བ།སྤྱི་ཟླ༩པའི་ཚེས༥ཉིན་ལ་ལྕགས་ཟམ་ཁར་ས་འགུལ་བྱུང་རྗེས་ཀྱི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ཚན་རིག་དང་མཐུན་ལ་གོ་སྒྲིག་ཡོད་པའི་སྒོ་ནས་སྐུལ་འདེད་དང་།  མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་དེ་བས་ཡག་པོ་བསྐང་དགོས། གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་མ་ལག་འགོ་འཛུགས་ས་མཐོན་པོས་སྒྲིག་བཟོ་ལག་ལེན་བསྟར་ནས། ས་འགུལ་གནོད་ཐེབས་ས་ཁུལ་དུས་རབས་གསར་པའི་མི་རིགས་ས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་དཔེ་སྟོན་བྱ་ཡུལ་དུ་བསྐྲུན་གང་ཐུབ་བྱ་དགོས།

   ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་་སྐུལ་འདེད་མགྱོགས་པོ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་དཀར་མཛེས་ཁུལ་ཁྱོན་ཡོངས་ནས་བསྐྲུན་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་སྐུལ་སྤེལ་ཏན་ཏིག་དང་།དུས་རབས་གསར་པའི་ས་གནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས།མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ།གཞི་རིམ་དམངས་གཙོ་འཕེལ་རྒྱས་ཧུར་ཐག། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་བསྒྱུར་བཅོས་དང་འཛུགས་སྐྲུན་ཟབ་སྤེལ།ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱ་དགོས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ རྒྱུན་རྣམ་ཅན་གྱི་དྲིལ་བསྒྲགས་སློབ་གསོའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བར་སྐུལ་འདེད་གཏང་དགོས། སྤྱི་ཡོངས་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛིན་པ་དང་།རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་བ།གྲོང་ཡུལ་གྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ།སྤྱི་པའི་བདེ་འཇགས་ཀྱི་ཉེན་ཁ་འགོག་སེལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་།ལམ་ལུགས་བདེ་འཇགས།འདུ་ཤེས་འཛིན་སྟངས་བདེ་འཇགས།དྲྭ་སྦྲེལ་བདེ་འཇགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཁྲིམས་སྐྱོང་དཀར་མཛེས་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་།ཁྲིམས་ལྟར་ཁུལ་སྐྱོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ།ཁྲིམས་སྐྱོང་ལ་བརྟེན་ནས་ལེགས་སྐྱོང་སྐུལ་འདེད་གཏོང་བར་མཐའ་འཁྱོངས་བཅས་བྱས་ནས་ལས་དོན་མཐའ་དག་ཁྲིམས་སྐྱོང་གི་ལམ་བུའི་ཐོག་ཏན་ཏིག་ཏུ་གཟུད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་།དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་གཞི་རྩའི་བྱེད་ཕྱོགས་ཆ་ཚང་ཞིང་འཕྱུགས་པ་མེད་པར་ལག་ལེན་མཐར་ཕྱིན་བསྟར་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པ་ཁྲིད་སྟོན་ཧུར་ཐག་བྱ་དགོས།

   ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཁྱོན་ཡོངས་ནས་བརྟན་དུ་གཏང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་པ་དང་།  “ཚད་གསུམ་དང་གསལ་ཐོ་གཅིག”ཁུལ་འབྱེད་དོ་དམ་ཚོད་འཛིན་མ་ལག་དོན་འཁྱོལ་ནན་པོ་དང་།སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་གལ་ཆེན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ།སྐྱེ་ཁམས་མ་ལག་གི་སྤུས་ཚད་རྒྱུན་མཐུད་ངང་གོང་མཐོར་གཏོང་བ་བཅས་བྱ་དགོས། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་།རི་ཆུ་ནགས་གསུམ་དང་ཞིང་མཚེའུ་རྩྭ་ཐང་བྱེ་མ་བཅོས་སྐྱོང་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ།ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་བ།ཀྲུང་དབྱང་དང་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་ལྡོག་འདྲེན་གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་མཐའ་གཅིག་ཏུ་བྱ་དགོས། ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་དང་།ཐོན་ལས་གྲུབ་ཚུལ་དང་།ནུས་ཁུངས་གྲུབ་ཚུལ།འགྲིམ་འགྲུལ་སྐྱེལ་འདྲེན་གྲུབ་ཚུལ་བཅས་ལེགས་སྒྲིག་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ།རང་བྱུང་ཐོན་ཁུངས་རིན་ཡོད་བེད་སྤྱོད་ལམ་ལུགས་དང་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ།འབྱུང་འཕྲོད་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།

   ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས། ཏང་གི་ཆབ་སྲིད་ལེགས་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་དང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ་དང་།ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་དུ་གཏོང་བ།དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ།ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་བཅས་བྱ་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྟོབས་འཕེལ་བ་བྱ་རྒྱུ་མཐའ་འཁྱོངས་དང་།ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་སློབ་གསོའི་འཆར་གཞི་སྒྲིག་འཛུགས་དང་ལག་བསྟར།རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དམ་འཛིན་ཡག་པོ་བྱེད་པ།ཏང་གི་བསམ་བློ་ལེགས་སྐྱོང་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་པ་བཅས་བྱ་དགོས། ལས་བྱེད་པའི་ཚད་གཞི་ལག་བསྟར་ནན་པོ་དང་།ན་གཞོན་ལས་བྱེད་པ་འཐབ་ཇུས་རང་བཞིན་གྱི་གསོ་སྐྱོང་དང་འདེམས་སྒྲུག་དམ་འཛིན་ལེགས་པོ།ལས་བྱེད་པའི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བའི་འཆར་གཞི་ཟབ་སྤེལ།མགོ་ཁྲིད་ལས་བྱེད་པའི་གོ་གནས་སྤོར་གཅོག་གཉིས་ལྡན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་ཞིང་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་དགོས། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་རིགས་དབྱེ་རིམ་སྤར་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ།གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་དང་ཏང་མིའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། མུ་མཐུད་ནས་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་གཏོང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་།“སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ།རུལ་སུངས་རྒྱ་ཡན་དུ་མཆེད་པར་འགོག་བཅོས་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།རུལ་སུངས་བྱེད་མི་ཕོད་པ་དང་།རུལ་སུངས་བྱེད་མི་རུང་བ།རུལ་སུངས་བྱེད་མི་འདོད་པ་བཅས་མཉམ་དུ་སྐུལ་འདེད་གཏང་དགོས།

   ཚང་འཛོམས་གྲོས་ཚོགས་སུ་ནན་པོ་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་།ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུ་དེ་ནི་ད་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཁུལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ཚ་ཚ་འུར་འུར་གྱིས་སློབ་སྦྱོང་དང་།དྲིལ་བསྒྲགས།དོན་འཁྱོལ་བྱས་ནས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་།བློ་གྲོས་དང་སྟོབས་ཤུགས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་ཡག་པོ་འབྲི་བའི་བླ་ན་མེད་པའི་བྱ་གཞག་ཐོག་གཅིག་སྡུད་བྱས་ནས་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཧུར་ཐག་གཏང་དགོས། སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ་མཐིལ་ཚད་སྲུང་བ་དང་བྱས་རྗེས་གསར་པ་འཇོག་པའི་ཁྲོད་འཐབ་རྩོད་བྱེད་ཕོད་པ་དང་།འཇོན་ཐང་ཆེ་རུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཁྲོད་འགན་འཁྲི་འཁུར་ཕོད་པ།ཁྱོན་ཡོངས་ལ་ལྟ་རྟོག་དང་སྤྱི་ཡོངས་ལ་བསྟུན་པའི་ཁྲོད་ལེགས་སྐྱེས་འབུལ་བར་གསལ་འགྲེལ་བྱེད་པ།གུས་ཤིང་སྐྲག་པ་དང་མིག་དཔེ་བཟང་པོ་སྟོན་པའི་ཁྲོད་སྣེ་ཁྲིད་དེ་སྒྲིག་ཁྲིམས་སྲུང་བ་བཅས་བྱས་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་དགོས། བརྟན་པོ་ཡོང་བ་ཨང་དང་པོར་འཛིན་པའི་སྤྱིའི་གཞི་གདངས་མཐའ་འཁྱོངས་ཀྱིས་ད་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས།ཁྱབ་ཁོངས་ཁག་གི་ཉེན་ཁ་ཆེན་པོ་དོགས་ཟོན་དང་བསལ་ཏེ་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་ལམ་བུ་གསར་པའི་ཐོག་གོམ་སྟབས་ཡག་པོ་སྤོ་ཐུབ་པར་འགན་ལེན་བྱ་དགོས།

    ཚང་འཛོམས་གྲོས་ཚོགས་སུ་ཁུལ་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་མི་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཡིད་ཆེས་བརྟན་གཏོང་དང་འགན་འཁུར་ཕོད་པ།འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱེད་པ།འབད་འཐབ་ཀྱི་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སླར་ཡང་འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་འབོད་སྐུལ་བྱས་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་ལས་ཁུངས་ཀྱི་འཆད་ཁྲིད་ཆེན་པོ་སྤེལ་འགོ་བཙུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།