རང་ཁུལ་ལས་ཁུངས་ཀྱི་འཆད་ཁྲིད་ཆེན་པོ་སྤེལ་འགོ་བཙུགས།

སྐལ་ཐུབ་ཀྱིས་བྲིས་ཤིང་པར་བླངས།        2022-12-12

རང་ཁུལ་ལས་ཁུངས་ཀྱི་འཆད་ཁྲིད་ཆེན་པོ་སྤེལ་འགོ་བཙུགས།

   ཁུལ་ཐད་གཏོགས་ལས་ཁུངས་གཞི་རིམ་ཏང་རྩ་འཛུགས་ཧྲུའུ་ཅིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བྱེད་པའི་གཅིག་སྡུད་སྒྲོག་འགྲེལ་སྙན་སེང་ཚོགས་འདུ་དང་སློབ་སྦྱོང་གི་མྱོང་ཚོར་གླེང་བའི་གྲོས་ཚོགས་དར་མདོར་འཚོགས།

   སྤྱི་ཟླ12པའི་ཚེས8ཉིན་ལ། ཁུལ་ཐད་གཏོགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་། སྤྱི་ཁྱབ་ཏང་ཀྲི་པུའུ་དང་ཏང་ཀྲི་པུའུ་ཧྲུའུ་ཅི70ལྷག་སྒྲིག་འཛུགས་བྱས་ཏེ་ཁུལ་ཐད་གཏོགས་ལས་ཁུངས་གཞི་རིམ་ཏང་རྩ་འཛུགས་ཧྲུའུ་ཅིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བྱེད་པའི་གཅིག་སྡུད་སྒྲོག་འགྲེལ་སྙན་སེང་ཚོགས་འདུ་དང་སློབ་སྦྱོང་གི་མྱོང་ཚོར་གླེང་བའི་གྲོས་ཚོགས་དར་མདོར་འཚོགས་པ་རེད། ཁུལ་ཨུའི་སྒྲོག་འགྲེལ་ཡན་ལག་ཚོགས་པ་བཅུ་གསུམ་པ་དང་ཁུལ་རིམ་པའི་ལས་ཁུངས་ཀྱི་སྒྲོག་འགྲེལ་ཡན་ལག་ཚོགས་པའི་ཚོགས་དཔོན། ཁུལ་ཐད་གཏོགས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བློ་མཐུན་ཚའེ་མིང་མིང་གིས་ཆེད་དོན་སྒྲོག་འགྲེལ་བྱས་པ་རེད།

   ཚའེ་མིང་མིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་གཙོ་དོན་དང་གྲུབ་འབྲས་གཙོ་བོ་ཁོང་དུ་ཆུད་དགོས་པ་དང་། འདས་པའི་ལོ5ཡི་ལས་དོན་དང་དུས་རབས་གསར་པའི་ལོ10ཡི་འཕོ་འགྱུར་རླབས་པོ་ཁོང་དུ་ཆུད་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བསམ་ཕྱོགས་གསར་པ་གཏོད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཁོང་དུ་ཆུད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་བསྐུལ་བའི་འགན་འཁྲི་དང་ལས་འགན་ཁོང་དུ་ཆུད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པའི་དམིགས་འབེན་དང་ལས་འགན་ཁོང་དུ་ཆུད་པ། ཏང་གི་ཁྱོན་ཡོངས་ནས་འགོ་ཁྲིད་དང་ཁྱོན་ཡོངས་ནས་ཏང་ནན་པོས་བསྐྱང་རྒྱུའི་བཀོད་སྒྲིག་བླང་བྱ་ཁོང་དུ་ཆུད་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པ། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་མཐའ་གཅིག་ཏུ་བསྟར་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུ་མངོན་དུ་འགྱུར་བའི་ཁྲོད་དཀར་མཛེས་ཁུལ་ཡུན་རིང་བདེར་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་བཅས་ཕྱོགས་དགུ་ལ་དམིགས་ནས་སྒྲོག་འགྲེལ་བྱས་པ་དང་ཆབས་ཅིག། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྙིང་དོན་ཟུང་དུ་སྦྲེལ་ནས་རྒྱས་བཤད་བྱས་པ་རེད།

  སྒྲོག་འགྲེལ་ཚོགས་འདུ་གྲོལ་རྗེས། ཁུལ་ཐད་གཏོགས་ལས་ཁུངས་གཞི་རིམ་ཏང་རྩ་འཛུགས་ཧྲུའུ་ཅིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་ བྱེད་པའི་མྱོང་ཚོར་གླེང་བའི་གྲོས་ཚོགས་འཚོགས་པ་དང་། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་། ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན། ཁུལ་ཞིབ་དཔྱོད་ཁང་། ཁུལ་ནོར་སྲིད་ཅུས། ཁུལ་གནམ་གཤིས་ཅུས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅིས་ཡུལ་དངོས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་བྱེད་པའི་མྱོང་ཚོར་གླེང་བ་དང་། ཁུལ་ཐད་གཏོགས་ལས་དོན་ཨུ་ལྷན་མགོ་ཁྲིད་ཀྱིས་ཡུལ་དངོས་སུ་དཔྱད་བརྗོད་བྱས་པ་རེད།

  • ལེ་ཚན་སྔོན་མ།:ཁེ་ལས་ཚོས་རྒྱབ་སྐྱོར་སྲིད་ཇུས་འདི་མ་གོ་ན་གྱོང་རེད།
  • ལེ་ཚན་རྗེས་མ།:ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།
  • དོ་སྣང་ཆེ་བའི་རྩོམ།