རང་ཁུལ་གྱིས2022ལོའི་ཏང་སྲིད་འགན་འཁྲི་མཉམ་ཁུར་གྱི་ལས་ཀའི་དམིགས་འབེན་དཔྱད་ཞིབ་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2022-12-05

སྤྱི་ཟླ11པའི་ཚེས29ཉིན་རང་ཁུལ་གྱིས2022ལོའི་ཏང་སྲིད་འགན་འཁྲི་མཉམ་ཁུར་ལས་ཀའི་དམིགས་འབེན་དཔྱད་ཞིབ་སྐུལ་འདེད་ཚོགས་འདུ་འཚོགས་ནས“འབྲུ་རིགས་ཉེན་མེད་དང་བཟའ་བཅའ་ཉེན་མེད། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་འགོག་ཟོན། ཐོན་སྐྱེད་ཉེན་མེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རྨོ་ཞིང་སྲུང་སྐྱོང”བཅས་ཀྱི་སྣ་དྲུག་ལ་ཏང་སྲིད་འགན་འཁྲི་མཉམ་ཁུར་ལས་དོན་སྤེལ་ཚུལ་ལ་ཆེད་དོན་ཉན་འཇོག་བྱས་ནས་ཏང་སྲིད་ཀྱི་འགན་འཁྲི་མཉམ་ཁུར་གྱི་རྒྱུགས་ལེན་དང་ཞིབ་བཤེར་ལ་བསུ་མ་ཞུ་བའི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ཏང་སྲིད་འགན་འཁྲི་མཉམ་ཁུར་ལས་དོན་ནི“རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པ”དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུ་རིགས་ཉེན་མེད་དང་བཟའ་བཅའི་ཉེན་མེད།ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་འགོག་ཟོན།ཐོན་སྐྱེད་ཉེན་མེད།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།རྨོ་ཞིང་སྲུང་སྐྱོང་སོགས་ཀྱི་ལས་དོན་ཐད་ཐེངས་མང་པོར་མཛུབ་སྟོན་གལ་ཆེན་གནང་ཡོད་ལ་གསུང་བཤད་གལ་ཆེན་རབ་དང་རིམ་པའང་གནང་ཡོད། རིམ་པ་ཁག་དང་སྡེ་ཁག་སོ་སོས་འགན་འཁྲི་དངོས་སུ་ཕྲག་ཏུ་འཁུར་བ་དང་བྱ་སྤྱོད་དོན་ཐོག་འཁྱོལ་བྱས་ནས། ཆབ་སྲིད་ལ་དང་དོད་དང་ཁྱོན་ཡོངས་ལ་ལྟ་རྟོག། ཉེན་ཁ་འགོག་ཟོན། གཞི་ཐིག་སྲུང་བ་བཅས་ཀྱི་ཐད་ནས་ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་གྱི་ལས་ཀ་རེ་རེ་བཞིན་དམ་འཛིན་དང་དངོས་སུ་དམ་འཛིན་ཡག་པོ་བྱ་དགོས་ཞེས་ནན་གསུང་གནང་།

ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་འགྲོ་ཕྱོགས་ཇེ་དྲག་ཏུ་བཏང་ནས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱ་དགོས་ཤིང་། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོ་དང་ཆབ་སྲིད་ལག་བསྟར་ནུས་ཇེ་དྲག་ཏུ་བཏང་ནས་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་ཡོང་བ་བྱས་ཏེ“ཏང་སྲིད་ཀྱི་འགན་འཁྲི་མཉམ་ཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་འཛིན་མཉམ་སྒྲུབ། འགན་འཛོལ་གྱི་འགན་འཁྲི་བདའ་འདེད་དང“ངེས་པར་དུ་སྒྲུབ་དགོས་པ་གསུམ”བཅས་ཀྱི་བླང་བྱ་ལྟར་ཏང་སྲིད་འགན་འཁྲི་མཉམ་ཁུར་གྱི་དམིགས་འབེན་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱ་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་རིམ་སྤོར་ལ་དམ་འཛིན་བྱས་ཏེ་དཔྱད་ཞིབ་དང་འབྲེལ་བ་ཡོད་པའི་སྣེ་ཁྲིད་སྡེ་ཚན་གྱིས་བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་གཏོང་བ་དང་།“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཅངས་ནས་གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་དང་ལས་ཀའི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། འགག་སྒྲོལ་དམག་འཐབ་ཆེན་པོ་བྱེད་པ་བཅས་བྱས་ནས་མཉམ་འཛིན་མཉམ་སྒྲུབ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་ཏང་སྲིད་འགན་མཉམ་ཁུར་གྱི་དམིགས་འབེན་དཔྱད་ཞིབ་སྣ་དྲུག་དང་འབྲེལ་བ་ཡོད་པའི་སྣེ་ཁྲིད་སྡེ་ཚན་གྱིས་དམིགས་འབེན་ལས་འགན་ལ་སྐུལ་འདེད་བཏང་ཚུལ་དང་སླད་ཕྱིན་གྱི་ལས་དོན་ཐད་བཀོད་སྒྲིག་བྱེད་སྟངས་ཐད་གཏམ་བཤད་བྱས་པ་རེད།

ཁུལ་སྲིད་གཞུང་གི་འབྲེལ་གཏུག་དྲུང་ཆེ་གཞོན་པ་དང་ཁུལ་གྱི་དམིགས་འབེན་དཔྱད་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་གཏོགས་སྡེ་ཚན་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།། 

  • ལེ་ཚན་སྔོན་མ།:ལྕགས་སྲིབ་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ཞིག་ཕུག་ཐུབ་ཡོད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བྱེད་ཐབས་གསུམ་སྤྱད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་ཀར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།