ཧྲེན་དབྱང་གིས་དར་མདོ་དང་དུང་དཀར་ལུང་པའི་འབྲེལ་ཡོད་ལས་ཀར་ལྟ་ཞིབ་གནང་།

ཨ་མགོན་གྱིས་བསྒྱུར།        2022-11-29

ཧྲེན་དབྱང་གིས་དར་མདོ་སོགས་ས་གནས་སུ་གཙོ་གནད་ལས་གཞི་འཛུགས་སྐྲུན་གྱི་ལས་དོན་ལ་བརྟག་ཞིབ་ལྟ་སྐུལ་གནང་སྐབས།

རིམས་ཚུལ་འགོག་ཟོན་བཙན་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་མཉམ་གཉེར་འཛུགས་སྐྲུན་བྱས་ཏེ་ལོ་འཁོར་གྱི་དམིགས་ཡུལ་ལས་འགན་བསྒྲུབས་ནས་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་མང་ཙམ་འཇོག་དགོས་ཞེས་གསུངས།


ཧྲེན་དབྱང་གིས་དར་མདོ་དང་དུང་དཀར་ལུང་པའི་འབྲེལ་ཡོད་ལས་ཀར་ལྟ་ཞིབ་གནང་།

     སྤྱི་ཟླ11པའི་ཚེས22ནས་ཚེས23ཉིན་བར་ཁུལ་ཨུ་ཧྲུའུ་ཅི་ཧྲེན་དབྱང་དར་མདོ་གྲོང་ཁྱེར་དང་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་སུ་ཕེབས་ནས་གཙོ་གནད་ལས་གཞི་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་གནང་བ་དང་ཆབས་ཅིག། དཔལ་འབྱོར་འཕེལ་རྒྱས་དང་རིམས་ཚུལ་འགོག་ཟོན་བཙན་སྡོམ། ཐོན་སྐྱེད་ཉེན་མེད་བཅས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུར་ལྟ་སྐུལ་དང་ཁྲིད་སྟོན་མཛད་པ་རེད། ཁོང་གིས་ནན་གསུང་གནང་དོན།ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་རྒྱུན་མཐུད་དུ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནསཐག་གཅོད་དམག་འཐབ་བྱེད་པའིརྣམ་འགྱུར་དངལས་དོན་ཆེན་པོ་སྒྲུབ་པའིངར་ཤུགས་ཀྱི་ཐོག་ནས་ནད་རིམས་ཚུལ་འགོག་ཟོན་བཙན་སྡོམ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་མཉམ་གཉེར་འཛུགས་སྐྲུན་བྱས་ནས་ལོ་འཁོར་གྱི་དམིགས་ཡུལ་ལས་འགན་ལ་མཐའ་མའི་གདོང་མཆོང་བྱས་ཤིང་། དཔལ་འབྱོར་བརྟན་པོ་ཡོང་བ་དང་རིམས་ཚུལ་འགོག་ཟོན་བྱེད་པ། འཕེལ་རྒྱས་ཉེན་མེད་ཡོང་བར་འགན་ལེན་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་མང་ཙམ་འཇོག་གང་ཐུབ་བྱ་དགོས། 

     དར་མདོ་གྲོང་ཁྱེར་དང་འཕེལ་རྒྱས་བཅོས་བསྒྱུར་སྡེ་ཚན་གྱིས་ལས་གཞི་དམ་འཛིན་བྱས་ནས་མ་དངུལ་གཏོང་འཇོག་ལ་སྐུལ་སྤེལ་དང་འཕར་སྣོན་བརྟན་པོ་བྱས་པ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པར་གསན་འཇོག་ནན་ཏན་གནང་རྗེས་ཧྲེན་དབྱང་གིས་ནན་གསུང་གནང་དོན། དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་གྱི་མ་ལམ་གཙོ་བོའི་གྲུབ་ཆ་གལ་ཆེན་ཡིན་ལ།རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་རྩ་ཆེན་པོ་དང་ཡུལ་གྲོང་དར་རྒྱས་གཏོང་བའི་བགྲོད་ལམ་ཆེན་པོ།མི་རིགས་མཐུན་སྒྲིལ་གྱི་ས་རྒྱུད་ཆེན་པོ་ཡིན་པས་དོན་སྙིང་གལ་ཆེན་ཡོད་པ་རེད། ཨར་ལས་འཛུགས་སྐྲུན་སྡེ་ཚན་གྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་སྤུས་ཚད་ལ་སྣང་ཆེན་དང་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བའི་དུས་མཚུངས་སུ། ཐོན་སྐྱེད་ཉེན་མེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཤིང་། ཞིང་པའི་གླ་པའི་གླ་ཆ་དུས་ལྟར་ཁ་ཐོག་ལག་བཞག་བྱས་ཏེ་མ་སྐུལ་དང་བླངས་ཀྱིས་ཁོར་ཡུག་སྲུང་སྐྱོང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ལས་གཞི་དེ་ལས་རིགས་ཀྱི་ཚད་གཞི་ཞིག་ཏུ་བསྐྲུན་རྒྱུར་བརྩོན་ལེན་བྱ་དགོས། 

     གཡག་རྭ་ཡུལ་ཤོག་ཟམ་གཉིས་པ་གྲོང་སྡེའི་ཆུ་ཚན་མགྲོན་ཁང་ནི་དར་མདོ་གྲོང་ཁྱེར་གྱི་དམངས་ཁྲོད་མ་རྩ་ཡིས་གྲོང་སྡེ་ཐུན་མོང་གི་བེད་མ་སྤྱོད་པ་བཞག་པའི་ཐོན་ཁུངས་བེད་སྤྱོད་བྱས་པ་དང་མ་རྐང་ལམ་ལུགས་ཀྱིས་ཡུལ་སྡེ་དར་རྒྱས་དང་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱེད་པའི་གསར་གཏོད་ལས་གཞི་ཨང་དང་པོ་རེད། ཧྲེན་དབྱང་ཨར་ལས་བྱ་ཡུལ་དུ་ཕེབས་ཏེ་ལས་གཞིའི་འཆར་འགོད་དང་། ཇུས་འགོད། འཛུགས་སྐྲུན། འཕེལ་རིམ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་རྗེས། ཁེ་ལས་ཀྱིས་ཕྱོགས་གཅིག་གི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་དང་། ཕྱོགས་གཅིག་གི་དཔལ་འབྱོར་ལ་ཞབས་འདེགས་ཞུས་ནས་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་སྟངས་ལ་ཁས་ལེན་པ་རེད། ཁོང་གིས་ཁེ་ལས་ནི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་མཁན་གྱི་བྱེད་པོ་ཡིན་པས་ཁེ་ལས་ཀྱི་རྒྱུ་ནོར་དམངས་ལ་སྤྱོད་རྒྱུ་དང་དམངས་ལ་དེ་བས་བདེ་སྐྱིད་བསྐྱང་དགོས།ཁེ་ལས་ཀྱི་འགན་འཁུར་བས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཇེ་དྲག་ཏུ་བཏང་ནས་གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་དང་གསར་གཏོད་ཡར་བརྩོན་གྱི་གསར་གཏོད་སྙིང་སྟོབས་དར་སྤེལ་གཏོང་ཤུགས་ཆེ་རུ་བཏང་སྟེ།དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏང་རྒྱུ་དེ་ཡུལ་གྲོང་དར་རྒྱས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུ་ལ་འབྲེལ་མཐུད་བྱ་རྒྱུའི་ནང་ཧུར་ཐག་ཞུགས་ནས་ཕ་ཡུལ་འཛུགས་སྐྲུན་ཡག་པོ་དང་མི་སེར་ཚོར་ཞབས་འདེགས་ཡག་པོ་ཞུས་པར་བྱས་རྗེས་འཇོག་དགོས་ཞེས་ལྕག་སྐུལ་གནང་བ་རེད། 

     དར་མདོའི་འཕགས་མོ་རི་དང་གྲོང་ཁྱེར་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལས་གཞི་འགོ་ཚུགས་པ་ནས་བཟུང་། སྤྱི་ཚོགས་ལས་རིགས་སོ་སོས་དོ་ཁུར་བྱས་དང་བྱེད་བཞིན་ཡོད་པ་རེད། ཧྲེན་དབྱང་གིས་ལས་གཞི་འཆར་འགོད་ལ་གསན་འཇོག་གནང་རྗེས་བསྟན་དོན། “དར་མདོའི་འཕགས་མོ་རི་བོ་དང་ཀྲུང་གོའི་མཛའ་གཞས་གྲོང་ཁྱེར། འཛམ་གླིང་གི་དར་མདོའི་མཛའ་གཞས”ཀྱི་ངེས་གནས་ལ་གཞི་ཚུགས་ཏེ་ཚད་གཞི་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི“རི་བོ་དང་ཆུ། གྲོང་ཁྱེར། མི། རིག་གནས”མཉམ་འདྲེས་བྱས་པའི་གྲོང་ཁྱེར་དང་གླིང་ག། གྲོང་མིའི་གླིང་ག་གཞི་གཅིག་ཅན་བསྐྲུན་དགོས། མཛའ་གཞས་རིག་གནས་དམིགས་སུ་ཐོན་པ་བྱས་བྱས་ཏེ་འཕགས་མོ་རི་བོ་འདི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ས་གནས་མཚོན་རྟགས་གསར་པ་འཛུགས་སྐྱོང་བྱེད་གང་ཐུབ་བྱས་ནས་སྙན་གྲགས་ཡོད་པའི་དར་མདོའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱ་དགོས།  

     དར་མདོ་གྲོང་ཁྱེར་གྲོང་གསར་གྱི་དྲོད་རླངས་མཁོ་འདོན་ལས་གཞི་འཛུགས་སྐྲུན་བྱ་ཡུལ་དུ་ཧྲེན་དབྱང་གིས་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་དང་དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་མཛད་པ་རེད། ཁོང་གིས་མཐོ་སྒང་གི་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ནི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན་པས་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པ་རེད། མི་དམངས་གཙོ་བོ་འཛིན་རྒྱུ་རྒྱུན་འཁྱོངས། ཕུགས་ཡུན་ལ་དམིགས་པ་དང་།དོན་དངོས་ལ་གཞི་ཚུགས་པ།ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཤིང་། སྔོན་ཐོན་གྱི་མཁོ་སྒྲིག་དང་སྒྲིག་ཆས་ནང་འདྲེན་བྱེད་པ་དང་རིག་ནུས་ཅན་གྱི་བྱེད་ཐབས་བཀོལ་སྤྱོད་ཡག་པོ་བྱེད་པ། ཚན་རིག་དང་མཐུན་ཞིང་གནད་སྨིན་བཀོད་གཏོང་།དྲོད་རླངས་མཁོ་འདོན་གྱི་ཁྱབ་ཁྱོན་བརྟན་ཁྲོད་རྒྱ་སྐྱེད་བཏང་བ་དང་ཆབས་ཅིག།  རྗེས་སྙེག་གི་ལྟ་ཞིབ་ཚད་ལེན་དང་དོ་དམ་སྲུང་སྐྱོང་།ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་གྲོང་མིའི་དྲོད་ལེན་བརྒྱུད་རིམ་ཁྲོད་ཐོན་པའི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་མཐུན་སྦྱོར་ངང་ཐག་གཅོད་བྱེད་པར་བརྟེན། དོན་བཟང་ཡག་པོ་གཉེར། དོན་དངོས་ཡག་པོ་བསྒྲུབས་ནས་དམངས་འཚོའི་ལས་གྲྭ་ཡིས་མང་ཚོགས་ལ་ཕན་པ་དེ་བས་མང་པོ་ཐོབ་པ་བྱས་ཏེ་མི་སེར་ལ་བདེ་སྐྱིད་བསྐྱང་དགོས།

     མིག་སྔར། ལོ་མཇུག་ལ་སླེབས་སྐབས་ཐོན་སྐྱེད་ཉེན་མེད་དང་རིམས་ནད་འགོག་ཟོན་བཙན་སྡོམ་གྱི་གནས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བ་རེད། ས་གནས་གང་དུ་འབྱོར་ན་ཧྲེན་དབྱང་གིས་ཡང་ནས་ཡང་དུ་ནན་གསུང་གནང་དོན། རྫོང(གྲོང་ཁྱེར)སོ་སོ་དང་སྡེ་ཚན་སོ་སོ། ཁེ་ལས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་ཨན་དབྱང་དུ་མེ་སྐྱོན་ལས་འཛོལ་ཐད་གནང་བའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བསླབ་བྱ་དང་ལེན་གཏིང་ཟབ་བྱས་ཏེ་མི་དམངས་གོང་བཀུར་དང་ཚེ་སྲོག་ཨང་དང་པོར་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ནས་ཐོན་སྐྱེད་ཉེན་མེད་ཡོང་བའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཁྱོན་ཡོངས་ནས་ཚགས་བཤེར་དང་བཅོས་སྒྲིག་བྱས་ཏེ་ལས་འཛོལ་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་ཐོན་རྒྱུར་འགོག་ཟོན་མཐའ་གཅིག་ཏུ་བྱ་དགོས། ད་ལྟའི་དུས་རིམ་གྱི་རིམས་ཚུལ་འགོག་ཟོན་བཙན་སྡོམ་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་སྟེ་དྭངས་གཙང་གི་དཀར་མཛེས་ཁུལ་གྱི་སྒོ་ཆེན་བསྲུངས་ནས་མི་དམངས་ཀྱི་ཚེ་སྲོག་ཉེན་མེད་དང་གཟུགས་གཞི་བདེ་ཐང་ སྲུང་སྐྱོང་གང་ཐུབ་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རིམས་ཚུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏང་དགོས། 

     ཁུལ་གྱི་མགོ་ཁྲིད་ཡོན་མིང་ཀོང་དང་ཡན་ལེ། ཡོན་ཀང་། དར་མདོ་གྲོང་ཁྱེར་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:ཡུལ་སྡེ་དར་རྒྱས་གཏོང་བར་རྩོད་སྒྲུབ་ཀྱི་འབྲེལ་བ་དྲུག་ཐག་གཅད་དགོས།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་རྒྱལ་ཁབ་གློག་དྲྭ་སྤྱི་གཉེར་ཁང་གི་ལྷོ་ནུབ་ཡན་ལག་པུའུ་ཡི་ཀྲུའུ་རེན་ལིའུ་ཆིན་དང་བཅས་པར་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།