ཧྲེན་དབྱང་གིས་རྒྱལ་ཁབ་གློག་དྲྭ་སྤྱི་གཉེར་ཁང་གི་ལྷོ་ནུབ་ཡན་ལག་པུའུ་ཡི་ཀྲུའུ་རེན་ལིའུ་ཆིན་དང་བཅས་པར་མཇལ་འཕྲད་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-11-30

ཧྲེན་དབྱང་གིས་རྒྱལ་ཁབ་གློག་དྲྭ་སྤྱི་གཉེར་ཁང་གི་ལྷོ་ནུབ་ཡན་ལག་པུའུ་ཡི་ཀྲུའུ་རེན་ལིའུ་ཆིན་དང་བཅས་པར་མཇལ་འཕྲད་གནང་།

ཧྲེན་དབྱང་གིས་ལིའུ་ཆིན་དང་བཅས་པར་མཇལ་འཕྲད་གནང་བཞིན་པ།

སྤྱི་ཟླ11པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོར་རྒྱལ་ཁབ་གློག་དྲྭ་སྤྱི་གཉེར་ཁང་གི་ལྷོ་ནུབ་ཡན་ལག་པུའུ་ཡི་ཀྲུའུ་རེན་ལིའུ་ཆིན་དང་བཅས་པར་མཇལ་འཕྲད་གནང་བ་རེད། ཕྱོགས་གཉིས་པོས་གློག་ཤུགས་ལས་གྲྭ་འཛུགས་སྐྲུན་དང་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏང་རྒྱུ། ས་གནས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་སོགས་ལ་དམིགས་ནས་འབྲེལ་མཐུད་བསམ་འཆར་སྤེལ་རེས་གནང་བ་རེད།

ཧྲེན་དབྱང་གིས་ལིའུ་ཆིན་དང་བཅས་པ་རང་ཁུལ་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་གློག་དྲྭ་སྤྱི་གཉེར་ཁང་གིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། རྒྱལ་ཁབ་གློག་དྲྭ་སི་ཁྲོན་དཀར་མཛེས་ཁུལ་གློག་ཤུགས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་བཙུགས་ནས་ལོ་བཅུ་འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གློག་དྲྭ་སྤྱི་གཉེར་ཁང་གིས་མི་དམངས་ཀྱི་གློག་ལས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པའི་དམིགས་ཡུལ་རྒྱུན་འཛིན་བྱས་ཏེ། དཀར་མཛེས་ཁུལ་གྱི་བཅོས་བསྒྱུར་དང་བརྟན་བརླིང་། འཕེལ་རྒྱས་བཅས་ཀྱི་བྱ་གཞག་སོ་སོར་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་། ལྷག་པར་དུ་ར་ལྔ་ཁ་ནས་དཀར་མཛེས། སེར་ཤུལ་དུ་བསྲིངས་པའི་གློག་དྲྭ་ལག་བསྟར་དང་། གློག་མཁོ་འདོན་གྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ། དབུལ་ཐར་འགག་སྒྲོལ་དམག་འཐབ་རྒྱལ་ཁ་ལེན་རྒྱུར་རོགས་རམ་བྱེད་པ་སོགས་ཀྱི་ཐད་སྟོབས་ཤུགས་གལ་ཆེན་བྱས་རྗེས་བཞག་ནས་ཁུལ་ཡོངས་ཀྱི་གློག་དྲྭ་གཅིག་ནས་གློག་མཁོ་འདོན་ཐུབ་སྟེ་འབྲོག་ཁུལ་གྱི་མི་དམངས་ལ་འོད་སྣང་སྦྱིན་པ་དང་། དཀར་མཛེས་ཁུལ་གྱི་ནུས་རྒྱུ་གསར་སྤེལ་ལ་འཕར་རྩ་ཤར་གཏོང་ཐུབ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྒུལ་ཤུགས་བཏོན་ཡོད་པ་རེད། ད་དུང་སྔར་བཞིན་ལྟར་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་དོ་ཁུར་བྱས་ནས་གློག་དྲྭའི་ཉེན་མེད་བརྟན་ཁྲོད་འཁོར་སྐྱོད་དང་། གློག་ཤུགས་བློས་འགེལ་ཆོག་པའི་མཁོ་འདོན་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་ཆབས་ཅིག་ཁེར་རྐྱང་མཁོ་སྤྲོད་ཁུལ་གྱི་བཅོས་བསྒྱུར་དང་།གློག་ཤུགས་སྒྲིག་བཀོད་འཐུས་ཚང་། ཕྱིར་གཏོང་བགྲོད་ལམ་འཛུགས་སྐུན། གློག་དྲྭ་སྒྱུར་བཀོད་རིམ་སྤོར། ཆུ་གློག་ཐོན་ཁུངས་གསར་སྤེལ། ཡུལ་སྡེ་དར་རྒྱས་བཅས་དང་དེ་བཞིན་ནགས་ཚུལ་རྩྭ་ཐང་གི་མེ་ཟོན་སྔོན་འགོག་སོགས་ཀྱི་ཁྱབ་ཁོངས་སུ་འབྲེལ་གཏུག་དང་མཉམ་ལས་གཏིང་ཟབ་བྱ་རྒྱུའི་རེ་བ་ཡོད་པ་དང་། དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་གློག་ཁབ་གློག་དྲྭ་སྤྱི་གཉེར་ཁང་ལས་སྒོ་སྤེལ་རྒྱུར་ཆ་རྐྱེན་བཟང་པོ་ཧུར་ཐག་བསྐྲུན་ནས་གློག་ཤུགས་བྱ་གཞག་འཕེལ་རྒྱས་ལ་བྱས་རྗེས་གསར་པ་རྒྱུན་མི་ཆད་པར་འཇོག་རྒྱུ་ཡིན་ཞེས་གསུངས་པ་རེད།

ལིའུ་ཆེན་གྱིས་རྒྱལ་ཁབ་གློག་དྲྭ་སྤྱི་གཉེར་ཁང་ལྷོ་ནུབ་ཡན་ལག་པུའུ་དང་ཞིང་ཆེན་གློག་ཤུགས་སྤྱི་གཉེར་ཁང་གིས་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆ་དང་གློག་དྲྭ་ཆེན་མོའི་ནུས་རྒྱུའི་རྨང་གཞིའི་ལེགས་ཆ་འདོན་སྤེལ་བྱས་ནས། དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། དཀར་མཛེས་ཁུལ་གྱི་ལས་གཞི་ཆེ་ཤོས་དང་གློག་ཤུགས་མཁོ་སྤྲོད་འགན་ལེན་ལ་མུ་མཐུད་ནས་ཤུགས་སྣོན་པ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་ཕྱོགས་གཉིས་པོ་གཉིས་ཁེ་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་དར་མདོ་དང་དུང་དཀར་ལུང་པའི་འབྲེལ་ཡོད་ལས་ཀར་ལྟ་ཞིབ་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།