དཀར་མཛེས་ཁུལ་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྱོང་བཅོས་སྒྱུར་ལས་ཀར་སྐུལ་འདེད་གཏོང་བའི་ཚོགས་འདུ་དར་མདོར་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2022-11-28

ཉེ་ཆར་དཀར་མཛེས་ཁུལ་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྱོང་བཅོས་བསྒྱུར་ལས་ཀར་སྐུལ་འདེད་གཏོང་བའི་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྱོང་བཅོས་བསྒྱུར་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྱོང་བཅོས་བསྒྱུར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། བཅོས་བསྒྱུར་བྱས་ནས་བཟུང་གི་ལས་ཀར་སྐུལ་འདེད་གཏོང་བའི་གནས་ཚུལ་ཕྱོགས་སྡོམ་དང་རང་ཁུལ་གྱི་ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྱོང་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏང་རྒྱུའི་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་ཐོན་ལས་བཅོས་བསྒྱུར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་འགོ་གཙོ་ཧྲི་ཀང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་ཐོན་ལས་བཟོ་པའི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མུ་མཐུད་ནས་ཤུགས་སྣོན་བརྒྱག་དགོས་པ་དང་། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་དར་སྤེལ་གཏོང་ཤུགས་ཆེ་རུ་བཏང་ནས་ཐོན་ལས་བཟོ་པ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་བྱས་རྗེས་འཇོག་དགོས་པ།ཐོན་ལས་བཟོ་པའི་རྩལ་ནུས་མ་ལག་འཛུགས་སྐཽང་ཧུར་ཐག་བྱས་ནས་ཐོན་ལས་བཟོ་པའི་བྱང་ཚད་ཇེ་དྲག་ཏུ་གཏང་དགོས། ཐོན་ལས་བཟོ་པའི་ཁྲོད་དུ་ཏང་ཡོན་འཕེལ་རྒྱས་གཏོང་བ་དང་ཐོན་ལས་བཟོ་པའི་ཐོབ་ཐང་མཐོར་འདེགས་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཐབས་མང་མཉམ་སྤྱོད་ཀྱིས་ཐོན་ལས་བཟོ་པའི་གོ་གནས་མཐོར་འདེགས་གཏང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཐོན་ལས་བཟོ་པའི་དཔུང་སྡེ་སྟོབས་ཆེ་རུ་བཏང་ནས་མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན།མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་མགྱོགས་སུ་སྐྲུན་པར་སྟོབས་ཤུགས་ཀྱི་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

  • ལེ་ཚན་སྔོན་མ།:འགོ་འཛུགས་ས་མཐོ་བའི་འཆར་འགོད་དང་ཚད་གཞི་མཐོ་བའི་ཇུས་འགོད་བྱས་ནས་འཛམ་གླིང་རིམ་པའི་ཁྱད་ཆོས་ཡུལ་སྐོར་གྲོང་ཁྱེར་དང་གྲོང་རྡལ་གཏོད་དགོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།