སྙིང་ལ་ཉེ་བའི་མི།

སྦྲ་འཚོ།        2022-11-21

སྙིང་ལ་ཉེ་བའི་མི།

ཉིན་མོ་དང་མཚན་མོ་ཡུག་གཅིག་ལ་འདྲེས།

མིག་ཆུ་དང་མཆུ་སྒྲོས་ལྷན་གཅིག་ལ་འདྲེས།

དེ་ནས་བཟུང་།

ལོ་ཟླ་ཡོད་ཚད་ལ།

གཙང་པོ་དང་བྲག་རྡོ་བཞིན།

སྤྲིན་དཀར་གྱི་ཁ་གཏད་དུ་འགྲེང་།

སྙིང་ལ་ཉེ་བའི་མི།

ངལ་བ་དང་སྡུག་པ་ཡུག་གཅིག་ལ་འདྲེས།

སྐྱོ་བ་དང་དྲན་པ་ལྷན་གཅིག་ལ་འདྲེས།

དེ་ནས་བཟུང་།

ནང་དོན་ཆེ་བའི་སེམས་ཀྱི་གཏིང་རིང་ལ།

ཁེར་རྐྱང་གི་སྙན་ངག་བྲིས་ཏེ།

བྲང་གཞུང་དུ་གདུང་བའི་ཚྭ་བཏབ།

སྙིང་ལ་ཉེ་བའི་མི།

རྩྭ་ལྗང་དང་ལུ་གུ་ཡུག་གཅིག་ལ་འདྲེས།

བར་ཐག་དང་བརྩེ་དུང་ལྷན་གཅིག་ལ་འདྲེས།

དེ་ནས་བཟུང་།

སྐབས་དང་སྐབས་སུ་ཐོས་པ་ནི་གྲུ་ཁ་སོ་སོ་ན་

བསྡད་པའི་དམར་ཆུང་གི་སེམས་པ་

གཉིས་ཀྱི་འཕར་སྒྲ་རེད།

  • ལེ་ཚན་སྔོན་མ།:གློ་བུར་བའི་འཆར་ ཡན་རབ་རིབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།