བོད་ལྗོངས་ཀྱི་འདམ་ར4རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་བྱང་དུ་བཞག།

རྩོམ་སྒྲིག་པས་འཚོལ་སྡུད་བྱས།        2022-11-18

      གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་འདམ་རའི་ཐོན་ཁུངས་ལ་བརྟག་དཔྱད་ཐེངས་གཉིས་པ་བྱས་པའི་འབྲས་བུར་ལྟར་ན། བོད་ལྗོངས་ཀྱི་འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཤིང་།འདམ་ར་སྣ་ཚོགས་ཡོད་པར་བརྟེན།འཛམ་གླིང་ཐོག་གི་གཞན་དང་མི་འདྲ་བའི་མཐོ་སྒང་གི་འདམ་ར་ཁྱབ་ཁུལ་ཞིག་ཡིན་པ་རེད། དེའི་ནང་བཀྲ་རི་གནམ་མཚོ་འདམ་ར་དང་། སེར་གླིང་མཚོ་འདམ་ར། སྨྲི་ཏི་ཁ་འདམ་ར། མ་ཕམ་གཡུ་མཚོ་འདམ་ར་བཅས་བཞི་པོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་བྱང་དུ་བཞག་ཡོད་པ་རེད། ད་བར་བོད་ལྗོངས་ཡོངས་སུ་འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ས་ཁུལ15དང་རྒྱལ་ཁབ་རིམ་པའི་འདམ་ར་གླིང་ག22(ཚོད་ལྟའི་ས་ཁུལ་ཚུད་པ)བསྐྲུན་ཡོད་པ་དང་། འདམ་ར12རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་བྱང་ནང་བཞག་ཡོད་པས། རང་བྱུང་སྲུང་སྐྱོང་ས་ཁུལ་གྱིས་གཙོ་བོར་བྱས་པ་དང་རྒྱལ་ཁབ་རིམ་པའི་འདམ་ར་གླིང་ག་དང་། རྒྱལ་སྤྱིའི་འདམ་ར་གལ་ཆེན། རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་སོགས་འདམ་ར་སྲུང་སྐྱོང་གི་མ་ལག་སྣ་ཚོགས་རིམ་བཞིན་གྲུབ་སྟེ། བོད་ལྗོངས་ཡོངས་སུ་སྲུང་སྐྱོང་ཐོབ་པའི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི449ལ་ཟིན་ནས། ལྗོངས་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་ལས་བརྒྱ་ཆ68.75བཟུང་ཡོད་པ་རེད།། 

  • ལེ་ཚན་སྔོན་མ།:ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།