ཞི་ཅིན་ཕིང་གིས་ལུའོ་དབྱང་གཞོན་ནུ་འཕྲལ་རྒོལ་རུ་ཁག་ལ་ཡིག་ལན་གནང་།

བདེ་ཆེན་གྱིས་བསྒྱུར།        2022-11-15

ཞི་ཅིན་ཕིང་གིས་ཡིག་ལན་བསྐུར་ནས་ཀྲུང་གོ་མཁའ་བསྐྱོད་བཟོ་ལས་ཚོགས་པ་ཧྲེན་ཧྥེ་ལུའོ་དབྱང་གཞོན་ནུ་འཕྲལ་རྒོལ་རུ་ཁག་གི་རུ་མིར་མཁའ་བསྐྱོད་ཚན་རྩལ་རང་ཚུགས་རང་བརྩོན་ཡོང་བའི་ཐད་དཔའ་ངར་ཧུར་སྐྱོད་དང་མཁའ་བསྐྱོད་བཟོ་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ཐད་བྱས་རྗེས་ཧུར་ཐག་གཞག་དགོས་པའི་སྐུལ་ལྕག་གནང་།

   

    སྤྱི་ཟླ11པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་མཁའ་བསྐྱོད་བཟོ་ལས་ཚོགས་པ་ཧྲེན་ཧྥེ་ལུའོ་དབྱང་གཞོན་ནུ་འཕྲལ་རྒོལ་རུ་ཁག་གི་རུ་མིའི་ཚོར་ཡིག་ལན་བསྐུར་གནང་སྟེ། ཁོང་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱས་ཏེ། མཁའ་བསྐྱོད་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཆེད་བྱས་རྗེས་ཆེན་པོ་འབུལ་རྒྱུའི་སྐུལ་ལྕག་གནང་བ་རེད།

     ཞི་ཅིན་ཕིང་གིས་ཡིག་ལན་ནང་ཁྱོད་ཚོས་བློ་མཐུན་ལུའོ་དབྱང་མིག་དཔེར་བྱས་ཏེ་མཁའ་བསྐྱོད་སྒྲིག་ཆས་ཞིབ་འཇུག་དང་གསར་བཟོའི་ལས་ཡུལ་དུ་རྐང་ཚུགས་ཤིང་། ལས་འགན་དཀའ་ཉེན་ཆེ་བའི་ཁྲོད་ལག་གདང་སྦྲེལ་ནས་འབད་འཐབ་དང་བློས་འབུལ་བྱེད་ཀྱི་ཡོད། མཐུན་སྒྲིལ་འབད་འཐབ་ཀྱི་སྙིང་སྟོབས་དེ་རིགས་ནི་ཧ་ཅང་རྩ་ཆེན་པོ་ཞིག་རེད་ཅེས་གསུངས།

    ཞི་ཅིན་ཕིང་གིས་བསྟན་དོན། འཕྲིན་ཡིག་ནང་ཁྱེད་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བྱས་ཏེ། མཁའ་བསྐྱོད་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ལག་ལེན་ཚ་ཚ་འུར་འུར་ཁྲོད་ལང་ཚོའི་འོད་སྟོང་འཕྲོ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་དཔེ་ཡག་པོ་འདུག། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཀོད་པའི་འཆར་གཞི་བརྗིད་ཉམས་ཆེ་བ་དངོས་སུ་བསྒྱུར་དགོས་ན། ལས་རིགས་ཁག་གི་གཞོན་ནུ་ཚོས་འགན་ཆེན་འཁུར་ཕོད་པ་དང་སྔོན་ལ་གདོང་མཆོང་བྱ་དགོས། ཁྱོད་ཚོས་མུ་མཐུད་ནས་མཁའ་བསྐྱོད་ཀྱིས་རྒྱལ་དྲིན་གཟོ་བའི་སྙིང་སྟོབས་དར་སྤེལ་གཏོང་ཞིང་། སེམས་ཤུགས་གཅིག་སྒྲིལ་གྱིས་མཁའ་བསྐྱོད་ཚན་རྩལ་རང་ཚུགས་རང་བརྩོན་ཡོང་བའི་ཐད་དཔའ་ངར་ཧུར་སྐྱོད་དང་། མཁའ་བསྐྱོད་བཟོ་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ཐད་བྱས་རྗེས་ཧུར་ཐག་གཞག་དགོས། ཕུགས་བསམ་ལྡན་པ་དང་འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་ཐེག་པ། འབད་འཐད་བྱེད་ཕོད་པའི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱ་གང་ཐུབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་ཁྱོན་ཡོངས་ནས་སྐུལ་བའི་ཆེད་བྱས་རྗེས་གསར་པ་འཇོག་པའི་རེ་བ་ཡོད།

    2012ལོའི་ཟླ་བ11པའི་ཚེས26ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲུ་འདེགས་རྒོལ་འཇོམས་གནམ་གྲུ15རྟགས་ཅན་གྱི་ཞིབ་འཇུག་དང་གསར་བཟོ་ལས་ཡུལ་གྱི་སྤྱི་ཁྱབ་བཀོད་འདོམས་པ་དང་། ཀྲུང་གོ་མཁའ་བསྐྱོད་བཟོ་ལས་ཚོགས་པ་ཧྲེན་ཧྥེ་སྤྱི་གཉེར་ཁང་གི་རྐང་དཔོན། སྤྱི་ཁྱབ་གཉེར་དཔོན་ལུའོ་དབྱང་གཞུང་དོན་དུ་ཚེ་ལས་འདས་པའི་གནས་ཚུལ་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་མི་དང་ལས་བྱེད་པ་རྒྱ་ཆེན་གྱིས་བློ་མཐུན་ལུའོ་དབྱང་གི་རང་གཤིས་བཟང་པོ་དང་སྙིང་སྟོབས་རྩ་ཆེན་སློབ་སྦྱོང་བྱ་དགོས་པའི་བླང་བྱ་བཏོན་པ་རེད། 2013ལོ་ནས་བཟུང་མཁའ་བསྐྱོད་བཟོ་ལས་ཚོགས་པས་ལུའོ་དབྱང་གཞོན་ནུ་འཕྲལ་རྒོལ་རུ་ཁག་གཞི་སྟེགས་སུ་བྱས་ཏེ། གཞོན་ནུ་རྒྱ་ཆེན་བསྡུས་ནས་ལས་འགན་དཀའ་ཉེན་ཆེ་བའི་ཁྲོད་ལུའོ་དབྱང་ལ་སློབ་སྦྱོང་དང་གདོང་ལེན་པ་བྱེད་པ་དང་། རིམ་རྩིས་བྱས་ན་མི་འབུམ3དང་ཁྲི7དེའི་ནང་ཞུགས་ཡོད་པ་རེད། ཉེ་ཆར། ཧྲེན་ཧྥེ་སྤྱི་གཉེར་ཁང་གི་ལུའུ་དབྱང་གཞོན་ནུ་འཕྲལ་རྒོལ་རུ་ཁག་གི་ཁག་དང་པོའི་རུ་མིའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ལོ་བཅུའི་རིང་ཚན་ཞིབ་ཐོན་སྐྱེད་ཀྱི་ལས་ཡུལ་དུ་བློ་མཐུན་ལུའོ་དབྱང་གི་སྙིང་སྟོབས་སློབ་སྦྱོང་དང་ལག་ལེན་བསྟར་བའི་གྲུབ་འབྲས་སྙན་སེང་ཞུས་ནས། མུ་མཐུད་ནས་འབད་འབུངས་ཡར་བརྩོན་དང་རྒྱལ་དྲིན་འཇལ་བའི་ཆོད་སེམས་མཚོན་པ་རེད།། 

ཞི་ཅིན་ཕིང་གིས་ལུའོ་དབྱང་གཞོན་ནུ་འཕྲལ་རྒོལ་རུ་ཁག་ལ་ཡིག་ལན་གནང་།






  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་དང་ལ་ཆའོ་ལི་ནས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།