ཟླ11ནས་བཟུང་འདི་རིགས་ལ་ཁྲལ་བསྡུ་རྒྱུ་རེད།

    མི་དམངས་དྲ་བ།    2022-11-01

     གསར་འགོད་པས་ཚེས25ཉིན་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་གསལ། ཉིན་ཤས་གོང་། ནོར་སྲིད་པུའུ་དང་འགག་སྒོའི་སྤྱི་ཁྱབ་ཧྲུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་མཉམ་འབྲེལ་ཐོག་སྤྱི་བསྒྲགས་སྤེལ་ནས། འཛད་སྤྱོད་དཔྱ་ཁྲལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲལ་བསྡུའི་ལམ་ལུགས་དྲང་གཞག་གཅིག་གྱུར་ཡོང་རྒྱུར་སྲུང་སྐྱོང་བྱས་ཏེ། འཛད་སྤྱོད་དཔྱ་ཁྲལ་གྱིས་བདེ་ཐང་འཛད་སྤྱོད་ལ་ཁྲིད་སྟོན་བྱེད་པའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་ཆེད། 2022ལོའི་ཟླ11ཚེས1ཉིན་ནས་བཟུང་གློག་རྡུལ་ཐ་མག་དེ་འཛད་སྤྱོད་ཀྱི་དཔྱ་ཁྲལ་བསྡུ་བའི་ཁྱབ་ཁོངས་སུ་བཅུག་ནས། ཐ་མག་གི་ཁྲལ་གྱི་དཀར་ཆག་ནང་གློག་རྡུལ་ཐ་མག་གི་ཁྲལ་སྣོན་རྒྱུ་རེད། 
     སྤྱི་བསྒྲགས་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གློག་རྡུལ་ཐ་མག་ཐོན་སྐྱེད་དང་ནང་འདྲེན། སྡེབ་འཚོང་བྱེད་མཁན་གྱི་སྡེ་ཁག་དང་མི་སྒེར་ནི་འཛད་སྤྱོད་དཔྱ་ཁྲལ་འཇལ་མཁན་ཡིན་པ་ཁ་གསལ་བྱས་ཡོད། གློག་རྡུལ་ཐ་མག་ལ་རིན་གོང་ལྟར་རྩིས་རྒྱག་པའི་ཐབས་ཀྱིས་ཁྲལ་འཇལ་དགོས། ཐོན་སྐྱེད་དམ་ནང་འདྲེན་གྱི་ལྷུ་ཚིགས་ཀྱི་ཁྲལ་ཚད་ནི36%ཡིན་པ་དང་། སྡེབ་འཚོང་ལྷུ་ཚིགས་ཀྱི་ཁྲལ་ཚད་ནི11%ཡིན་པ་ཁ་གསལ་བསྟན་ཡོད།
     སྤྱི་བསྒྲགས་ནང་། ཁྲལ་འཇལ་མཁན་གྱིས་གློག་རྡུལ་ཐ་མག་ཐོན་སྐྱེད་དང་སྡེབ་འཚོང་བྱས་ཚེ། གློག་རྡུལ་ཐ་མག་ཐོན་སྐྱེད་དང་སྡེབ་འཚོང་བྱས་པའི་ཕྱིར་ཚོང་དངུལ་འབོར་གཞིར་བཟུང་རྩིས་བརྒྱབ་ནས་ཁྲལ་འཇལ་དགོས་ཞེས་འཁོད་ཡོད། གློག་རྡུལ་ཐ་མག་ཐོན་སྐྱེད་ལྷུ་ཚིགས་ཀྱི་ཁྲལ་འཇལ་མཁན་གྱིས་ཚབ་འཚོང་བྱེད་ཐབས་སྤྱད་དེ་གློག་རྡུལ་ཐ་མག་ཕྱིར་འཚོང་བྱས་ན། བརྒྱུད་འཚོང་ཚོང་པ(ངོ་ཚབ་ཚོང་པ)ཡིས་གློག་རྡུལ་ཐ་མག་སྡེབ་འཚོང་ཁེ་ལས་ལ་ཕྱིར་འཚོང་བྱས་པའི་ཕྱིར་འཚོང་དངུལ་གྲངས་ལྟར་རྩིས་བརྒྱབ་ནས་ཁྲལ་འཇལ་དགོས། ཁྲལ་འཇལ་མཁན་གྱིས་གློག་རྡུལ་ཐ་མག་ནང་འདྲེན་བྱས་ན། ཁྲལ་རྩིས་རིན་གོང་ཆ་ཅན་ལྟར་རྩིས་བརྒྱབ་ནས་ཁྲལ་འཇལ་དགོས། གློག་རྡུལ་ཐ་མག་ཐོན་སྐྱེད་ལྷུ་ཚིགས་ཀྱི་ཁྲལ་འཇལ་མཁན་གྱིས་གློག་རྡུལ་ཐ་མག་གི་ཚབ་ཏུ་ལས་སྣོན་བྱེད་པའི་ལས་སྒོ་གཉེར་ན། ཚོང་རྟགས་ཡོད་པའི་གློག་རྡུལ་ཐ་མག་ཕྱིར་འཚོང་དངུལ་གྲངས་དང་ཚབ་ཏུ་ལས་སྣོན་བྱས་པའི་གློག་རྡུལ་ཐ་མག་ཕྱིར་འཚོང་དངུལ་གྲངས་སོ་སོར་ཕྱེ་ནས་ཞིབ་རྩིས་རྒྱག་དགོས་པ་དང་། སོ་སོར་ཕྱེ་ནས་ཞིབ་རྩིས་མ་བརྒྱབ་ན། མཉམ་དུ་འཛད་སྤྱོད་དཔྱ་ཁྲལ་འཇལ་དགོས།

  • ལེ་ཚན་སྔོན་མ།:མཚོ་སྔོན་མྱུར་བགྲོད་གཞུང་ལམ་གྱི་དུང་འཁྱིལ་ཟམ་པ་ཐོག་མ།
  • ལེ་ཚན་རྗེས་མ།:ཚོགས་ཆེན་ཉི་ཤུ་པའི་མིང་ཚིག་ཤན་སྦྱར།
  • དོ་སྣང་ཆེ་བའི་རྩོམ།