ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས1པོའི་སྤྱི་བསྒྲགས།

    ཀྲུང་དབྱང་བོད་སྐད་རླུང་འཕྲིན།    2022-10-26

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།

(2022ལོའི་ཟླ10པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བ།)


     ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བདམས་ཐོན་བྱུང་བའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས2022ལོའི་ཟླ10པའི་ཚེས23ཉིན་པེ་ཅིང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཡོད།  བློ་མཐུན་ལི་ཞི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

     ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞུགས་དགོས་པའི་ཨུ་ཡོན133ཡོད་པ་དང་།  དངོས་སུ་ཞུགས་པ132ཡོད།  ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་།  ཧྲུའུ་ཅི་གཞོན་པ།  རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བདམས་ཐོན་བྱུང་བ་དང་།   ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་གནང་རྒྱུར་ཕུལ་ཡོད།

     ཚོགས་ཞུགས་བློ་མཐུན་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཟུར་ཞུགས་གནང་ཡོད།


  • ལེ་ཚན་སྔོན་མ།:འགན་འཁྲི་ཆེན་པོ་ཕྲག་ཏུ་ཁུར།། བྱ་གཞག་རླབས་ཆེན་གསར་པ་གཏོད།།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་འཐུས་མི་རྣམས་ལ་ཐུག་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10