ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ནང་མཐུན་སྒྲིལ་སྐོར་འདི་ལྟར་བཤད་འདུག།

    མི་དམངས་ཉིན་རེའི་ཚགས་པར།    2022-10-25

   ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། རང་གིས་རང་ལ་ཡིད་ཆེས་དང་། གཞུང་འཁྱོངས་གསར་གཏོད། ངར་སེམས་ཆེར་བསྐྱེད། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་ཡིན།

      དུས་རབས་གསར་པའི་རླབས་ཆེན་གྱི་གྲུབ་འབྲས་དག་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་དཀའ་སྤྱད་དང་། དོན་གཉེར། འབད་འཐབ་བྱས་ནས་ཐོབ་པ་ཞིག་ཡིན།
     ཀྲུང་གོའི་མི་དམངས་ཀྱི་མདུན་སྐྱོད་སྒུལ་ཤུགས་སྔར་བས་ཆེ་བ་དང་། འབད་འཐབ་ཀྱི་སྙིང་སྟོབས་སྔར་བས་ཆེ་རུ་ཕྱིན་པ། རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་སྔར་བས་བརྟན་དུ་ཕྱིན་པ། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་རླབས་ཆེན་མཆོང་སྐྱོད་ལ་སྐུལ་མ་གཏོང་བཞིན་ཡོད།
     ད་ལྟ་ནས་བཟུང་། ཀྲུང་གོའི་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན།
     མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གོ་རིམ་ལྡན་པའི་སྒོ་ནས་མི་དམངས་ཆབ་སྲིད་ལ་ཞུགས་རྒྱ་ཆེ་རུ་གཏོང་བ། མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་གྲོས་མོལ། དམངས་གཙོས་ཇུས་ཐག་གཅོད་པ། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་བྱེད་པར་ཁག་ཐེག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བརྩོན་སེམས་དང་། རང་འགུལ་བྱེད་སེམས། གསར་གཏོད་བྱེད་སེམས་བཅས་འདོན་སྤེལ་བྱས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་བཟོ་བ་དང་འཕེལ་རྒྱས་གཏོང་དགོས།
     འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭའི་བུ་ཕྲུག་ཡོངས་སྐུལ་སློང་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་པར་དམིགས་ནས་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་བསྒྲུབ་དགོས།
     རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཏང་ལམ་ལུགས་གསར་པའི་དགེ་མཚན་འདོན་སྤེལ་བྱས་ནས། དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས།
     ཤེས་དཔལ་གསོ་སྐྱོང་དང་། ཤེས་དཔལ་ལག་ལེན། ཤེས་དཔལ་གསར་གཏོད་བཅས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་སུ་ངལ་རྩོལ་སྙིང་སྟོབས་དང་། འབད་འཐབ་ཀྱི་སྙིང་སྟོབས། ལེགས་སྐྱེས་འབུལ་བའི་སྙིང་སྟོབས། གསར་གཏོད་ཀྱི་སྙིང་སྟོབས། ཧུར་བརྩོན་གྲོན་ཆུང་གི་སྙིང་སྟོབས་བཅས་དར་སྤེལ་བཏང་ནས། དུས་རབས་ཀྱི་སྲོལ་གསར་རྣམ་པ་གསར་པ་སྐྱེད་སྲིང་བྱེད་དགོས།
     འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས་དང་། མཉམ་དུ་འབད་འཐབ་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པར་བསྔགས་སྐུལ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས། 
     དུས་བཀག་ལྟར་དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་གང་མགྱོགས་འགྱུར་བར་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་རེད།
     དམག་སྲིད་བར་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
     ང་ཚོས་རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པའི་བར་མཐུན་སྒྲིལ་མཐའ་འཁྱོངས་དང་། གླིང་ཕྲན་ནང་གི་རྒྱལ་གཅེས་གཅིག་གྱུར་གྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཐུན་མོང་ཐོག་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ། མི་རིགས་ཀྱི་བདེན་དོན་བརྟན་སྲུང་བྱེད་པ། བློ་བརྟན་འགྱུར་མེད་ངང་“རང་བཙན་”ལ་ངོ་རྒོལ་དང་གཅིག་གྱུར་ཡོང་ཐབས་བཅས་བྱེད་དགོས། རླབས་ཆེན་གྱི་མེས་རྒྱལ་ནི་ནམ་ཡང་རྒྱལ་གཅེས་གཅིག་གྱུར་སྟོབས་ཤུགས་ཡོད་ཚད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་རྒྱབ་རྟེན་དེ་ཡིན།
     ཁྱོན་ཡོངས་སྤྱི་འདོམས་དང་ཕྱོགས་ཀུན་མཐུན་སྦྱོར་བྱེད་པའི་ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཐོག་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་འགན་ལེན་ཏན་ཏིག་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་འགན་ལེན་ཏན་ཏིག་བྱེད་དགོས།
     ཏང་ཡོངས་ཀྱིས་ངེས་པར་དུ་ངེས་དགོས་པ་ནི། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་སྐྲུན་བྱེད་པར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱ་རྒྱུ་ནི་དུས་རབས་གསར་པར་རང་རྒྱལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཡིན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི་ཏང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། རྒྱུགས་སྤྲོད་ལམ་ཁ་གསར་པར་སྐྱོད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཡིན། 
     མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞིང་། མཐུན་སྒྲིལ་བྱས་ཚེ་གཞི་ནས་རྒྱལ་ཁ་འཐོབ་ཐུབ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་མི་དམངས་དུང་ཕྱུར་མང་པོའི་གསར་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱེད་དགོས།
     ཏང་ཡོངས་ཀྱིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱས་ནས། མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་ལམ་ཕྱོགས་དོན་འཁྱོལ་བྱེད་པ། མི་དམངས་ཀྱི་ཐོག་མའི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། ཐམས་ཅད་མི་དམངས་ལ་བརྟེན་པ། མང་ཚོགས་ཀྱི་ཁྲོད་ནས་འོང་ཞིང་ཕྱིར་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་པ་བཅས་བྱས་ནས། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། མི་དམངས་ཀྱི་སྐྱོན་བརྗོད་དང་ལྟ་སྐུལ་ཐོག་མཐའ་བར་གསུམ་དུ་དང་ལེན་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་མོ་ལ་ཤུགས་བསྣན་ཏེ།  ལྟེ་མཐུན་སྒོར་དབྱིབས་གཅིག་གི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། 
     རྒྱ་ཆེའི་གཞོན་ནུ་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས་ཤིང་། ཕུགས་འདུན་འཆང་དགོས་ལ་ནན་ནན་ཏིག་ཏིག་ཀྱང་བྱེད་དགོས། བསམ་ཕོད་སྒྲུབ་ཕོད་ལ་ལས་ཀ་ཡག་པོའང་བསྒྲུབས་ནས། ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་ཞིག་བྱ་རྒྱུའི་སེམས་ཐག་བཅད་དེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཚ་འུར་གྱི་ལག་ལེན་ཁྲོད་ལང་ཚོའི་མེ་ཏོག་རྣམ་པར་བཞད་འཇུག་དགོས།  
     ཏང་གིས་འབད་འཐབ་རླབས་པོ་ཆེར་བརྟེན་ནས་ལོ་བརྒྱའི་རླབས་ཆེའི་བྱ་གཞག་གསར་སྐྲུན་བྱས་ཡོད་ལ། འབད་འཐབ་རླབས་པོ་ཆེར་བརྟེན་ནས་རླབས་ཆེན་གྱི་བྱ་གཞག་གསར་པ་གསར་སྐྲུན་ཡང་བྱེད་ཐུབ་ངེས་རེད།
     ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་རྒྱལ་ཁབ་ལ་མཐུན་སྒྲིལ་དམ་ཟབ་བྱས་ནས། སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་ཡོད་ལ་བརྟན་པོར་འཆང་བ་དང་། ཡིད་ཆེས་བརྟན་པོ་དང་བློ་གཅིག་སེམས་གཅིག དཀའ་སྤྱད་འབད་བརྩོན་དང་དཔའ་ངར་ཆེན་པོ་བཅས་ཀྱི་སྒོ་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ནང་མཐུན་སྒྲིལ་སྐོར་འདི་ལྟར་བཤད་འདུག།


  • ལེ་ཚན་སྔོན་མ།:སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཚོས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10