ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ལོ་རྒྱུས་མདོར་བསྡུས།

    མི་དམངས་ཉིན་རེའི་ཚགས་པར།    2022-10-25

 ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོའི་ལོ་རྒྱུས་མདོར་བསྡུས།

ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ལོ་རྒྱུས་མདོར་བསྡུས།
བློ་མཐུན་ཞི་ཅིན་ཕིང་གི་སྐུ་པར། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ།

བློ་མཐུན་ཞི་ཅིན་ཕིང་གི་ལོ་རྒྱུས་མདོར་བསྡུས།

     ཞི་ཅིན་ཕིང་། ཕོ། རྒྱ་རིགས། 1953ལོའི་ཟླ་བ6པར་འཁྲུངས། ཧྲེའན་ཞི་ཧྥུ་ཕིང་གི་མི་ཡིན། 1969ལོའི་ཟླ་བ་དང་པོར་ལས་ཀར་ཞུགས། 1974ལོའི་ཟླ་བ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས། ཆིང་ཧྭ་སློབ་ཆེན་མི་རིག་སྤྱི་ཚོགས་སློབ་གླིང་མར་ཁེ་སི་རིགས་གཞུང་དང་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་ནས་མཐར་ཕྱིན་པ་དང་། ལས་ཐོག་ཞིབ་འཇུག་སློབ་མའི་སྦྱངས་རབས་ཡོད། ཁྲིམས་ལུགས་རིག་པའི་འབུམ་རམས་པའི་བསླབས་གནས་ཡོད།

     ད་ལྟ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་བཞིན་ཡོད།

 ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ལོ་རྒྱུས་མདོར་བསྡུས།
བློ་མཐུན་ལི་ཆང་གི་སྐུ་པར། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ།

བློ་མཐུན་ལི་ཆང་གི་ལོ་རྒྱུས་མདོར་བསྡུས།

     ལི་ཆང་། ཕོ། རྒྱ་རིགས།1959ལོའི་ཟླ་བ7པར་འཁྲུངས། ཀྲེ་ཅང་རུའེ་ཨན་གྱི་མི་ཡིན།1976ལོའི་ཟླ་བ7པར་ལས་ཀར་ཞུགས། 1983ལོའི་ཟླ་བ4པར་ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས། ཀྲུང་དབྱང་ཏང་སློབ་གྲྭའི་ཞིབ་འཇུག་སློབ་མའི་སྦྱངས་རབས་ཡོད། མཐོ་རིམ་དོ་དམ་མི་སྣ་བཟོ་ཚོང་དོ་དམ་རབ་འབྱམས་པའི་བསླབས་གནས་ཡོད།

     ད་ལྟ་ཀྲུང་དབྱང་ཆབ་སྲིད་ཀྱི་རྒྱུན་ཨུ་དང་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད།

 ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ལོ་རྒྱུས་མདོར་བསྡུས།
བློ་མཐུན་ཀྲའོ་ལེ་ཅིའི་སྐུ་པར། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ།

བློ་མཐུན་ཀྲའོ་ལེ་ཅིའི་ལོ་རྒྱུས་མདོར་བསྡུས།

     ཀྲའོ་ལེ་ཅི། ཕོ། རྒྱ་རིགས།1957ལོའི་ཟླ་བ3པར་འཁྲུངས། ཧྲེའན་ཞི་ཞི་ཨན་གྱི་མི་ཡིན།1974ལོའི་ཟླ་བ9པར་ལས་ཀར་ཞུགས། 1975ལོའི་ཟླ་བ7པར་ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སྦྱངས་རབས་ཡོད།

     ད་ལྟ་ཀྲུང་དབྱང་ཆབ་སྲིད་ཀྱི་རྒྱུན་ཨུའི་འགན་བཞེས་བཞིན་ཡོད།

 ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ལོ་རྒྱུས་མདོར་བསྡུས།
བློ་མཐུན་ཝང་ཧུའུ་ཉིང་གི་སྐུ་པར། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ།

བློ་མཐུན་ཝང་ཧུའུ་ཉིང་གི་ལོ་རྒྱུས་མདོར་བསྡུས།

     ཝང་ཧུའུ་ཉིང་། ཕོ། རྒྱ་རིགས། 1955ལོའི་ཟླ་བ10པར་འཁྲུངས། ཧྲན་ཏུང་ལེ་ཀྲོའུ་ཡི་མི་ཡིན།1977ལོའི་ཟླ་བ2པར་ལས་ཀར་ཞུགས། 1984ལོའི་ཟླ་བ4པར་ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས། ཧྥུ་ཏན་སློབ་ཆེན་རྒྱལ་སྤྱི་ཆབ་སྲིད་ཚན་ཁག་རྒྱལ་སྤྱི་ཆབ་སྲིད་ཆེད་ལས་ནས་མཐར་ཕྱིན་པ་དང་། ཞིབ་འཇུག་སློབ་མའི་སྦྱངས་རབས་ཡོད། ཁྲིམས་ལུགས་རིག་པའི་རབ་འབྱམས་པའི་བསླབས་གནས་ཡོད་ཅིང་། སློབ་དཔོན་ཆེན་མོ་ཡིན།

     ད་ལྟ་ཀྲུང་དབྱང་ཆབ་སྲིད་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་བཞིན་ཡོད།

 ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ལོ་རྒྱུས་མདོར་བསྡུས།
བློ་མཐུན་ཚའེ་ཆིའི་སྐུ་པར། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ།

བློ་མཐུན་ཚའེ་ཆིའི་ལོ་རྒྱུས་མདོར་བསྡུས།

     ཚའེ་ཆི། ཕོ། རྒྱ་རིགས།1955ལོའི་ཟླ་བ12པར་འཁྲུངས། ཧྥུ་ཅན་ཡུའེ་ཞི་ཡི་མི་ཡིན། 1973ལོའི་ཟླ་བ3པར་ལས་ཀར་ཞུགས།1975ལོའི་ཟླ་བ8པར་ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས། ཧྥུ་ཅན་དགེ་འོས་སློབ་ཆེན་དཔལ་འབྱོར་དང་ཁྲིམས་ལུགས་རིག་པའི་སློབ་གླིང་ཆབ་སྲིད་དཔལ་འབྱོར་ཆེད་ལས་ནས་མཐར་ཕྱིན་པ་དང་། ལས་ཐོག་ཞིབ་འཇུག་སློབ་མའི་སྦྱངས་རབས་ཡོད། དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབས་གནས་ཡོད།

     ད་ལྟ་ཀྲུང་དབྱང་ཆབ་སྲིད་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། པེ་ཅིང2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཏང་ཚན་ཁག་གི་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད།

 ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ལོ་རྒྱུས་མདོར་བསྡུས།
བློ་མཐུན་ཏིང་ཞུའེ་ཞང་གི་སྐུ་པར། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ།

བློ་མཐུན་ཏིང་ཞུའེ་ཞང་གི་ལོ་རྒྱུས་མདོར་བསྡུས།

     ཏིང་ཞུའེ་ཞང་། ཕོ། རྒྱ་རིགས། 1962ལོའི་ཟླ་བ9པར་འཁྲུངས། ཅང་སུའུ་ནན་ཐུང་གི་མི་ཡིན།1982ལོའི་ཟླ་བ8པར་ལས་ཀར་ཞུགས། 1984ལོའི་ཟླ་བ10པར་ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས། ཧྥུ་ཏན་སློབ་ཆེན་དོ་དམ་སློབ་གླིང་སྲིད་འཛིན་དོ་དམ་ཆེད་ལས་ནས་མཐར་ཕྱིན་པ་དང་། ལས་ཐོག་ཞིབ་འཇུག་སློབ་མའི་སྦྱངས་རབས་ཡོད། གནས་ལུགས་རིག་པའི་རབ་འབྱམས་པའི་བསླབས་གནས་ཡོད། སློབ་དཔོན་རིམ་པའི་མཐོ་རིམ་ལག་རྩལ་ཆེན་མོ་བ་ཡིན།

     ད་ལྟ་ཀྲུང་དབྱང་ཆབ་སྲིད་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད།

 ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ལོ་རྒྱུས་མདོར་བསྡུས།
བློ་མཐུན་ལི་ཞིའི་སྐུ་པར། ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ།

བློ་མཐུན་ལི་ཞིའི་ལོ་རྒྱུས་མདོར་བསྡུས།

     ལི་ཞི། ཕོ། རྒྱ་རིགས།1956ལོའི་ཟླ་བ10པར་འཁྲུངས། ཀན་སུའུ་ལཱང་ཏང་གི་མི་ཡིན།1975ལོའི་ཟླ་བ7པར་ལས་ཀར་ཞུགས། 1982ལོའི་ཟླ་བ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས། ནུབ་བྱང་དགེ་འོས་སློབ་གླིང་རྒྱ་ཡིག་ཚན་ཁག་རྒྱ་ཡིག་རྩོམ་རིག་ཆེད་ལས་ནས་མཐར་ཕྱིན་པ་དང་། སློབ་ཆེན་གྱི་སྦྱངས་རབས་ཡོད། མཐོ་རིམ་དོ་དམ་མི་སྣ་བཟོ་ཚོང་དོ་དམ་རབ་འབྱམས་པའི་བསླབས་གནས་ཡོད།

     ད་ལྟ་ཀྲུང་དབྱང་ཆབ་སྲིད་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་བཞིན་ཡོད།


  • ལེ་ཚན་སྔོན་མ།:བརྗིད་ཉམས་ལྡན་པའི་སྟོབས་ཤུགས་ལ་བརྟེན་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10