ཁུལ་ཨུའི་རྩོམ་ཡིག་འདི་སི་ཁྲོན་ཉིན་རེའི་ཚགས་པར་དུ་བཀོད་འདུག།

ཐུབ་ཀྱིས་བསྒྱུར།        2022-10-20

སྤྱི་ཟླ10པའི་ཚེས17ཉིན་ལ། སི་ཁྲོན་ཉིན་རེའི་ཚགས་པར་གྱི་བསམ་བློའི་གཟའ་མཇུག་པར་ངོས་སུ་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་རིགས་གཞུང་རྩོམ་ཡིག་སྟེ།《དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ་འཐབ་རྩོད་ཀྱི་སྙིང་སྟོབས་བསྐྱེད་དགོས།》ཞེས་པ་བཀོད་ཡོད།


རྩོམ་ཡིག་ཁ་ཚང་གཤམ་གསལ་ལྟར།

👇

དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ་འཐབ་རྩོད་ཀྱི་སྙིང་སྟོབས་བསྐྱེད་དགོས།

ཁུལ་ཨུའི་རྩོམ་ཡིག་འདི་སི་ཁྲོན་ཉིན་རེའི་ཚགས་པར་དུ་བཀོད་འདུག།

དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ་འཐབ་རྩོད་ཀྱི་སྙིང་སྟོབས་བསྐྱེད་དགོས།


ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་།


   《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་བཞི་པ་ལས་འཐབ་རྩོད་བྱེད་ཕོད་པ་རྒྱུན་འཁྱོང་དགོས་ཞེས་པའི་ཆེད་དོན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱ་དགོས》ཞེས་པ་སོགས་ཀྱི་གསུང་བཤད་གལ་ཆེན་བཞི་བསྡུས་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་རྩོད་བྱེད་ཕོད་པ་ནི་རང་རེའི་ཏང་གི་ཀུན་སྤྱོད་མངོན་གསལ་དོད་པོ་ཞིག་ཡིན་པ་དང་། རང་རེའི་ཏང་གིས་འཐབ་རྩོད་ལ་བརྟེན་ནས་ད་ཆའི་བར་བསྐྱོད་ཡོད་ལ་འཐབ་རྩོད་ལ་བརྟེན་ནས་འབྱུང་འགྱུར་ལ་རྒྱལ་ཁ་ཡང་འཐོབ་པར་བྱ་དགོས་ངེས་རེད་ཅེས་དང་། འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཁུར་ནས་ ་འཐབ་རྩོད་རླབས་པོ་ཆེ་བྱེད་པའི་བློ་སྟོབས་དང་འཇོན་ཐང་རྒྱུན་མི་ཆད་པར་ཆེ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད། གསུང་བཤད་གལ་ཆེན་འདི་དག་ལ་སློབ་སྦྱོང་ནན་ཏན་བྱས་ན། ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ལ་དམིགས་ཏེ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་། བློ་དཀར་བའི་རྩ་བ་སྲུང་འཛིན། བརྟན་ལྷིང་གི་འགན་འཁྲི་འཁུར་ཕོད་པ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་བཅས་རྒྱུན་འཁྱོངས་བྱ་དགོས་པ་ང་ཚོ་ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད།

   ད་སྔར་ང་ཚོ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འགག་རྩའི་དུས་སྐབས་སུ་གནས་པ་དང་བསྒྱུར་བཅོས་འཕེལ་རྒྱས་དེ་འགག་སྒྲོལ་དཀའ་སེལ་གྱི་དུས་མཚམས་གལ་ཆེན་དུ་གནས་ཡོད། མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོར་འཕྲད་པའི་འཐབ་རྩོད་ཆེན་པོ་ཉུང་དུ་འགྲོ་མི་སྲིད། དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་འཐབ་རྩོད་ཀྱི་སྙིང་སྟོབས་བསྐྱེད་པ་ལ་རྒྱལ་སྐྱོང་དང་། མཐའ་མཚམས་བདེ་འཇགས། བོད་འབྲེལ་ས་ཁུལ་བརྟན་ལྷིང་ཡོང་བ་བཅས་ཀྱི་ནང་གནས་འབྲེལ་བར་སྟངས་འཛིན་འཕྱུགས་མེད་བྱ་དགོས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ནི་རྒྱལ་ཁབ་གཅིག་གྱུར་དང་རྒྱལ་ཁབ་བདེ་འཇགས་ལ་དོན་སྙིང་གལ་ཆེན་ཡོད་པར་ངོས་འཛིན་གང་ལེགས་བྱ་དགོས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས་གསུམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་དགོས། བོད་བརྟན་ཁམས་བདེར་ཡོང་བ་ནི་ཏང་ཀྲུང་དབྱང་གིས་དཀར་མཛེས་ཁུལ་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་ཤིག་ཡིན་པར་ངོས་འཛིན་དེ་བས་གང་ལེགས་བྱ་དགོས།

ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུ་ནི་ཨང་དང་པོ་ཡིན། 

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅངས་པ་ཡིན་ན། གཞི་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་བརྒྱུད་རིམ་ཁྲོད་མི་རིགས་ཁྱབ་ཁོངས་སུ་ཐོན་སྲིད་པའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ་པ་དང་། གཞི་ནས་ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་བསམ་བློའི་འགན་ལེན་གལ་ཆེན་མཁོ་འདོན་བྱེད་ཐུབ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུ་ནི་དཀར་མཛེས་ཁུལ་གྱི་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་གཙོ་རྐང་ཡིན་ལ་བོད་དང་འབྲེལ་བ་ཡོད་པའི་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ཡང་ཡིན་པས། ངེས་པར་དུ་མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏང་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྔ་བས་བརྟན་པོར་བཅང་བར་མེས་རྒྱལ་རླབས་པོ་ཆེ་ལ་ངོས་འཛིན་གཅིག་མཐུན་ཆེ་རུ་གཏང་དགོས་ཤིང་། དར་ཆ་གསལ་སྟོན་གྱི་སྒོ་ནས་མེས་རྒྱལ་གྱི་ལ་རྒྱ་དང་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་བ་དང་། ཁ་ཕྲལ་གྱི་བྱ་སྤྱོད་མཐའ་དག་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱ་དགོས། ཀྲུང་ཧྭ་མི་རིགས་ལ་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཐད་མཐུན་སྒྲིལ་གཅིག་གྱུར་དང་། དཔལ་འབྱོར་ཐད་ཕན་ཚུན་བརྟེན་རེས་མཉམ་གནས། རིག་གནས་ཐད་མཉམ་བསྲེས་མཉམ་སྐྱོང་བྱས་ཏེ། ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་ཐུབ་དགོས། ཀྲུང་ཧྭའི་རིག་གནས་ལ་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བ་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གི་བསམ་བློའི་སྙིང་བཅུད་དང་ཀུན་སྤྱོད་ཀྱི་སྙིང་བཅུད་བསྡུ་ལེན་གཏིང་ཟབ་བྱེད་ཅིང་། བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་མི་རིགས་རིག་གནས་ཞིབ་འཇུག་འཆད་འགྲེལ་དང་གསར་གཏོད་རང་བཞིན་གྱི་ལེགས་སྒྱུར་ཤུགས་ཆེན་བྱ་དགོས། ཀྲུང་གོ་གུང་ཁྲན་ཏང་ལ་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བ་དང་། ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་རྒྱག་པ་དང་། ཏང་གི་འདུ་འགོད་རླབས་པོ་ཆེ་བསྐྲུན་དགོས། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འཐབ་རྩོད་རླབས་པོ་ཆེ་བྱེད་པ་དང་། འདུ་འགོད་རླབས་པོ་ཆེ་སྐྲུན་པ། བྱ་གཞག་རླབས་པོ་ཆེ་ལ་སྐུལ་འདེད། ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བཅས་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏང་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་འགོ་ཁྲིད་འོག་མི་རིགས་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་གཙོ་གནད་ཅིག་ཡིན་པས་ང་ཚོས་ལས་དོན་མཐའ་དག་དེའི་ཐད་ལ་ཕྱོགས་དགོས།

འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཁུར་བ་ནི་གཙོ་གནད་ཡིན། 

   འཐབ་རྩོད་ཀྱི་སྙིང་སྟོབས་བསྐྱེད་པར་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ཐོག་ནས་གནད་དོན་ལ་ལྟ་མཁས་པོ་དང་ཆབ་སྲིད་ཀྱི་སྤྱི་ཡོངས་སྟངས་འཛིན་བྱེད་མཁས་པོ་བྱེད་ཅིང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་བྱེད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་ཞིང་། འཐབ་རྩོད་ཀྱི་སྙིང་སྟོབས་དེ་ལས་དོན་ཞིབ་ཕྲའི་ཁྲོད་དུ་སེམས་ཐག་གཙང་བཅད་ཀྱིས་ཁྱབ་པར་བྱས་ཏེ། ནང་སེམས་ལ་ཟུག་ཅིང་ཕྱི་བྱ་སྤྱོད་དུ་སྤེལ་ནས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲི་ཆུ་དང་རྨ་ཆུའི་རྒྱུད་ངོགས་སུ་ཐེངས་མང་ཕེབས་ཏེ་གཟིགས་ཞིབ་དང་མཛུབ་ཁྲིད་ཐེངས་མང་གནང་བ་དང་། ཚོགས་འདུ་གལ་ཆེན་དང་ཡུལ་དུས་གལ་ཆེན་མང་པོ་ཞིག་ཏུ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་འབྲི་ཆུའི་དཔལ་འབྱོར་དར་རྒྱུད་འཕེལ་རྒྱས་ཡོང་བ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་བཅས་ལ་ལམ་སྟོན་དང་ཁ་ཕྱོགས་གཏན་འཁེལ་གནང་བ་རེད། དཀར་མཛེས་ཁུལ་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ལྗང་མདོག་སྐྱེ་ཁམས་སྲུང་ཡོལ་ཆེ་ཤོས་དང་ཆུ་ཁུངས་གསོ་ཡུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ཡོད་པས་ངེས་པར་དུ་མིག་ལ་སྲུང་སྐྱོང་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས།

   རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ངེས་པར་དུ་འགན་འཁྲི་འཁུར་སེམས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་དང་། ངེས་པར་དུ་འགན་འཁྲི་འཁུར་ཕོད་པ། ངེས་པར་དུ་ཆ་ཤས་ཀྱིས་ཁྱོན་ཡོངས་ལ་བསྟུན་རྒྱུ་དང་རང་རྟོགས་ངང་ཁྱོན་ཡོངས་ལ་འགན་འཁུར་རྒྱུ་བཅས་རྒྱུན་འཁྱོངས་བྱ་དགོས། གཙོ་གནད་རང་བྱུང་ཐོན་ཁུངས་བྱེད་ནུས་ཁུལ་སྲུང་སྐྱོང་ལ་མུ་མཐུད་དེ་དམ་འཛིན་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བྱེད་ནུས་རིགས་དབྱེ་སྲུང་སྐྱོང་ལས་སྲིད་ཇུས་ཀྱི་ཐག་རྒྱ་དམར་པོ་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐིལ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་གཞི་ཚད་བཅས་དབྱེ་འབྱེད་བྱས་ཡོད་པ་དོན་འཁྱོལ་ཡག་པོ་བྱས་ཏེ་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་སོགས་དམ་འཛིན་ཏན་ཏིག་བྱས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་དཀར་མཛེས་ཁུལ་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་འདེགས་སྐྱོར་ཐུབ་པའི་འབྱུང་འཕྲོད་ཐཱན་ཉུང་གི་ལམ་བུར་གཏོད་དགོས།

དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་བྱ་རྒྱུ་ནི་དམིགས་འབེན་ཡིན། 

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མི་རིགས་ས་ཁུལ་གྱིས་ཐོན་ཁུངས་ཀྱི་དགེ་མཚན་དང་། འཕེལ་རྒྱས་ཀྱི་ཆ་རྐྱེན། ཁྱད་པར་གྱི་དགེ་མཚན་སོགས་དངོས་ཡོད་གནས་ཚུལ་ལ་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན། འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཞུགས་པ། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་དང་། ཐུན་མོང་ཐོག་ཕྱུག་འབྱོར་ཡོང་བ་བཅས་ཀྱི་འཇུག་སྒོ་དང་ཤུགས་རྒྱག་ས་འཕྱུགས་མེད་ངང་བཙལ་ཐུབ་དགོས། མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྤྱིའི་བཀོད་བབ་ལེགས་སུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏང་དགོས། ཐོན་སྐྱེད་འཕེལ་རྒྱས་བཏང་བ་ཡིན་ན་གཞི་ནས་དཀར་མཛེས་ཁུལ་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་ འཚོ་བ་བདེ་སྐྱིད་ལྡན་པ་དོན་གཉེར་བྱེད་པའི་རེ་འདོད་ཆེན་པོ་བསྐངས་ཐུབ། འོན་ཀྱང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་དགོས་ན་རི་མཐོན་པོར་འཛེག་པ་དང་མཚུངས་ཤིང་། དཀའ་ངལ་ལ་འཕྲད་སྐབས་མགོ་བོ་མི་སྒུར་བ་དང་། འགལ་ཟླའི་མདུན་དུ་དཔའ་མི་ཞུམ་པ། འགྲན་སློང་ཁྲོད་ཕྱིར་བཤོལ་མི་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་ཤིག་དགོས་ཀྱི་ཡོད། ལས་ཀ་སྒྲུབ་པ་ནི་དཀའ་ངལ་ལ་འཐབ་རྩོད་བྱ་རྒྱུ་དེ་ཡིན། ང་ཚོས་དཀའ་ངལ་ལ་མི་འཛེམ་པར་ཞུམ་མེད་མདུན་དུ་བསྐྱོད་དགོས་ཤིང་། ཆབ་སྲིད་ལ་དང་དོད་བྱེད་པའི་མཐོ་ཚད་ནས་དོན་འཁྱོལ་དམ་འཛིན་ལེགས་པོ་བྱེད་པ་དང་། དཀར་མཛེས་ཁུལ་གྱིས་འཕེལ་རྒྱས་ཀྱི་གནས་བབ་གསར་པ་འཛུགས་པའི་ཁྲོད་ཀྱི་ཚད་དཔོག་ལ་དམིགས་ཤིང་། ཐོན་ཁུངས་ཀྱི་དགེ་མཚན་དང་། ས་བབ་ཀྱི་དགེ་མཚན། ཁྱད་ཆོས་ཐོན་ལས་ཀྱི་དགེ་མཚན་བཅས་ལ་གཞི་ཚུགས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞིང་། དཀར་མཛེས་ཁུལ་གྱི་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་ཅིང་། དཀར་མཛེས་ཁུལ་གྱི་སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཡོང་བར་བསྐུལ་བ་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དར་སྤེལ་ཤུགས་ཆེན་གཏོང་ཞིང་། སྐྱེ་ཁམས་དམིགས་སུ་བཀར་བ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མུ་མཐུད་དེ་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱ་དགོས།

   དཀར་མཛེས་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལོན་པ་དང་། ཞིང་ཆེན་ཏང་ཨུའི་ཆབ་སྲིད་ལ་དང་དོད་དང་། འཕེལ་རྒྱས་དམ་དུ་འཛིན་པ། དམངས་འཚོར་ཕན་པ། བདེ་འཇགས་འགན་ལེན་བཅས་ཀྱི་ལས་དོན་སྤྱིའི་བསམ་ཕྱོགས་ལྟར་དངོས་གཉེར་དངོས་སྒྲུབ་དང་སྙིང་རུས་གཏན་འཁྱོངས་ཀྱིས་དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེའི་ཁྲོད་འཐབ་རྩོད་ཀྱི་སྙིང་སྟོབས་བསྐྱེད་དེ་དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན།།

ཁུལ་ཨུའི་རྩོམ་ཡིག་འདི་སི་ཁྲོན་ཉིན་རེའི་ཚགས་པར་དུ་བཀོད་འདུག།


  • ལེ་ཚན་སྔོན་མ།:སྟོན་གྱི་འབྲས་བུ་སྨིན་པའི་དྲི་ཞིམ་འཐུལ།། བདེ་སྐྱིད་འཚོ་བར་སླར་ཡང་ཡིད་ཆེས་ཁེངས།།
  • ལེ་ཚན་རྗེས་མ།:འཆི་མེད་རྡོ་རྗེས་རང་ཁུལ་གྱི་གངས་རྒྱུད་སྦྲག་ལམ་གླེང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10