ལེ་ཅན་ཕིང་གིས་ཚོཊ་ཆེན20པའི་སྙན་སེང་ལ་གསན་ནས་འདི་འདྲ་གསུངས།

ཐུབ་ཀྱིས་བསྒྱུར།        2022-10-19

    ལེ་ཅན་ཕིང་གིས་ཚོཊ་ཆེན20པའི་སྙན་སེང་ལ་གསན་ནས་འདི་འདྲ་གསུངས།

    སྤྱི་ཟླ10ཚེས16ཉིན་གྱི་སྔ་དྲོའི་ཆུ་ཚོད10པར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོག་འགོ་བཙུགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་སྙན་སེང་གལ་ཆེན་ཕུལ་བ་རེད།

   ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་གིས་གཞི་རིམ་འབྲེལ་གཏུག་བྱ་ཡུལ་དུ་ལས་བྱེད་པ་དང་མཉམ་དུ་ཚོགས་ཆེན་གྱི་གནས་ཚུལ་དང་སྙན་སེང་ལ་ལྟ་ཉན་གནང་བ་རེད།

   ལེ་ཅན་ཕིང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པའི་ཚབ་མཛད་དེ་གནང་བའི་སྙན་སེང་ནང་དུ། དུས་རབས་གསར་པའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བར་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་བྱས་ཤིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཆར་གཞི་བརྗིད་ཉམས་ཆེ་བ་བཀོད་ཡོད་ཅིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་མདུན་སྐྱོད་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད།  

    ལེ་ཅན་ཕིང་གིས་གསུངས་དོན། སྙན་སེང་ནང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་བའི་ནུས་པ་གལ་ཆེན་ཐད་ཆོད་གཏམ་གསར་པ་དང་བླང་བྱ་གསར་པ་བཏོན་པ་དེའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གྲོས་མོལ་དམངས་གཙོའི་ལས་དོན་ལ་མཐོང་ཆེན་གནང་བ་གང་ལེགས་མཚོན་པ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་བླང་བྱ་མངོན་གསལ་དོད་པོ་བཏོན་པ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཤིང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་དེས་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་ལས་ཀའི་ཁྲིད་སྟོན་བྱས་ནས་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། གྲོས་མོལ་དམངས་གཙོ་འཛུགས་སྐྱོང་སྔར་བས་གཏིང་ཟབ་ཏུ་སྤེལ་བ་དང་། “འདུ་ཤེས་བཞི”ཇེ་དྲག་གཏོང་བ་དང་། “གདེང་ཚོད་བཞི་བརྟན་དུ་གཏོང་བ།”“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་སྲིད་གྲོས་སུ་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་མཐའ་གཅིག་ཏུ་གཏང་རྒྱུ་ཡིན།

     ལེ་ཅན་ཕིང་གིས་གསུངས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པར་ཏང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློར་སྣེ་ཁྲིད་དང་འབྲེལ་བ་མཐུན་སྦྱོར། སྟོབས་ཤུགས་གཅིག་བསྡུས། ཐབས་འབུལ་ཇུས་འདོན། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་ཏང་གི་འདོད་བློ་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྲིད་གྲོས་ཀྱི་གཏན་འབེབས་དང་གྲོས་ཆོད། ཨུ་ཡོན་གྱི་ཐུན་མོང་ངོས་འཛིན་དུ་བསྒྱུར་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གྲོས་མོལ་དམངས་གཙོ་ལས་དོན་ཀྱི་བླང་བྱ་གསར་པ་དང་བཀོད་སྒྲིག་གསར་པར་དམ་པོར་དམིགས་ནས། ཏང་སྲིད་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག། སྲིད་གྲོས་ཀྱི་ནུས་པ་བཅས་ཀྱིས་ཁྲིད་ཕྱོགས་བྱས་ནས་གྲོས་མོལ་གྱི་ནང་དོན་ལེགས་འདེམས་དང་གྲོས་མོལ་གྱི་གོ་རིམ་ཚད་ལྡན། གྲོས་མོལ་བྱེད་སྟངས་ཕུན་སུམ་ཚོགས་པ་བྱས་ཏེ། བློ་འབུལ་སྲིད་ཕན་གྱི་ཆུ་ཚད་མཐོར་འདེགས་ཤུགས་ཆེན་གཏང་དགོས། མི་དམངས་སྲིད་གྲོས་མི་དམངས་ཀྱི་ཆེད་དུ་ཡིན་པའི་འགན་ནུས་མཐའ་གཅིག་ཏུ་རྒྱུན་འཁྱོངས་ཤིང་མི་དམངས་གཙིགས་སུ་འཛིན་པའི་འདུ་ཤེས་བཅངས་ཏེ། གྲོས་མོལ་དམངས་གཙོ་ཡུལ་ཤོག་དང་གྲོང་རྡལ། གྲོང་སྡེ། སྤྱི་ཁུལ། ར་བ་བཅས་སུ་སྤེལ་ནས་དམངས་ལ་གྲོས་མོལ་ངོ་མ་བྱ་ཐུབ་པ་དང་དམངས་ཀྱི་ཆེད་དུ་དོན་གཉེར་བྱ་དགོས། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོའི་རྩ་འཛུགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། ཐུན་མོང་གི་ངོས་འཛིན་གཅིག་མཐུན་གཅིག་ཏུ་བསྒྲིལ་བ་དེ་སྲིད་གྲོས་ཀྱི་འགན་ནུས་ཁག་གི་ཁྲོད་དུ་ཁྱབ་པ་དང་ཨུ་ཡོན་གྱི་འགན་སྒྲུབ་ལག་ལེན་བྱེད་སྒོ་ཁག་གི་ནང་དུ་འདྲེས་པ་དང་། ཨུ་ཡོན་གྱི་སེམས་གཏམ་གླེང་བ་དང་བཅར་འདྲི་འབྲེལ་གཏུག། སྲིད་དོན་བརྡ་ཁྱབ་བཅས་ཀྱི་ལམ་ལུགས་ནང་སྲོལ་འཐུས་ཚང་དང་དོན་ཐོག་འཁྱོལ་བ་དང་། སྲིད་གྲོས་ཨུ་ཡོན་གྱི་སློབ་སྦྱོང་གསོ་སྦྱོང་དང་བརྟག་དཔྱད་རྟོག་ཞིབ། བློ་འབུལ་སྲིད་ཕན། དམངས་གཙོ་ལྟ་སྐུལ་སོགས་ཀྱི་བརྒྱུད་རིམ་ཁྲོད་ཨུ་ཡོན་གྱི་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་བསྒྲིལ་གང་ཐུབ་བྱ་དགོས། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ངོ་བོའི་ཚད་དཔོག་མཐའ་གཅིག་ཏུ་རྒྱུན་འཁྱོངས་པ་དང། དུས་རབས་གསར་པའི་ཁུལ་དང་རྫོང་། གྲོང་ཁྱེར་གྱི་སྲིད་གྲོས་ལས་དོན་ལ་མུ་མཐུད་དེ་ཤུགས་སྣོན་དང་ལེགས་བཅོས་བྱེད་ཅིང་། གཞི་རིམ་སྲིད་གྲོས་ཀྱི་ཞན་ཆ་གཉིས་ཀྱི་གནད་དོན་བསལ་ཞིང་། རིག་མཛོད་སྟེགས་བུ་དང་གྲོས་མོལ་སྟེགས་བུ། ལས་སྒྲུབ་སྟེགས་བུ་བཅས་གསར་འཛུགས་ཧུར་ཐག་བྱ་དགོས། རང་ངོས་འཛུགས་སྐྱོང་ཤུགས་ཆེན་བྱས་ཏེ། སྲིད་གྲོས་ལ་རྒྱུས་ཡོད་པ་དང་སྲིད་གྲོས་བྱེད་ཤེས་པ། སྒྲིག་ལམ་སྲུང་བ། ཀུན་སྤྱོད་བརྩི་བ་བཅས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་ལས་བྱེད་པའི་དཔུང་སྡེ་ཞིག་བཙུགས་ཏེ། ཁུལ་ཡོངས་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་སྲིད་གྲོས་ལས་དོན་གྱི་བྱས་རྗེས་འཇོག་ཚད་རྒྱུན་ཆད་མེད་མཐོ་རུ་གཏང་དགོས།།

ལེ་ཅན་ཕིང་གིས་ཚོཊ་ཆེན20པའི་སྙན་སེང་ལ་གསན་ནས་འདི་འདྲ་གསུངས།


  • ལེ་ཚན་སྔོན་མ།:ཧྲུའུ་ཏ་ཁྲུན་གྱིས་ཚོཊ་ཆེན20པའི་སྙན་སེང་ལ་གསན་ནས་འདི་འདྲ་གསུངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10