ཀྲའོ་ལེ་ཅི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-10-18

སྤྱི་ཚེས་17ཉིན་གྱི་སྔ་དྲོ་བློ་མཐུན་ཀྲའོ་ལེ་ཅིས་ཁོང་ཞུགས་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ནང་སོག་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ནང་ཞུགས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུར་སློབ་སྦྱོང་དང་གྲོས་བསྡུར་གནང་ཡོད། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་པ་དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བསམ་བློ་གཅིག་གྱུར་དང་། སྟོབས་ཤུགས་གཅིག་སྒྲིལ། གོམས་བཞེངས་གཅིག་མཚུངས་ཀྱིས་མདུན་སྐྱོད་བྱེད་པའི་ཐད་གཏིང་ཟབ་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། བསམ་བློའི་ནང་དོན་གཏིང་ཟབ་པ། གཟིགས་རྒྱང་རིང་བ། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། རང་སྟོབས་རང་སྤེལ་མངོན་པ། མཐུན་སྒྲིལ་འབད་འཐབ་བཅས་མཐར་ཕྱིན་པ། དེ་ནི་ཏང་ཡོངས་ཀྱི་བློ་རིག་གཅིག་བསྡུས་དང་། མི་དམངས་ཀྱི་འདོད་འདུན་མངོན་པ། ཏང་ཡོངས་དང་རྒྱལ་ཁབ་བྱ་གཞག་གོང་འཕེལ་འགྲོ་རྒྱུར་མཛུབ་སྟོན་ནུས་པ་གལ་ཆེན་བཅས་ལྡན་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་ཞེས་བསྟན་གནང་ཡོད།

ཀྲའོ་ལེ་ཅིས། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེའི་འཕོ་འགྱུར་དེ་གཞི་རྩའི་ཐོག་ནས་བརྗོད་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་ཡིན་པ་དང་། ཏང་ཡོངས་ཀྱི་སྲོག་ཤིང་ལ་ཁ་ཕྱོགས་སྟོན་གནང་མཁན་ཡིན་པར་རག་ལུས་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་སྣེ་ཁྲིད་ལའང་རག་ལུས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་འགན་འཁྲི་དང་འོས་འགན་འཁུར་བ། ཡིག་རྒྱུགས་གཏོང་བའི་ལམ་བུ་གསར་པའི་ཐོག་ཡག་པོ་སྐྱོད་དགོས་པ། རང་རྟོགས་ངང་གཏན་འཁེལ་གཉིས་སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོང་དང་རྒྱུན་འཁྱོངས་བྱེད་དགོས་པ་དང་། རང་རྟོགས་ངང་འདུ་ཤེས་བཞི་སྔར་བས་ཤུགས་ཆེར་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འདུ་ཤེས་གསར་པ་དང་འཐབ་ཇུས་གསར་པ། བྱ་ཐབས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱེད་དགོས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་དང་ངོ་བོའི་བླང་བྱ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྩ་དོན་གལ་ཆེན་བཅས་དམ་པོར་བཟུང་སྟེ། ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པ་འཆང་དགོས་པ་དང་། ངེས་པར་དུ་ཁེངས་སྐྱུང་ཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་ལ་འཁེལ་བའི་ལས་འགན་ཁག་ལེགས་བསྒྲུབ་ཡག་པོ་བྱེད་དགོས་པ་དང་ལག་ལེན་ཡག་པོ་བསྟར་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲའོ་ལེ་ཅིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཏང་ཆེན་པོར་ལྡན་པའི་དཀའ་གནད་ཐག་གཅོད་བྱེད་པའི་བློ་རིག་གསལ་པོ་མཐའ་གཅིག་ཏུ་རྒྱུན་འཁྱོངས་གནང་ཡོད།

དུས་རྟག་ཏུ་ཏང་གི་རང་ངོས་གསར་བརྗེའི་ཚད་མཐོའི་རང་འགུལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང་སྤྱོད་གཙང་སྒྲིག་ནན་གྱི་རུལ་སུང་ལ་ངོ་རྒོལ་བྱེད་བཞིན་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཤུགས་རྐྱེན་གཏིང་ཟབ་ལྡན་ཡོད། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པ་དེ་ནམ་ཡང་ལམ་དུ་ཡོད་པ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པས། ལྷོད་གཡེང་གཏན་ནས་གཏོང་མི་རུང་བ་དང་ངལ་དུབ་དང་འཐབ་རྩོད་ལ་ཞེན་པ་ལོག་པའི་བསམ་བློ་གཏན་ནས་ཡོད་མི་རུང་། ངེས་པར་དུ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་མཐའ་གཅིག་ཏུ་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་ཏང་ནམ་ཡང་ངོ་བོ་མི་འགྱུར་བ་དང་རང་མདངས་མི་འགྱུར་བ། རྣམ་པ་མི་འགྱུར་བ་བཅས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བཏོན་ཡོད།

  • ལེ་ཚན་སྔོན་མ།:ལི་ཀྲན་ཧྲུའུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།
  • ལེ་ཚན་རྗེས་མ།:ལི་ཁེ་ཆང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10