ཝང་ཧུའུ་ཉིང་གིས་སྤྱི་ཚེས་17ཉིན་གྱི་སྔ་དྲོ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀུའེ་ཀྲོའུ་ཞིང་ཆེན་འཐུས་མི་ཚོགས་པའི་གྲོས་སྡུར་ནང་ཞུགས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-10-18

བློ་མཐུན་ཝང་ཧུའུ་ཉིང་གིས་སྤྱི་ཚེས་17ཉིན་གྱི་སྔ་དྲོ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀུའེ་ཀྲོའུ་ཞིང་ཆེན་འཐུས་མི་ཚོགས་པའི་གྲོས་སྡུར་ནང་ཞུགས་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས་རང་རྟོགས་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཐོག་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

སྤྱི་ཚེས་17ཉིན་གྱི་སྔ་དྲོ། ཀུས་ཀྲའུ་ཞིང་ཆེན་འཐུས་མི་ཚོགས་པའི་འཐུས་མིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུར་གཞིགས་ནས་གྲོས་སྡུར་ཚ་ཚ་འུར་འུར་བྱས་པ་རེད། འཐུས་མི་ཚོའི་གཏམ་བཤད་གསན་རྗེས་ཝང་ཧུའུ་ཉིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙན་ཞུ་ནི་དར་ཆ་མཐོན་པོར་བསྒྲེངས་བ་དང་ཁ་ཕྱོགས་གསལ་སྟོན། དུས་རབས་ཀྱི་སྣེ་ཁྲིད་པ་དང་མ་འོངས་གསར་གཏོད་བཅས་ཀྱི་སྙན་ཞུ་ཞིག་ཡིན་པ་དང་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཆབ་སྲིད་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན་རེད་ཅེས་དང་ཝང་ཧུའུ་ཉིང་གིས། དུས་རབས་གསར་པར་རླབས་ཆེན་གྲུབ་འབྲས་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྩ་ཞིང་བརྟན་པའི་འགོ་ཁྲིད་ལས་བྱུང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་པ་ལས་བྱུང་བ་ཡིན་པས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྔར་བས་རང་རྟོགས་ཀྱིས་སྲུང་སྐྱོང་བྱེད་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྔར་བས་རང་རྟོགས་ཀྱིས་སྲུང་སྐྱོངབྱེད་པ། བསམ་བློའི་ཐད་དང་ཆབ་སྲིད་ཐད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས།

ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ནང་དོན་གྱི་ཁྱད་ཆོས་དང་ངོ་བོའི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོན་པ་བྱེད་དགོས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་གཞི་རླབས་པོ་ཆེའི་བཀོད་སྒྲིག་དང་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་རང་ངོས་གསར་བརྗེའི་སྙིང་སྟོབས་ཐོག་ནས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་པོ་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཧན་ཀྲེང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཧའེ་ནན་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་ཀོང་ཞིའི་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ནང་ཞུགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10