ཡེ་ཤེས་ཀྱིས་བསྒྱུར། 2022-10-19
ཝང་ཞའོ་ཧུའེ་དང་ཧོང་ཆང་ཞུགས།
སྤྱི་ཟླ10པའི་ཚེས17ཉིན་གྱི་དགོང་མོ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་པ་པེ་ཅིང་འགྲེམས་སྟོན་ཁང་དུ་བསྐྱོད་དེ“འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི”བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།འཐུས་མི་ཚོགས་པའི་ཚོགས་གཙོ་ཝང་ཞའོ་ཧུའེ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་དཔོན། ཚོགས་གཙོ་གཞོན་པ་ཧོང་ཆང་ཞུགས་ཡོད་པ་རེད།
འགྲེམས་སྟོན་གླེང་གཞི་ཚོམས་ཆེན་དང་ལྟེ་གནས་ཕྱོགས་བསྡུས་འགྲེམས་ཁུལ། ས་གནས་ཀྱི་འགྲེམས་ཁུལ། རྒྱང་ལྟའི་འགྲེམས་ཁུལ། ཁང་ཕྱིའི་འགྲེམས་ཁུལ་དང་མཉམ་འགུལ་འགྲེམས་ཁུལ་བཅས་འགྲེམས་ཁུལ6བཀོད་སྒྲིག་བྱས་ཤིང་། རྒྱ་ཁྱོན་སྨི་ངོས་གྲུ་བཞི་ཁྲི3ལས་བརྒལ་བ། པར་རིས་དང་དངོས་རྫས། དཔེ་དབྱིབས་སོགས་འགྲེམས་སྟོན་གྱི་རྒྱུ་རྐྱེན་གཙོ་བོ6000ལྷག་ཙམ་སྤྱད་དེ་དུས་རབས་གསར་པའི་ལོ་བཅུའི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་གྲུབ་འབྲས་རླབས་ཆེན་དང་འཕོ་འགྱུར་རླབས་ཆེན་གཅིག་བསྡུས་བྱས་མཐར།འཕོ་འགྱུར་རྒྱབ་ཕྱོགས་ཀྱི་སྟོབས་ཤུགས་དང་སྒུལ་ཤུགས་མཚོན་ལ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་བསམ་བློའི་མཛུབ་ཁྲིད་མཚོན་པར་མ་ཟད། རྒྱ་ཆེའི་མི་དམངས་མང་ཚོགས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཡང་མཚོན་པ་རེད།
ཝང་ཞའོ་ཧུའེ་དང་ཧོང་ཆང་སོགས་འཐུས་མི་ཚོས་འགྲེམས་སྟོན་གྱི་ལྟ་སྐོར་ལམ་ཐིག་བརྒྱུད་ནས་འགྲེམས་སྟོན་བྱེད་ཡུལ་དུ་འོངས་ནས་འགྲེལ་བཤད་ལ་ནན་ཏན་ཉན་པ་དང་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད། དངོས་རྫས་ཀྱི་དཔེ་དབྱིབས་རེ་རེ་དང་གསོན་ཉམས་ལྡན་པའི་བརྙན་ལམ་རེ་རེ། མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་བཞིན། སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་འཐུས་མི་རྣམས་ལ་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་དངོས་གནས་མྱོང་ཚོར་བྱེད་དུ་བཅུག། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་གནང་བ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ངང་མཛུབ་ཁྲིད་གནང་བ་དེ་རེད།
ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་གྱི་བྱེ་གཞོང་དང་འབྲི་ཆུའི་སྟེང་གཞི་རྒྱ་ཧ་ཅང་ཆེ་བའི་སྐས་རིམ་ལྟ་བུའི་ཆུ་གློག་ས་ཚུགས་ཀྱི་དཔེ་དབྱིབས། སན་ཤིང་ཏུའེ་གནའ་ཤུལ་ནས་ཐོན་པའི་ལི་མིའི་མགོ་པར། ཐད་འཕུར་གནམ་གྲུ་ཆེ་གྲས་ཀྱིས་ལེའང་ཧྲན་ཁུལ་པུའུ་ཐའོ་རྫོང་ལ་ཀའོ་ཡུལ་ཤོག་ཨ་པུའུ་ལོ་ཧ་གྲོང་སྡེའི་གནས་ཚུལ་བླངས་པའི་པར་རིས་སོགས་སི་ཁྲོན་གྱི་གཞི་རྒྱུ་ལྡན་པའི་འགྲེམས་སྟོན་བྱེད་གནས་སུ་བསྐྱོད་ཡོད། འཐུས་མི་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་རབས་གསར་པར་སི་ཁྲོན་ཞིང་ཆེན་བཅོས་སྐྱོང་དར་འཕེལ་ཐད་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་མིག་ལམ་དུ་མཐོང་སྐབས། གྲུབ་འབྲས་ཆེན་པོ་ཐོབ་པར་སྤོབས་སེམས་ཆེན་པོ་སྐྱེས། འཐུས་མི་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཤིང་། འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ཅིང་། འཕོ་འགྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་བ་དང་། འགག་སྒྲོལ་རང་བཞིན་གྱི་འཕེལ་རྒྱས་རབ་དང་རིམ་པ་མངོན་འགྱུར་བྱས་ཤིང་། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་དང་། དུས་ཡུན་རིང་པོར་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་སེལ་ཞིང་། རྒྱང་རིང་དང་འབྲེལ་བ་ཡོད་པའི་དོན་ཆེན་མང་པོ་བསྒྲུབས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས་ཡོད།
ཚང་མས་མགྲིན་གཅིག་ཏུ་བཤད་དོན། ད་རེས་ལྟ་སྐོར་བྱས་པར་བརྒྱུད་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་རྒྱུ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཆེ་རུ་ཕྱིན་པ། ངེས་པར་དུ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ་བཅངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལེགས་པར་འཚོག་དགོས། སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།དོན་འཁྱོལ་བཅས་ཡག་པོ་བྱེད་ཅིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་ཡག་པོ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་པོ་དང་། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། འབད་འབུངས་ཡར་བརྩོན་དང་། ཞུམ་མེད་མདུན་སྐྱོད་བྱེད་པ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་ལེ་ཚན་གསར་པར་བྱས་རྗེས་ཧུར་ཐག་བཞག་དགོས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10