རྒྱལ་ཡོངས་ཏང་གི་འཐུས་མི་གཉིས་ཀྱིས་ཚོགས་ཞུགས་མྱོང་ཚོར་གླེང་།

ཐུབ་ཀྱིས་བསྒྱུར།        2022-10-20

    སྤྱི་ཟླ10ཚེས16ཉིན་གྱི་སྔ་དྲོའི་ཆུ་ཚོད10པར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོག་འགོ་བཙུགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པར་སྙན་སེང་ཕུལ་བ་རེད།

     རང་ཁུལ་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཧྲེན་དབྱང་དང་འཆི་མེད་རྡོ་རྗེ་གཉིས་ཀྱིས་ཡུལ་དངོས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ལ་ཉན་པའི་མྱོང་ཚོར་གླེང་བ་རེད།

     འཐུས་མི་ཧྲེན་དབྱང་གིས་ངར་སེམས་རབ་ཏུ་འཕེལ་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་། ཕྱི་དྲོར་ད་དུང་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དོན་འཁྱོལ་ནན་ཏིག་བྱ་དགོས། ང་ཚོ་དཀར་མཛེས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་དང་། བརྟན་ལྷིང་། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་ཞེས་བཤད་པ་རེད།

     འཐུས་མི་འཆི་མེད་རྡོ་རྗེས་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་གི་ནང་དུ་ཡུལ་སྡེ་དར་རྒྱས་གཏོང་བའི་སྐོར་བཤད་ཡོད། ང་ཚོས་ངེས་པར་དུ་རྨོད་ཞིང་མུའུ་དུང་ཕྱུར18ཀྱི་ཐག་རྒྱ་དམར་པོ་བསྲུངས་ནས་ཀྲུང་གོའི་བའི་ཟས་ཕོར་རང་གི་ལག་པར་དམ་པོར་གཟུང་དགོས་ཞེས་བཤད་པ་རེད།

རྒྱལ་ཡོངས་ཏང་གི་འཐུས་མི་གཉིས་ཀྱིས་ཚོགས་ཞུགས་མྱོང་ཚོར་གླེང་།


  • ལེ་ཚན་སྔོན་མ།:ཏང་གི་འཐུས་མི་ཧྲེན་དབྱང་གི་ཚོགས་ཞུགས་ཟིན་བྲིས།
  • ལེ་ཚན་རྗེས་མ།:བརྗིད་ཉམས་ལྡན་པའི་སྟོབས་ཤུགས་ལ་བརྟེན་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད།
  • དོ་སྣང་ཆེ་བའི་རྩོམ།