ང་ཡི་མེས་རྒྱལ།

ཟམ་ཚའི་ཀླུ་འབུམ་ཚེ་རིང་།        2022-10-21

ཨ་སྔོན་མཐོན་པོའི་མཁའ་དབྱིངས་སུ་སྤྲིན་དཀར་གྱི་ཕྲ་

རྒྱན་བཏེགས་ཤིང་།

ཚ་གྲང་དཀའ་སྡུག་གི་དུས་ཀྱི་འགྱུར་བག་ཁྲོད་དུ།

མ་ཡུམ་མེས་རྒྱལ་གྱི་སྲིད་འབྱོར་རིག་གསུམ་རྒྱ་

མཚོའི་རྦ་རླབས་མཁའ་རུ་འཕྱོ་ཞིང་།

གངས་རིའི་འདབས་རོལ་ན་དྭངས་གཙང་གི་ཆུ་རྒྱུན་

བཞིན་ལྷུང་ལྷུང་འབབ།

ཁྱེད་ཀྱི་ཞོགས་པ་རེ་རེས་རེ་སྨོན་གྱི་འོད་སྣང་སྤྲོ་

བཞིན་ས་གཞི་ཀུན་ཏུ་ཤར་ལ།

ཁྱེད་ཀྱི་ལྷག་བསམ་ཟོལ་མེད་ཀྱི་བྱམས་བརྩེ་ནི་དུང་

མདོག་གི་ཟླ་འོད་བཞིན་དཀར་ཞིང་གཙང་།

ཕྱིར་དྲན་གྱི་ཀློང་དུ་བདེ་སྐྱིད་དང་འཆམ་མཐུན་གྱི་

འཇིག་རྟེན་བཞེངས་ཡོད་ཅིང་།

རེ་ལྟོས་ཀྱི་ཞིང་ཁམས་སུ་བཀྲ་ཤིས་པའི་ཁ་གཡང་

དང་སྨོན་འདུན་བསྒྲོན་ཡོད།

འདི་ནི་ང་ཡི་མེས་རྒྱལ་ཡིན།

ཕ་ཡུལ་གྱི་རྩྭ་ཐང་དུ་ནོར་ལུག་གི་ཁྱུ་རྣམས་བག་

ཕེབས་རྒྱུ་ཞིང་།

སྐྱེ་དངོས་ཡོད་ཚད་དད་འདུན་དང་རེ་བའི་ཁྲོད་དུ་

འཚར་ལོངས་བྱུང་།

མ་ཡུམ་མེས་རྒྱལ་ལ་བསྟོད་པའི་དཔའ་བོའི་རྟོགས་

བརྗོད་ཀྱི་ངར་སྐད་ལ་འཇགས་པ་མེད།

མི་རིགས་སོ་སོའི་མཐུན་སྒྲིལ་ནི་རི་བོ་ཇི་བཞིན་

ལྷིང་ངེར་འགྱིངས་ཤིང་།

མི་རིགས་སོ་སོའི་བདེ་སྐྱིད་ཀྱི་འཚོ་བའི་དགོད་སྒྲ་ནི་གཙང་

བོའི་བཞུར་སྒྲ་དང་ཇི་འདྲའི་མཚུངས་ཨང་།

ཁྱེད་ཀྱི་བློ་རྒྱ་ནི་ས་གཞི་ལྟ་བུ་ཡངས་ཤིང་རྒྱ་ཆེ་ལ།

ཁྱེད་ཀྱི་སྤྱན་མིག་ནི་ནམ་མཁའ་བཞིན་དུ་གཡའ་དག་ཅིང་།

གཡོ་ཧམ་དང་བསླུ་བྲིད་ཀྱིས་ཁ་ཕྱོགས་བསྒྱུར་མི་ནུས་

པ་ཁྱེད་ཡིན་ལ།

བཙན་ཤེད་ཀྱིས་མགོ་བོ་གནོན་མི་ཐུབ་པའང་

ཁྱེད་ཉིད་ལགས།

འདི་ནི་ང་ཡི་མེས་རྒྱལ་ཡིན།

ཨེ་མ། མེས་རྒྱལ་ལགས་མ་ཡུམ།

མ་ཡུམ་ལགས་མེས་རྒྱལ།

གནས་འདིའི་མི་ལ་དྲང་བདེན་གྱི་བློ་མིག་རྣོ་ཞིང་།

གནས་འདིའི་མི་ལ་དགའ་སྡང་གི་དབྱེ་མཚམས་གསལ།

དྲི་མ་མེད་པའི་མེས་རྒྱལ།

གཞུང་རྒྱུད་འཇམ་པའི་མ་ཡུམ།

འཇིག་རྟེན་གྱི་མཛེས་སྡུག་ཡོད་ཚད་ཁྱོད་ལ་ལྡན།

ས་སྟེང་གི་དགེ་བཅུ་མ་ལུས་ཁྱོད་ལ་ཚང་།

མེས་རྒྱལ་ཡ་མེས་རྒྱལ།

མ་ཡུམ་ལགས་མ་ཡུམ།

གསོན་དང་།

བདེ་སྐྱིད་ཀྱི་འཚོ་བ།

གཟིགས་དང་།

འཆམ་མཐུན་གྱི་སྤྱི་ཚོགས།

འདི་ནི་ང་ཡི་མེས་རྒྱལ་ཡིན།



  • ལེ་ཚན་སྔོན་མ།:མེ་ཏོག་མཆོད་པའི་ལྷ་མོ།
  • ལེ་ཚན་རྗེས་མ།:ཚོགས་ཆེན་ཉི་ཤུ་པ་ལ་ཕུལ།