ཚོགས་ཆེན་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

ཨོ་རྒྱན་གྱིས་བསྒྱུར།        2022-10-20

    ཚེས18ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོ་ནས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། བློ་མཐུན་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་།

     གྲོས་ཚོགས་ཐོག། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་སྙན་སེང་སྐོར་གྱི་གྲོས་ཆོད(འཆར་ཟིན)དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་ཀའི་སྙན་སེང་སྐོར་གྱི་གྲོས་ཆོད(འཆར་ཟིན)། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན)》གྱི་གྲོས་ཆོད(འཆར་ཟིན)བཅས་འཐུས་མི་ཚོགས་པ་སོ་སོར་གྲོས་བསྡུར་བྱ་རྒྱུར་འབུལ་པར་གྲོས་འཆམ་བྱུང་།

     ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཁྲེན་ཞི་ཡིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན་གྱི་གདམ་བྱའི་འོས་མིའི་གྲ་སྒྲིག་འོས་མའི་གྲོས་འགོ་མིང་ཐོའི་སྐོར་གསལ་བཤད་བྱས།

     གྲོས་ཚོགས་ཐོག། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན་གྱི་གདམ་བྱའི་འོས་མིའི་གྲ་སྒྲིག་འོས་མའི་གྲོས་འགོ་མིང་ཐོར་གྲོས་འཆམ་བྱུང་བར་མ་ཟད་འཐུས་མི་ཚོགས་པ་ཁག་ལ་གྲོས་བསྡུར་བྱེད་པར་འབུལ་བ་རེད།

     གྲོས་ཚོགས་ཐོག། འཐུས་མི་ཚོགས་པ་ཁག་གིས་གྲོས་བསྡུར་བྱས་པའི་ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས་ལ་གྲོས་འཆམ་བྱུང་བ་རེད། གྲོས་ཚོགས་ཐོག་ད་དུང་འདེམས་ཤོག་ལྟ་ཞིབ་པ་དང་། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོར་གྲོས་འཆམ་བྱུང་བ་དང་། དངོས་སུ་འདེམས་བསྐོ་བྱེད་དུས་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བར་འབུལ་རྒྱུ་རེད།།

ཚོགས་ཆེན་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།


  • ལེ་ཚན་སྔོན་མ།:འཆི་མེད་རྡོ་རྗེས་རང་ཁུལ་གྱི་གངས་རྒྱུད་སྦྲག་ལམ་གླེང་།
  • ལེ་ཚན་རྗེས་མ།:ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་སྐད་ཆ་འདི་དག་ཡིད་ལ་ངེས་དགོས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10