2022-10-20
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ནང་གི་ལེགས་བཤད།
西藏自治区新词术语藏文翻译规范委员会翻译规范
བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་ཕབ་སྒྱུར་བཀས་བཅད་བྱས།
1.党立志于中华民族千秋伟业,致力于人类和平与发展崇高事业,责任无比重大,使命无上光荣。全党同志务必不忘初心、牢记使命,务必谦虚谨慎、艰苦奋斗,务必敢于斗争、善于斗争,坚定历史自信,增强历史主动,谱写新时代中国特色社会主义更加绚丽的华章。
ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བྱ་གཞག་རླབས་པོ་ཆེ་བསྒྲུབ་རྒྱུར་བརྩོན་སེམས་སྐྱེད་པ་དང་། མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བླ་མེད་བྱ་གཞག་དོན་གཉེར་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པས་དེ་ནི་འགན་འཁྲི་ཧ་ཅང་ཆེན་པོ་དང་ལས་འགན་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བཅས་བྱས་ཏེ་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་བཏང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་མཚར་དེ་བས་ཆེ་བའི་ལེའུ་རྩོམ་དགོས།
2.经过不懈努力,党找到了自我革命这一跳出治乱兴衰历史周期率的第二个答案,确保党永远不变质、不变色、不变味。
འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཏང་གིས་རང་ངོས་གསར་བརྗེ་བྱེད་པ་སྟེ་ཞི་ཟིང་དར་རྒུད་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་འཁོར་རྒྱ་ནས་ཐར་བར་བྱེད་པའི་ཐབས་ཤེས་གཉིས་པ་འདི་རྙེད་ནས་ཏང་འདི་ཉིད་དུས་ནམ་ཡང་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བའི་འགན་ལེན་བྱས་ཡོད།
3.新时代的伟大成就是党和人民一道拼出来、干出来、奋斗出来的!
དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་དཀའ་སྤྱད་དང་། དོན་གཉེར། འབད་འཐབ་བཅས་བྱས་ནས་ཐོབ་པ་ཞིག་ཡིན།
4.新时代十年的伟大变革,在党史、新中国史、改革开放史、社会主义发展史、中华民族发展史上具有里程碑意义。
དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་དེར་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་གོང་འཕེལ་གྱི་ལོ་རྒྱུས་བཅས་ཀྱི་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
5.中国共产党为什么能,中国特色社会主义为什么好,归根到底是马克思主义行,是中国化时代化的马克思主义行。
ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དགོས་དོན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡིན་དགོས་དོན་དེ་མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་ཡང་དག་པ་དང་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་ཡང་དག་པར་བརྟེན་ནས་བྱུང་བ་རེད།
6.从现在起,中国共产党的中心任务就是团结带领全国各族人民全面建成社会主义现代化强国、实现第二个百年奋斗目标,以中国式现代化全面推进中华民族伟大复兴。
ད་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དེ་ཡིན།
7.中国式现代化是人口规模巨大的现代化,是全体人民共同富裕的现代化,是物质文明和精神文明相协调的现代化,是人与自然和谐共生的现代化,是走和平发展道路的现代化。
ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན་དང་། མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་ལྡན་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་བདེ་གོང་འཕེལ་གྱི་འགྲོ་ལམ་ཐོག་སྐྱོད་པའི་དེང་རབས་ཅན་བཅས་ཡིན།
8.中国人民和中华民族从近代以后的深重苦难走向伟大复兴的光明前景,从来就没有教科书,更没有现成答案。党的百年奋斗成功道路是党领导人民独立自主探索开辟出来的,马克思主义的中国篇章是中国共产党人依靠自身力量实践出来的,贯穿其中的一个基本点就是中国的问题必须从中国基本国情出发,由中国人自己来解答。
ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ནི་ཉེ་རབས་ཀྱི་རྗེས་སུ་དཀའ་སྡུག་ཚད་མེད་ཁྲོད་ནས་བསྐྱར་དར་རླབས་པོ་ཆེའི་འོད་ཟེར་ལྡན་པའི་མདུན་ལམ་ཕྱོགས་སུ་བསྐྱོད་པ་ཞིག་ཡིན་པས། དེར་སྔོན་ཆད་བྱུང་བའི་དཔེ་གཞི་འཛིན་ས་མེད་ལ་ད་ལྟ་གང་བྱེད་ཀྱི་ལམ་སྟོན་གསལ་བཤད་ནི་དེ་བས་ཀྱང་མེད། ཏང་གིས་ལོ་བརྒྱའི་འབད་འཐབ་བྱས་ནས་ལེགས་གྲུབ་བྱུང་བའི་འགྲོ་ལམ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རང་བཙན་རང་བདག་ཐོག་འཚོལ་ཞིབ་གསར་གཏོད་བྱས་པ་ཞིག་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཀྲུང་གོའི་ལེའུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་རང་གི་སྟོབས་ཤུགས་ལ་བརྟེན་ནས་ལག་བསྟར་བྱས་ཏེ་བྱུང་བ་ཞིག་ཡིན་ཞིང་། དེའི་ནང་གི་གཞི་རྩའི་གནད་འགག་ཅིག་ནི་ཀྲུང་གོའི་གནད་དོན་ངེས་པར་དུ་ཀྲུང་གོའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་བསྟུན་ནས་ཀྲུང་གོ་བ་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་པ་དེ་ཡིན།
9.坚持道不变、志不改,既不走封闭僵化的老路,也不走改旗易帜的邪路,坚持把国家和民族发展放在自己力量的基点上,坚持把中国发展进步的命运牢牢掌握在自己手中。
འགྲོ་ལམ་མི་སྒྱུར་བ་དང་བློ་སྟོབས་མི་གཡོ་བ་མཐའ་འཁྱོངས་བྱེད་དགོས་ཤིང་། སྒོ་སྡོམ་མཁྲེགས་བཟུང་གི་ལམ་རྙིང་པར་མི་འགྲོ་ལ། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་མི་འགྲོ་བར། རྒྱལ་ཁབ་དང་མི་རིགས་གོང་འཕེལ་གཏོང་རྒྱུ་དེ་རང་གི་སྟོབས་ཤུགས་ཀྱི་གཞི་རྩར་བཞག་ནས་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་གོང་འཕེལ་ཡར་ཐོན་ཡོང་བའི་ལས་དབང་དེ་རང་གི་ལག་ཏུ་དམ་པོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས།
10.增强全党全国各族人民的志气、骨气、底气,不信邪、不怕鬼、不怕压,知难而进、迎难而上,统筹发展和安全,全力战胜前进道路上各种困难和挑战,依靠顽强斗争打开事业发展新天地。
ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་སྟོབས་དང་། ལ་རྒྱ། གདེང་སྤོབས་བཅས་ཆེ་རུ་གཏོང་བ་དང་། ལོག་བཤད་ལ་ཡིད་མི་ཆེས་པ་དང་། གདོན་བགེགས་ལ་མི་སྐྲག་པ། མགོ་གནོན་ལ་མི་སྐྲག་པ། དཀའ་བ་ཁྱད་དུ་བསད་ནས་མདུན་སྐྱོད་དང་ངལ་བ་དང་དུ་བླངས་ནས་ཡར་བརྩོན་བྱས་ཐོག གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། བློ་བརྟན་ཞུམ་མེད་ཀྱིས་འཐབ་རྩོད་བྱེད་པར་བརྟེན་ནས་བྱ་གཞག་གོང་འཕེལ་གཏོང་བའི་གནམ་ས་གསར་པ་གཏོད་དགོས།
11.坚持以最大诚意、尽最大努力争取和平统一的前景,但决不承诺放弃使用武力,保留采取一切必要措施的选项。
国家统一、民族复兴的历史车轮滚滚向前,祖国完全统一一定要实现,也一定能够实现!
ལྷག་བསམ་དག་ཤོས་དང་འབད་བརྩོན་ཆེ་ཤོས་ཀྱི་ཐོག་ནས་ཞི་བས་གཅིག་གྱུར་ཡོང་བའི་མདུན་ལྗོངས་བརྩོན་ལེན་མཐའ་འཁྱོངས་བྱེད་རྒྱུ་ཡིན་མོད། འོན་ཀྱང་དྲག་ཤུགས་མི་སྤྱོད་པའི་ཁས་ལེན་རྩ་བ་ནས་མི་བྱེད་པར། དགོས་ངེས་ཀྱི་བྱ་ཐབས་ཡོད་ཚད་སྤྱོད་རྒྱུའི་གདམ་ག་སོར་འཇོག་བྱ་རྒྱུ་ཡིན།
རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་འཕེལ་ཕྱོགས་ཆེན་པོའི་མདུན་དུ་མེས་རྒྱལ་ཡོངས་སུ་གཅིག་གྱུར་ཐུབ་པ་བྱེད་དགོས་ངེས་རེད་ལ་གཅིག་གྱུར་ཐུབ་ངེས་ཀྱང་རེད།
12.腐败是危害党的生命力和战斗力的最大毒瘤,反腐败是最彻底的自我革命。只要存在腐败问题产生的土壤和条件,反腐败斗争就一刻不能停,必须永远吹冲锋号。
རུལ་སུངས་ནི་ཏང་གི་གསོན་ཤུགས་དང་འཐབ་ཤུགས་ལ་གནོད་འཚེ་བཟོ་བའི་དུག་སྐྲན་ཆེ་ཤོས་དེ་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ནི་ཆེས་མཐར་ཕྱིན་པའི་རང་ངོས་ཀྱི་གསར་བརྗེ་ཡིན། རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་ཡོད་ཕྱིན་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐད་ཅིག་ཙམ་ཡང་མཚམས་མ་བཞག་པར་ངེས་པར་དུ་ནམ་ཡང་དྲན་སྐུལ་གྱི་དུང་བརྡ་གཏོང་དགོས།
13.时代呼唤着我们,人民期待着我们,唯有矢志不渝、笃行不怠,方能不负时代、不负人民。全党必须牢记,坚持党的全面领导是坚持和发展中国特色社会主义的必由之路,中国特色社会主义是实现中华民族伟大复兴的必由之路,团结奋斗是中国人民创造历史伟业的必由之路,贯彻新发展理念是新时代我国发展壮大的必由之路,全面从严治党是党永葆生机活力、走好新的赶考之路的必由之路。
དུས་རབས་ཀྱིས་ང་ཚོར་འབོད་བརྡ་གཏོང་བ་དང་མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱེད་བཞིན་ཡོད་པས། འགྱུར་མེད་དམ་འཇོག་དང་ལྷོད་མེད་འབད་བརྩོན་བྱས་ན་གཞི་ནས་དུས་རབས་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་འགྲོ་གི་མ་རེད། ཏང་ཡོངས་ཀྱིས་ངེས་པར་དུ་སེམས་ནང་བརྟན་པོར་ངེས་དགོས་པ་ནི། ཏང་གིས་ཕྱོགས་ཡོངས་ལ་འགོ་འཁྲིད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་གཏོད་བྱེད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པའི་ནང་རང་རྒྱལ་འདི་ཉིད་གོང་འཕེལ་སྟོབས་ཆེར་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི་ཏང་གི་གསོན་ཤུགས་ནམ་ཡང་ཉམས་མེད་དང་རྒྱུགས་འབུལ་གྱི་ལམ་བུ་གསར་པར་ཡག་པོ་སྐྱོད་ཐུབ་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་བཅས་རེད།
14.党用伟大奋斗创造了百年伟业,也一定能用新的伟大奋斗创造新的伟业。
ཏང་གིས་འབད་འཐབ་རླབས་པོ་ཆེར་བརྟེན་ནས་ལོ་བརྒྱའི་བྱ་གཞག་རླབས་པོ་ཆེ་གསར་གཏོད་བྱས་ཡོད་ལ། འབད་འཐབ་རླབས་པོ་ཆེ་གསར་པའི་ཐོག་ནས་བྱ་གཞག་རླབས་པོ་ཆེ་གསར་པའང་གཏོད་ཐུབ་ངེས་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10