བརྗིད་ཉམས་ལྡན་པའི་སྟོབས་ཤུགས་ལ་བརྟེན་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད།

ཀུན་དགས་བསྒྱུར།        2022-10-21

རང་ཁུལ་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་སེང་ལ་གྲོས་བསྡུར་བྱས།

བརྗིད་ཉམས་ལྡན་པའི་སྟོབས་ཤུགས་ལ་བརྟེན་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད།
ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་འབོ་ཞབས་བར་བརྒལ་བཀོད་སྒྲིག་བྱ་ཡུལ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འགོ་ཚུགས་ཚོགས་འདུར་གཅིག་སྡུད་ཀྱིས་ལྟ་ཉན་བྱེད་བཞིན་པའི་ཚུལ།

སྤྱི་ཟླ10པའི་ཚེས16ཉིན་གྱི་སྔ་དྲོའི་ཆུ་ཚོད10པར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་དུ་འཚོགས། བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཚོགས་ཆེན་ལ་སྙན་སེང་ཞུས་ཤིང་། སྐབས་དེར་ལེ་བར་སྟོང་གི་རྒྱང་ས་ཡོད་པའི་རང་ཁུལ་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱེད་ཐབས་སྣ་མང་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འགོ་ཚུགས་ཚོགས་ཆེན་ལ་ལྟ་ཉན་ནན་ཏན་བྱས། ཏང་གི་འདོད་བློ་ནི་དམངས་སེམས་དང་གཅིག་འབྲེལ་ཡོད་པས་ཚང་མར་ལྕག་སྐུལ་ཚད་མེད་ཐེབས་པས་མ་ཚད། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། བྱ་སྤྱོད་དངོས་ཀྱི་ཐོག་ནས་བརྗིད་ཉམས་ལྡན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས་འབྱུང་འགྱུར་ཕྱོགས་སུ་ཧུར་ཐག་བསྐྱོད་དེ་འབད་འབུངས་མདུན་སྐྱོད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་བརྟེན་ནས་དུས་རབས་གསར་པ་གཏོད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་དེ་ལྟར་བཤད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་སེང་ལ་རང་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། སྙན་སེང་ནང་ཐེངས་བརྒྱ་ལྷག་བཏོན་པའི་མི་དམངས་དང་།ཡུལ་སྡེ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ།འབྱུང་འཕྲོད་འཕེལ་རྒྱས་སོགས་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ཡོངས་ཁྱབ་ཏུ་ཐུན་མོང་གི་ངོས་འཛིན་ཆགས་ཡོད། ཚང་མའི་བསམ་བློར་བློ་མཐུན་ཞི་ཅིན་ཕིང་གི་སྙན་སེང་དེ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོག་ནས་མི་སེམས་ངར་ཤུགས་སློང་བ་དང་།རླབས་ཆེན་གྱི་བསམ་བློས་མི་སེམས་གཅིག་ཏུ་སྒྲིལ་བ།བརྗིད་ཉམས་ཆེ་བའི་འཆར་འགོད་ཀྱིས་མི་སེམས་ལ་སྐུལ་མ་གཏོང་བ་ཞིག་ཡིན་པས་དེ་ནི་མར་ཁེ་སི་རིང་ལུགས་ཀྱི་འོད་སྟོང་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད།ཁུལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་འབད་འབུངས་ཡར་བརྩོན་དང་།གཞུང་དྲང་གསར་གཏོད།ཞུམ་མེད་མདུན་སྐྱོད་བྱ་རྒྱུར་སྐུལ་ལྕག་ཐེབས་ངེས་ཡིན་པའི་ངོས་འཛིན་མཐའ་གཅིག་ཏུ་བྱས།

དར་མདོ་གྲོང་ཁྱེར་གཡག་ར་ཡུལ་ཤོག་ཟམ་གཉིས་པ་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྲ་གོ་ཆིང་གིས་དུས་ཐོག་ཏུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འགོ་ཚུགས་ཚོགས་འདུའི་ཐད་གཏོང་ལ་བལྟས་པ་དང་། དེ་རྗེས་ཏང་གི་འཕྲིན་སྦྱོར་ཐོག་ནས་སྙན་སེང་ལ་ཐེངས་མང་ལྟ་ཉན་བྱས། ཁོས་བློ་མཐུན་ཞི་ཅིན་ཕིང་གིས་ཞུས་པའི་སྙན་སེང་ལ་ཉན་རྗེས་ང་ལ་སེམས་འགུལ་ཐེབས་བྱུང་།འཕེལ་རྒྱས་ཀྱི་གྲུབ་འབྲས་མཐོང་ཐོས་བྱུང་དུས་ང་ལ་སྤྲོ་སེམས་འཕེལ་བྱུང་ཞེས་བཤད། གྲོང་སྡེའི་སྣེ་ཁྲིད་པ་ཡིན་པའི་ཆ་ནས། ཧྲ་གོ་ཆིང་ནི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་མཁན་དང་།དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་མྱོང་ཚོར་ཡོད་མཁན། ལོ་དེ་དག་ནང་ཁམས་པའི་མཐོ་སྒང་གི་གྲོང་སྡེ་དང་འབྲོག་ཁུལ་དུ་འགྱུར་ལྡོག་ཕྱིན་པའི་བདེན་དཔང་བ་ཞིག་ཀྱང་རེད།ཁོས་ཏང་གི་འགྱུར་མེད་སྟོབས་ལྡན་གྱིས་འགོ་ཁྲིད་འོག་ང་ཚོས་ས་གནས་དེ་གའི་ཆུ་ཚན་རིག་གནས་སྔོག་འདོན་དང་ས་འོག་ཚ་ནུས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་ཡུལ་སྐོར་ལ་བརྟེན་ནས་གྲོང་སྡེ་དར་རྒྱས་གཏོང་བའི་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་དེ།ཆུ་ཚན་ཁང་དང་ལུས་གསོ། སྤྲོ་གསེང་བཅས་ཀྱི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བར་མ་ཟད།གྲོང་མི་ཚོ་སྣེ་ཁྲིད་དེ་ཡུལ་སྡེ་དར་རྒྱས་འགྲོ་རིང་གོམ་སྟབས་བརྟན་པོའི་ངང་མདུན་སྐྱོད་ཀྱང་བྱེད་བཞིན་ཡོད་ཅེས་བཤད།

ཁུལ་ཆུ་བེད་ཅུས་ཆུ་སྲུང་ཁོའོ་ཡི་ལས་སྒྲུབ་མི་སྣ་ཝང་ཀྲེན་ཧྥེ་ཡིས་དུས་རབས་གསར་པའི་ལོ10ཡི་ནང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་མི་རྣམས་སྤོབས་པ་སྐྱེ་འོས་པའི་གནས་སུ་གྱུར་ཡོད། ཁོས་རྟག་ཏུ་སྙན་སེང་གི་མཇུག་མཐའ་ལ་གཞོན་ནུ་སྟོབས་ལྡན་ཡིན་ན།རྒྱལ་ཁབ་སྟོབས་ལྡན་ཡིན་ཞེས་པའི་ཆ་འབུལ་ལན་སྤྲོད་ཀྱི་བཀའ་སློབ་ཀྱིས་རང་ཉིད་ལ་དུས་ནམ་ཡང་སྐུལ་མ་གཏོང་བ་བརྗེད་མི་རུང་། ཚོགས་ཆེན་གྱི་སྙན་སེང་ནང་གི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ།འཐབ་ཇུས་གསར་པ་བཅས་ལས་སྒྲུབ་ལས་གཏོད་ཀྱི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ནས་རང་ཁུལ་གྱི་ཆུའི་ཉེན་ཁ་སེལ་བར་འགན་ལེན་ནུས་ལྡན་བྱེད་པ་དང་།ཆུའི་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱེད་པ། ཆུའི་སྐྱེ་ཁམས་མངོན་གསལ་དོད་པོས་ལེགས་སུ་གཏོང་བ། ཆུའི་ཁོར་ཡུག་ནུས་ལྡན་ངང་བཅོས་སྐྱོང་བྱེད་པའི་ཚ་ཚ་འུར་འུར་གྱིས་ལག་ལེན་ཁྲོད་ལང་ཚོའི་མེ་ཏོག་བཞད་པར་བྱ་དགོས་ཞེས་བཤད།

9•5ས་འགུལ་གྱི་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་བར་བརྒལ་བཀོད་སྒྲིག་བྱས་པའི་སྟབས་བདེའི་ཁང་པའི་འབོ་ཞབས་ཀྱི་སྒར་ཚུགས་དང་པོའི་བློ་འཁེལ་ཐང་ཆེན་ཐོག་མང་ཚོགས་ཨོའུ་དབྱང་མིང་གིས་སྙན་སེང་ནང་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་མངོན་འགྱུར་ནུས་ལྡན་བྱེད་པའི་སྲ་བརྟན་གྱི་དམག་འཐབ་མཁར་རྫོང་དུ་བསྐྲུན་རྒྱུ་དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཤད། ད་ཐེངས་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་རྒྱ་ཆེའི་ཏང་ཡོན་གདོང་མཆོང་བྱས་པ་དང་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་།དམག་འཐབ་ནུས་པ།འགོ་ཁྲིད་ནུས་པ།འབོད་སྐུལ་ནུས་པ་བཅས་ཀྱིས་འགུལ་འགོག་གནོད་སེལ་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དེར་བརྟེན། ངས་ཏང་ནང་དུ་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་ཕུལ་ནས་ཧུར་ཐག་གིས་ཏང་གི་རྩ་འཛུགས་ལ་ཉེ་བཅར་བྱས་ཏེ།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཞིག་ཏུ་གྱུར་རྒྱུའི་རེ་བ་འཆང་བཞིན་ཡོད་ཅེས་བཤད།

ཉིན་དེར།བློ་འཁེལ་ཐང་ཆེན་དུ་ལས་འགན་སྒྲུབ་མཁན་ཁུལ་སྤྱི་བདེ་ཅུས་ཀྱི་ཆེད་འགན་འཁུར་མཁན་ཉེན་རྟོག་ཉིང་ལག་རུ་ཁག་གི་རོགས་སྐྱོབ་གདོང་ལེན་པ་ཆིན་ཞའོ་ཆང་གིས་དུང་དཀར་ལུང་པ་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ལས་ཡུལ་དང་པོའི་ལས་མི་དང་བཀོད་སྒྲིག་བྱ་ཡུལ་གྱི་ལས་བྱེད་པ་དང་། མང་ཚོགས་དང་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཚོག་འགོ་ཚུགས་པའི་ཐད་གཏོང་བརྙན་ལམ་ལ་བལྟས་པ་རེད། ཁོས་སྤྱི་ཁྱབ་ཧྲུའུ་ཅིས་ཕྱོགས་སྟོན་མཛད་ནས་རླབས་ཆེན་གྱི་འཕོ་འགྱུར་མངོན་འགྱུར་བྱུང་བར་ཏང་དང་རྒྱལ་ཁབ་ཀྱི་ངར་སེམས་འཕེལ་བར་མ་ཟད།ད་དུང་ཚོགས་ཆེན་གྱི་སྙན་སེང་ནང་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་བྱ་རྒྱུ་བཀོད་སྒྲིག་ཞིབ་ཕྲ་བྱས་པར་དམིགས་བསལ་དོ་སྣང་བྱས་ཤིང་། ཁོས་དུས་བདེ་ནི་ཆེས་གལ་འགངས་ཆེ་བའི་དམངས་འཚོ་ཞིག་ཡིན་ལ། ཆེས་གཞི་རྩའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་ཀྱང་རེད།ང་དང་ལས་རོགས་ཚོས་ཆེད་འགན་འཁུར་མཁན་ཉེན་རྟོག་པའི་འགན་འཁྲི་དང་ལས་འགན་མུ་མཐུད་དེ་བསྒྲུབས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཟབ་མོ་སྒུལ་ཤུགས་སུ་བསྒྱུར་ཏེ་བློ་གཅིག་སེམས་གཅིག་དང་དཀའ་སྤྱད་ལས་སྒྲུབ་བྱེད་མཁན་གྱི་མི་དམངས་ཉེན་རྟོག་པ་ཞིག་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་སྲུང་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་གྱི་ལས་འགན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

འགོ་ཚུགས་ཚོགས་འདུ་མཇུག་འགྲིལ་རྗེས། བྲག་འགོ་རྫོང་སྙི་པ་ཡུལ་ཤོག་ཚེ་གནས་གྲོང་སྡེར་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཧྲུའུ་ཅི་དང་པོ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བྲག་འགོ་རྫོང་ཁྲལ་དོན་ཅུས་ཀྱི་ལས་སྒྲུབ་མི་སྣ་ཁྲེན་ཝང་དང་གྲོང་སྡེ་ཡོངས་ཀྱི་ཏང་ཡོན་མང་ཚོགས་ཀྱིས་གྲོང་སྡེ་རིམ་པའི་བྱེད་སྒོ་སྤེལ་ཁང་དུ་བསྡད་ནས་སྙན་སེང་ལ་སློབ་སྦྱོང་བྱས་པ་རེད། ཁྲེན་ཝང་གིས་ལོ་དེ་དག་ནང་ང་ཚོའི་གྲོང་སྡེའི་དབུལ་ཞྭ་ཕུད་ཐུབ་པ་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ་དེ་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ཡོང་བ་རེད། ་ཕྱིན་ཆད་ཀྱི་འཚོ་བ་ཉིན་བཞིན་ཡར་རྒྱས་འགྲོ་བ་དང་དར་རྒྱས་ཀྱི་ལམ་བུའི་ཐོག་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་གི་ཡོད།འོན་ཀྱང་གྲོང་སྡེ་ཡག་པོ་ཡོད་པས་ཞིང་པ་ཕྱུག་འགྱུར་དེ་ཙམ་གྱིས་མི་ཚད་པར་རྗེས་མཐུད་ཀྱི་བསམ་པའི་རིག་གནས་འཚོ་བ་དང་སྤྱི་ཚོགས་འགན་ལེན་ཡང་བྱེད་ཐུབ་ཀྱི་ཡོད། སྙན་སེང་ནང་ངེས་པར་དུ་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་དང་།ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་རྒྱུར་སྐུལ་འདེད་གཏོང་བ།མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་རྒྱུན་མི་ཆད་པར་མངོན་འགྱུར་བྱ་དགོས་ཞེས་བཏོན་པར་ཞིང་འབྲོག་མང་ཚོགས་རྣམས་ལ་དགའ་སྤྲོ་རབ་ཏུ་འཕེལ་ནས་ཚང་མས་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ལ་ངར་ཤུགས་ཀྱང་འཕེལ་ཡོད་ཅེས་བཤད།

དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་རི་ཚད་གྲོང་སྡེའི་ཡུལ་མི་རྒྱལ་མཚན་ཕུན་ཚོགས་ཀྱིས་ཡུན་མི་རིང་བའི་སྔོན་དུ་ནི་བརྔ་བསྡུ་བྱེད་པའི་དུས་ཚིགས་ཡིན་ཞིང་།ད་ལོ་གྲོང་སྡེ་ཡོངས་སུ་ནས་ཀྱི་ཐོན་ཚད་རྒྱ་མ144000ལྷག་ཙམ་ལ་ཟིན་ཡོད།ངའི་ཁྱིམ་དུ་དེ་མིན་གྱི་དབྱར་རྩྭ་དགུན་འབུ་དང་ཤ་མོང་སོགས་འཐུ་བའི་ཡོང་འབབ་ཡོད་ཅིང་། དེ་བཞིན་ཉེ་བའི་ལོ་གཉིས་ནང་ས་ཞིང་ནང་བཤུག་བྱས་ནས་དར་མདོ་གྲོང་ཁྱེར་གྱི་རྒྱ་ལུགས་སྨན་རྒྱུ་འདེབས་འཛུགས་ཞིང་པའི་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི10ཙམ་རག་གི་ཡོད་ཅེས་བཤད། ཡོང་འབབ་དེ་དག་ནི་ཏང་གི་དམངས་ཕན་སྲིད་ཇུས་ལས་བྱུང་བར་མ་ཟད།ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལས་བྱུང་བ་རེད་ཅེས་བཤད།།



  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཏང་གི་འཐུས་མི་གཉིས་ཀྱིས་ཚོགས་ཞུགས་མྱོང་ཚོར་གླེང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།