ཏང་གི་འཐུས་མི་ཧྲེན་དབྱང་གི་ཚོགས་ཞུགས་ཟིན་བྲིས།

ཐུབ་ཀྱིས་བསྒྱུར།        2022-10-20

ཏན་ཏན་ཏིག་ཏིག་དང་། དཀའ་སྤྱད་འབད་འཐབ། ལེགས་སྒྲུབ་ལེགས་གྲུབ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཡོང་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་བྱས་རྗེས་འབུལ་དགོས།

ཏང་གི་འཐུས་མི་ཧྲེན་དབྱང་གི་ཚོགས་ཞུགས་ཟིན་བྲིས།

ཏང་གི་འཐུས་མིའི་ཚོགས་ཞུགས་ཟིན་བྲིས།



ཏང་གི་འཐུས་མི་ཧྲེན་དབྱང་གི་ཚོགས་ཞུགས་ཟིན་བྲིས།

མཛེས་ཁུལ་ཨུའི་ཧྲུའུ་ཅི། ཧྲེན་དབྱང་། ༼དཀྱིལ།༽

     ཚོགས་ཆེན་གྱི་སྙན་སེང་ལ་ནན་ཏན་གྱིས་ཉན་པ་དང་སློབ་སྦྱོང་བྱས་རྗེས། དུས་རབས་གསར་པའི་ལོ་བཅུའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དེས་སྐུལ་མ་ཐེབས་སུ་བཅུག་པ་དང་། འབྱུང་འགྱུར་ལོ་ལྔ་དང་ཐ་ན་དེ་བས་རིང་བའི་དུས་སྐབས་སུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་འབེན་བརྗིད་ཆགས་ཆེན་པོས་ངར་སེམས་རབ་ཏུ་བསླངས་བྱུང་ལ། སྙན་སེང་གི་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱས་ཡོངས་སུ་ཁྱབ་ཡོད་པ་དེས་བརྩོན་སྐུལ་ཆེན་པོ་བྱས་སོང་།

     དཀར་མཛེས་ཁུལ་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“དམ་འཛིན་ནན་པོ་ལྔ་”ཡི་བླང་བྱ་གལ་ཆེན་ལྟར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་རྒྱུན་འཁྱོངས་ཏེ། འཐབ་ཇུས་ཀྱི་བསམ་གཞིག་དང་། ལོ་རྒྱུས་ཀྱི་བསམ་གཞིག། རྩོད་སྒྲུབ་ཀྱི་བསམ་གཞིག། རྒྱུད་རིམ་ལྡན་པའི་བསམ་གཞིག། གསར་གཏོད་ཀྱི་བསམ་གཞིག། ཁྲིམས་སྐྱོང་གི་བསམ་གཞིག། མཐིལ་ཚད་ཀྱི་བསམ་གཞིག་བཅས་ཀྱི་ནུས་པ་ཆེ་རུ་གཏོང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུས་གཙོ་རྐང་ བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་སྲུང་སྐྱོང་། གནོད་རྗེས་བསྐྱར་སྐྲུན། རིམས་ནད་འགོག་ཟོན་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱས་ནས་ཏན་ཏན་ཏིག་ཏིག་དང་། དཀའ་སྤྱད་འབད་འཐབ། ལེགས་སྒྲུབ་ལེགས་གྲུབ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཡོང་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་བྱས་རྗེས་འབུལ་དགོས།



  • ལེ་ཚན་སྔོན་མ།:ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་སྐད་ཆ་འདི་དག་ཡིད་ལ་ངེས་དགོས།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཏང་གི་འཐུས་མི་གཉིས་ཀྱིས་ཚོགས་ཞུགས་མྱོང་ཚོར་གླེང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10