ནད་ཡམས།

འཆིང་གྲོལ།        2022-10-14

མིག་སྔར་སུན་སྣང་གིས་མཁའ་དབྱིངས་

གཙེས་ཏེ་སྤྲིན་པ་གཉིད་དུ་བཞག

དེ་དང་མཉམ་དུ་འདའ་འདུར་དང་ཁྱར་

ཁྱོར་གྱིས་ལོག་པའི་ངང་ཚུལ་དེའང་ཡལ་སོང་།

འོན་ཀྱང་། ང་ཚོར་ད་དུང་ནད་ཡམས་ཀྱི་

ངང་ཚུལ་དེ་བསླངས་བྱུང་།

སློབ་གྲོགས་ཚོ་སྔར་བཞིན་འུར་ལངས་ཏེ་སྒོ་

དང་སྒེའུ་ཁུང་བར་མཚམས་མེད་པར་

ཕྱེས་པ་རེད། ཡིན་ཡང་ནད་པའི་གྲངས་

ཀ་འདི་དག་མཐོང་རྗེས་ངའི་ལུས་

སེམས་ལ་འདར་སིག་འཆོར་ཡོང་།

མ་སྐྲག་དང་།

ང་ཚོ་ནི་བརྩེ་བ་ཡིན། ང་ཚོ་ལ་བརྩེ་བ་

གསར་གཏོད་བྱེད་པའི་ནུས་པ་ཡོད།

ང་ཚོ་ནི་འོད་ཡིན། ང་ཚོ་ལ་འོད་སྣང་

བསྐྲུན་པའི་ནུས་པ་ཡོད།

ང་ཚོ་ནི་ཕུགས་བསམ་ཡིན། ང་ཚོར་

དོན་དངོས་བསྒྱུར་བཀོད་བྱེད་པའི་ནུས་པ་ཡོད།

ང་ཚོ་ནི་བློ་དཀར་ཡིན། ང་ཚོར་དགེ་

བའི་ལས་འབྲས་ལ་ལེགས་

སྐྱེས་འབུལ་བའི་བསམ་པའི་

སྟོབས་ཤུགས་ཡོད།

ང་ཚོ་ནི་དད་མོས་ཡིན། ང་ཚོར་

ནད་ཡམས་འདི་ལྡོག་པའི་སྤོབས་པ་ཡོད།

རྒྱལ་ཁབ་ཀྱི་བདེན་དོན་ཆེད་དུ་

རང་སྲོག་བློས་གཏོང་བའི་སྤོབས་པའང་ཡོད།

ཁ་རྩང་ཞོགས་པར་ཟི་ལིང་དུའང་

ནད་ཡམས་འཕྱུར་བཞིན་འདུག

ང་རླངས་འཁོར་འབབ་ཚུགས་ཀྱི་

ཁྱམས་སུ་ལངས་ནས་འཚང་ག་ཞིག་

གི་མི་ཚོགས་ལ་ཅེར་ཏེ་ད་ལྟ་

དངོས་སུ་དུས་མཐའི་བྲེལ་

འཚུབ་ཀློང་དུ་ཐོན་འདུག་སྙམ།

ང་ཚོས་གྱེས་ཁ་མའི་ཞེན་ཆགས་དང་བུ་

ལོན་གྱིས་ཉར་དགོས་བྱུང་ཡང་སྤུན་

ཟླ་ཚོ་ང་ཚོས་ད་དུང་ལག་རྡང་ཡུག་

གཅིག་གིས་དམ་དུ་སྦྲེལ་ཏེ་ནད་

ཡམས་འདི་ལ་ངོ་རྒོལ་བྱེད།



  • ལེ་ཚན་སྔོན་མ།:དུང་བའི་གླུ།
  • ལེ་ཚན་རྗེས་མ།:མེ་ཏོག་མཆོད་པའི་ལྷ་མོ།