ནོར་བུས་བྲིས་ཤིང་པར་བླངས། 2022-10-12
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་ཁྱོན་ཡོངས་ནས་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུར་སྐྱོད་པའི་འགག་རྩར་ཐུག་པའི་དུས་སྐབས་སུ་སྐོང་འཚོག་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་གྲོས་ཚོགས་ཤིག་ཡིན།
ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་རླབས་ཆེན་གྱི་དུས་སྐབས་འདིར་སྤྲོ་སེམས་ཆེན་པོས་བསུ་བ་དང་རྟེན་འབྲེལ་ཞུ་ཆེད། སྤྱི་ཟླ10པའི་ཚེས12ནས18ཉིན་གྱི་བར། དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། དཀར་མཛེས་ཁུལ་རིག་གནས་ཁང་དང་དཀར་མཛེས་ཁུལ་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི“སྣག་དང་སྨྱུག་གིས་ཏང་གི་བཀའ་དྲིན་བསྟོད། རྒྱང་སྐྱོད་ལམ་བུ་གསར་པར་འབད་འཐབ་བྱེད།”ཅེས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཕུལ་བྱུང་ཡིག་གཟུགས་བརྩམས་ཆོས་ཀྱི་འགྲེམ་སྟོན་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་པ་རེད།
འགྲེམ་སྟོན་གྱི་བྱེད་སྒོ་ལས་རིགས་ཁག་གི་ཡིག་གཟུགས་བརྩམས་ཆོས500ཙམ་བསྡུ་ཡོད་པ་དང་། དེ་ལས་ཡིག་གཟུགས་མཁས་ཅན་བརྒྱད་ཅུ་ལྷག་གི་བོད་རྒྱ་ཡིག་གཟུགས་བརྩམས་ཆོས་ཕུལ་བྱུང130བདམས་ནས་དཀར་མཛེས་ཁུལ་རིག་གནས་ཁང་དུ་འགྲེམ་སྟོན་བྱ་རྒྱུ་རེད།
ཐེངས་འདིའི་འགྲེམས་ཞུགས་བརྩམས་ཆོས་དག་བརྗོད་བྱ་གཙོ་བོར་དམིགས་ནས་དྲང་ཕྱོགས་ཀྱི་ནུས་པ་ཁྱབ་སྤེལ་དང་། སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས་རླབས་ཆེན་གྱི་ཏང་དང་མེས་རྒྱལ་ལ་བསྔགས་བརྗོད་བྱས་པ་དང་། དུས་རབས་གསར་པའི་འཚོ་བ་གསར་པ་དང་འགྱུར་ལྡོག་གསར་པར་བསྔགས་བརྗོད་བྱས་པ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཤིང་། རྒྱ་ཆེའི་མང་ཚོགས་ལ་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་པར་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ནུས་ཤུགས་གཅིག་ཏུ་འགྲིལ་བ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10