《སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིགས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

མི་དམངས་ཉིན་རེའི་ཚགས་པར།        2022-10-13

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ10ཚེས7ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིགས》ཞེས་པ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

        རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་། ཏང་སྐྱོང་བར་ངེས་པར་དུ་ནན་པོ་དགོས་པ། ཏང་ནན་པོས་སྐྱོང་བར་ངེས་པར་དུ་བཅའ་ཁྲིམས་ལ་བརྟེན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་འདོམས་བྱེད་པའི་མཐོ་ཚད་ཐོག་ནས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་རྒྱུ་མཐའ་འཁྱོངས་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་སྐྱོང་བར་གཅིག་འདོམས་སྐུལ་འདེད་དང་གཞི་གཅིག་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་སྒྲིག་ཡིག་ལག་བསྟར་ནན་པོ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བས། ཅུང་འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་གྲུབ་པ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་ཕྱིན་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། ཏང་འཛུགས་སྐྱོང་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྒྲིག་སྲོལ་ལྟར་ཏང་སྐྱོང་རྒྱུར་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དེ་དག་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་དོན་གཏིང་ཟབ་པ་བཅས་ཡོད། ང་ཚོས་སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་དང་། ཏང་གིས་ཡུན་རིང་སྲིད་སྐྱོང་བ་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་འགན་སྲུང་བྱེད་པའི་ཐད་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་ཀྱི་ནུས་པ་གལ་ཆེ་སྔར་བས་འདོན་སྤེལ་བྱེད་པ། ཏང་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་ཀྱི་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་བར་འགན་ལེན་ཏན་ཏིག་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་ཡོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

        《རྣམ་བཤད་བཏུས་བསྒྲིགས》དེ་ཆེད་དོན10ལ་དབྱེ་ཡོད་པ་དང་། ཁྱོན་རྣམ་བཤད་ཁག400ཡོད་ཅིང་། དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ11ཚེས15ཉིན་ནས2022ལོའི་ཟླ6ཚེས17ཉིན་བར་གྱི་སྙན་ཞུ་དང་། གསུང་བཤད། རྩོམ་ཡིག མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན180ལྷག་ཙམ་ཁྲོད་ནས་བཏུས་བསྒྲིགས་བྱས་པ་ཞིག་རེད། དེའི་ནང་གི་རྣམ་བཤད་ཁག་ཅིག་ནི་ཡོངས་བསྒྲགས་འགྲེམས་སྤེལ་བྱེད་ཐེངས་དང་པོ་རེད།


  • ལེ་ཚན་སྔོན་མ།:དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི།
  • ལེ་ཚན་རྗེས་མ།:《2021ལོ་ནས2035ལོའི་བར་གྱི་རྒྱལ་ཁབ་གནའ་དཔེ་ལས་དོན་འཆར་འགོད》སྤྱི་བསྒྲགས་ལག་བསྟར་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།