ཚེས12ལ་ཚོགས་ཆེན་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་སྤྱད་འགོ་ཚུགས་རྒྱུ།

        2022-10-11

སྤྱི་ཟླ10པའི་ཚེས12ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་སྤྱད་འགོ་ཚུགས་རྒྱུ་དང་འབྲེལ་ཕྱི་ཕྱོགས་ལ་སྣེ་ལེན་དང་ཞབས་ཞུ་ཞུ་རྒྱུ་རེད།

     གསར་འགོད་པས་འབྲེལ་ཡོད་ཕྱོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ10པའི་ཚེས12ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་སྤྱད་འགོ་ཚུགས་རྒྱུ་དང་འབྲེལ་ཕྱི་ཕྱོགས་ལ་སྣེ་ལེན་དང་ཞབས་ཞུ་འགོ་ཚུགས་རྒྱུ་རེད། གསར་འགྱུར་ལྟེ་གནས་ཀྱི་གསར་འགོད་པ་ཞབས་ཞུ་ཁུལ་ནི་པེ་ཅིང་དུས་རབས་གསར་པའི་རི་ཧང་མགྲོན་མཁར་དུ་བཙུགས་པ་རེད།

     གསར་འགྱུར་ལྟེ་གནས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཅར་འདྲིར་ཕེབས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་བཅས་ཀྱི་འཕྲིན་སྦྱོར་གསར་འགོད་པ་དང་ཕྱི་རྒྱལ་འཕྲིན་སྦྱོར་གསར་འགོད་པ་ཚོར་བཅར་འདྲིའི་ལག་ཁྱེར་སྤྲད་རྒྱུ་དང་། བཅར་འདྲི་དང་ལེན་བྱེད་པ། ཚོགས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྒྲིག་འཛུགས། གསར་འགོད་པ་ཚོགས་ཆེན་གྱི་བཅར་འདྲིའི་བྱེད་སྒོར་ཞུགས་རྒྱུའི་བཀོད་སྒྲིག་བཅས་བྱ་རྒྱུ་རེད།

     གསར་འགྱུར་ལྟེ་གནས་ཀྱི་དྲྭ་ཚུགས(http://20th.cpcnews.cn)དང་འབྲེལ་ཡོད་འཕྲིན་སྟེགས་ཨང་གྲངས(འཕྲིན་སྟེགས་ཨང་གྲངས། ཞིན་ལང་པོད་ཕྲན་ཨང་གྲངས། དེ་རིང་གི་གསར་འགྱུར་གཙོ་ཤོས)སྤྱི་ཟླ10པའི་ཚེས10ཉིན་གྱི་ཆུ་ཚོད12ཐོག་སྒོ་ཕྱེ་ཡོད་ལ། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དང་གསར་འགྱུར་ལྟེ་གནས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ། གསར་འགོད་པའི་བཅར་འདྲིའི་བྱེད་སྒོའི་སྤྱི་བསྒྲགས་སོགས་དགོད་རྒྱུ་ཡིན་པ་རེད། དྲྭ་ཚུགས་ཐོག“གསར་འགོད་པའི་ཆེད་ཁུལ”བཙུགས་ནས་ཐོ་འགོད་བྱས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་ཆ་འཕྲིན་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ།

གསར་འགྱུར་ལྟེ་གནས་ཀྱི་ས་ཁོངས་ནང་གི་གསར་འགོད་པའི་སྣེ་ལེན་ཚོ་ཆུང་གི་འབྲེལ་གཏུག་ཁ་པར། 68356200དང68356300

གཟུགས་འཕྲིན་ཨང་གྲངས། 68356700དང68356800

ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གསར་འགོད་པའི་སྣེ་ལེན་ཚོ་ཆུང་གི་འབྲེལ་གཏུག་ཁ་པར་ཨང་གྲངས། 68350700དང68350800

གཟུགས་འཕྲིན་ཨང་གྲངས། 68350900དང68351900

ཕྱི་རྒྱལ་གྱི་གསར་འགོད་པའི་སྣེ་ལེན་ཚོ་ཆུང་གི་འབྲེལ་གཏུག་ཁ་པར། 68350100དང68350200

གཟུགས་འཕྲིན་ཨང་གྲངས། 68350400དང68350500བཅས་རེད།



ཨོ་རྒྱན་གྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་ཨུ་ལྷན་སྐབས19པའི་ཚང་འཛོམས་གྲོས་ཚོགས་ཐེངས7པ་འཚོགས།
  • ལེ་ཚན་རྗེས་མ།:གཏམ་བཟང་། དོན་དག་རིགས་22ཞིང་ཆེན་བརྒལ་ནས་བསྒྲུབ་ཐུབ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10