ཧྲེན་དབྱང་གིས་ས་འགུལ་གནོད་འཚེ་ཐེབས་ཡུལ་དུ་བརྟག་ཞིབ་གནང་།

ཡེ་མགོན་གྱིས་བསྒྱུར།        2022-10-09

ཧྲེན་དབྱང་གིས་ལྕགས་ཟམ་ཁའི་ས་འགུལ་གྱིས་གནོད་འཚེ་ཐེབས་ཡུལ་དུ་བརྟག་ཞིབ་དང་གཙོ་གནད་ལས་དོན་བཀོད་གཏོང་གནང་སྐབས། 

ནུས་ཤུགས་ཡོད་རྒུས་ཉེན་ཁ་འགོག་ཟོན་བྱས་ནས་བརྟན་བརླིང་སྲུང་སྐྱོང་དང་བརྟན་ཁྲོད་འཕར་སྣོན། དམངས་འཚོར་ཕན་ཐོགས་འགན་ལེན་བྱས་ཏེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གིས་དུས་བདེ་ཞི་མཐུན་སྤྲོ་སྐྱིད་ངང་རྒྱལ་སྟོན་རོལ་བར་འགན་ལེན་བྱ་དགོས་ཞེས་གསུངས།


ཧྲེན་དབྱང་གིས་ས་འགུལ་གནོད་འཚེ་ཐེབས་ཡུལ་དུ་བརྟག་ཞིབ་གནང་། 

  རྒྱལ་སྟོན་དུས་ཆེན་གྱི་གུང་སེང་སྐབས་སུ་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ལྕགས་ཟམ་ཁའི་ས་འགུལ་གནོད་འཚེ་ཐེབས་ཁུལ་དུ་ཐེངས་གཉིས་ཕེབས་ནས་གནོད་འཚེ་ཐེབས་པའི་མང་ཚོགས་ལ་བདེ་འདྲི་གནང་ཞིང་འཚམས་འདྲི་ཞུས་པ་དང་ཆབས་ཅིག། ས་གནས་ཁག་དང་སྡེ་ཚན་ཁག་གི་ལས་རེས་དང་གཙོ་གནད་ལས་དོན་སྤེལ་ཚུལ་བརྙན་ལམ་བཀོད་གཏོང་གནང་བ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་དུས་ཆེན་སྐབས་སུ་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་པ་དང་ལས་བཟོ་པ་ཚོར་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད། ཁོང་གིས་ནུས་ཤུགས་ཡོད་རྒུས་ཉེན་ཁ་འགོག་ཟོན་དང་བརྟན་བརླིང་སྲུང་སྐྱོང་། བརྟན་ཁྲོད་འཕར་སྣོན། དམངས་འཚོར་ཕན་ཐོགས་པའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་འགན་འཁྲི་དེ་ལས་དོན་གྱི་ལེ་ཚན་ཆེས་ཆུང་གྲས་སུ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་བདེ་ཞི་མཐུན་སྤྲོ་སྐྱིད་ཀྱི་རྒྱལ་སྟོན་ལ་རོལ་བར་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྲེན་དབྱང་གིས་ས་འགུལ་གནོད་འཚེ་ཐེབས་ཡུལ་དུ་བརྟག་ཞིབ་གནང་།

   སྤྱི་ཟླ10པའི་ཚེས4ཉིན་ཧྲེན་དབྱང་གིས་གཙོ་སྐྱོང་གནང་ནས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ཏེ་རྫོང(གྲོང་ཁྱེར)ཁག་ཁ་ཤས་དང་འཚུབ་བསྟུན་དོ་དམ། འགྲིམ་འགྲུལ་སྐྱེལ་འདྲེན། རིག་གནས་ཡུལ་སྐོར། རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་གི་ལས་དོན་སྙན་སེང་ཞུས་པར་གསན་འཇོག་གནང་བ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་ནན་ཏན་བྱས་ནས་ཐོན་སྐྱེད་ཉེན་མེད་དང་རིམས་ཚུལ་འགོག་ཟོན་བཙན་སྡོམ། སྤྱི་ཚོགས་བརྟན་བརླིང་། གནོད་འགོག་དང་གནོད་སེལ་སོགས་ཀྱི་ལས་དོན་ལ་སྔར་ལྷག་གིས་ཞིབ་འཇུག་དང་བཀོད་སྒྲིག་མཛད་པ་རེད། ཧྲེན་དབྱང་གིས་རྒྱལ་སྟོན་གུང་གསེང་རིང་ཁུལ་ཡོངས་སུ་དུས་ཆེན་གྱི་དགའ་སྣང་ཆེན་པོ་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡིན་པ་དེ་དག་ནི་ལས་གྲྭ་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་དུ་འབད་བརྩོན་བྱས་པའི་འབྲས་བུ་རེད། ཁོང་གིས་ནན་གསུང་གནང་དོན། ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་ཉེན་མེད་ཡོང་བར་དམ་འཛིན་ཡག་པོ་བྱས་ནས་ཉེན་ཡོད་རྫས་འགྱུར་དངོས་རྫས་དང་། རང་སྐྲུན་སྡོད་ཁང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས། བཟའ་བཅའ་དང་སྨན་རྫས། གཞུང་ལམ་འགྲིམ་འགྲུལ། འཛུགས་སྐྲུན་ཨར་ལས་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་སྒྲིག་འཛུགས་ལག་ལེན་བྱས་ཤིང་། ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་གནས་ཡུལ་དུ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏང་དགོས། ནུས་ཤུགས་ཡོད་རྒུས་ལོ་འཁོར་གྱི་དམིགས་ཡུལ་ལ་མཐའ་འཇུག་གདོང་མཆོང་བྱས་ནས་དཔལ་འབྱོར་ལ་འབད་འཐབ་བྱས་ཏེ་འཛུགས་སྐྲུན་བྱེད་པ། དུས་ཚིགས་བཞི་པར་འབད་འཐབ་བྱས་ཤིང་ཉིན་བརྒྱ་ལ་ཤུགས་ཆེན་རྒྱག་པ། ལས་གཞི་དམ་འཛིན་བྱས་ནས་མ་དངུལ་གཏོང་འཇོག་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ཞབས་ཞུའི་འགན་ལེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ལེགས་སྐྱེས་འབུལ་དགོས། 

ཧྲེན་དབྱང་གིས་ས་འགུལ་གནོད་འཚེ་ཐེབས་ཡུལ་དུ་བརྟག་ཞིབ་གནང་།

    སྤྱི་ཟླ10པའི་ཚེས5ཉིན་ཧྲེན་དབྱང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་གཙོ་སྐྱོང་གནང་ནས་འཚོགས་པའི་བརྙན་ལམ་བཀོད་གཏོང་ཚོགས་འདུར་ཞུགས་ནས་འབྲེལ་ཡོད་ལས་དོན་སྙན་སེང་ཞུས་པར་མ་ཟད། ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་དང་གཡག་རྔ་ནས་དར་མདོའི་མགྱོགས་བགྲོད་གཞུང་ལམ་གྱི་ཕྱི་བུད་ནང་འཛུད་བྱེད་ས་སོགས་སུ་ཕེབས་ནས་རིམས་ཚུལ་འགོག་ཟོན་བཙན་སྡོམ་དང་འགྲིམ་འགྲུལ་ཤར་གཏོང་། ཡུལ་སྐོར་ཞབས་ཕྱི་འགན་སྲུང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ཞིབ་བཤེར་མཛད་པ་རེད། ཧྲེན་དབྱང་གིས་ཉེན་མེད་འགན་ལེན་དང་ཤར་གཏོང་འགན་ལེན། ཞབས་ཕྱིའི་འདུ་ཤེས་སྔར་བས་ཇེ་དྲག་ཏུ་བཏང་ནས་བཀོད་འདོམས་ཀྱི་ཕན་འབྲས་མཐོ་བ་དང་། ཉེན་རྟོག་པ་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ཏེ་དུས་ཡུན་རིང་པོར་འགྲིམ་འགྲུལ་འགག་འཚང་བྱུང་བ་སོགས་ཀྱི་གནས་ཚུལ་མི་འབྱུང་བ་བྱས་ནས་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་དང་གདེང་འཇོག་བྱེད་ཚད་མཐོ་རུ་བཏང་ནས་དཀར་མཛེས་ཁུལ་གྱི་སྣང་བརྙན་བཟང་པོ་གང་ལེགས་མཚོན་པ་བྱ་དགོས། 

    གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་གྱི་དར་མདོའི་ཕྱིར་བུད་ནང་འཛུད་བྱེད་ཡུལ་དུ་ཕེབས་སྐབས། ཧྲེན་དབྱང་གིས་རིམས་འགོག་མི་སྣ་དང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་འཐབ་འཛིང་པ་བཅས་ལ་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཡུལ་དངོས་སུ་འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་དང་དེ་བཞིན་མི་སྣ་ཚགས་བཤེར། ཆ་འཕྲིན་ཐོ་འགོད། དཔྱད་བཤེར་ཨང་རྟགས་གཉིས་བཅས་ཀྱི་འགོག་ཟོན་བཙན་སྡོམ་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་གཟིགས་ཞིབ་མཛད་པ་རེད། ཧྲེན་དབྱང་གིས་མྱུར་བགྲོད་གཞུང་ལམ་ནི་རིམས་ཚུལ་འགོག་ཟོན་བཙན་སྡོམ་གྱི་མདུན་སའི་འཐབ་ར་ལྟ་བུ་ཡིན་པས་བསམ་བློ་ལྷོད་གཡེང་མི་གཏོང་བ་དང་ཚད་གཞི་དམའ་རུ་མི་གཏོང་བ། ཤུགས་ཚད་ཆུང་དུ་མི་གཏོང་བ་བྱས་ཏེ་སྡེ་ཁག་སོ་སོས་གཞོགས་འདེགས་དམ་ཟབ་དང་མཉམ་འགུལ་མཉམ་རོགས་བྱས་མཐར། རིམས་ཚུལ་འགོག་བཙན་སྡོམ་དང་ཤར་གཏོང་ཐོགས་མེད་ཡོང་རྒྱུ་ཚང་མར་ལྟ་རྟོག་བྱས་ནས“ཕྱི་ནས་ཁྱབ་མཆེད་ཡོང་བར་འགོག་ཟོན”བྱེད་སའི་འགག་སྒོ་ཨང་དང་པོ་བརྟན་སྲུང་མཐའ་གཅིག་ཏུ་བྱ་དགོས།

ཧྲེན་དབྱང་གིས་ས་འགུལ་གནོད་འཚེ་ཐེབས་ཡུལ་དུ་བརྟག་ཞིབ་གནང་།

    དུས་ཆེན་སྐབས་སུ། ཧྲེན་དབྱང་གིས་སྤྱི་ཟླ10པའི་ཚེས1དང་ཚེས5ཉིན་གཉིས་ལ་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་དང་གདན་ཐོག་གྲོང་རྡལ་དུ་ཕེབས་ཏེ་སྤྱི་ཟླ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་བྱུང་བའི་ས་འགུལ་ཁྲོད་གནོད་འཚེ་ཐེབས་པའི་ལས་བྱེད་པ་དང་མང་ཚོགས་ལ་བདེ་འདྲི་གནང་བ་དང་། ཡུལ་དངོས་སུ་ས་གཤིས་གནོད་འཚེ་འགོག་བཅོས་དང་ཉེན་ཡོད་སྡོད་ཁང་ཉེན་སེལ་བྱས་པ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ། བར་བརྒལ་བཀོད་སྒྲིག་དང་གནོད་སྐྱོན་ཐེབས་རྗེས་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་གནང་བར་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་མཉམ་འབྲེལ་བྱེད་སའི་གནོད་འཚེ་ཐེབས་པའི་དུད་ཚང་གི་ཁྱིམ་དུ་འཚམས་འདྲིར་ཕེབས་པ་རེད། འབོ་ཞབས་གྲོང་རྡལ་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དང་གདན་ཐོག་གྲོང་རྡལ་གྱི་དར་རྒྱས་བཀོད་སྒྲིག་བྱ་ཡུལ་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་རྒྱལ་གཅེས་ཀྱི་བརྩེ་སེམས་རབ་ཏུ་རྒྱས། ཧྲེན་དབྱང་གིས་སྟབས་བདེའི་པང་ལེབ་ཁང་པ་དང་སྤྱི་པའི་ཐབ་ཚང་། ཏང་དང་མང་ཚོགས་ཀྱི་བྱེད་སྒོ་སྤེལ་ཁང་དུ་ཕེབས་ཏེ་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་ངང་ཁ་བརྡ་ལབ་ཞོར་ཚང་མ་དང་མཉམ་དུ་ཁ་ལག་ཟ། མཐུན་སྒྲིལ་གྱི་བརྩེ་སེམས་མཉམ་གླེང་བྱས་ཏེ་ཡུལ་མི་ཚོར་ཡིད་ཆེས་བརྟན་པོ་བཅངས་ནས་ཐོན་སྐྱེད་རང་སྐྱོབ་ཧུར་ཐག་བྱས་ཏེ་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རོགས་རམ་དང་རྒྱབ་སྐྱོར་འོག། འཚོ་བ་གསར་པ་གཏོད་གང་ཐུབ་བྱ་རྒྱུའི་སྐུལ་མ་གནང་བ་རེད། ཧྲེན་དབྱང “ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང•མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”འབྲེལ་བ་བྱེད་སའི་དུད་ཚང་ཆིའུ་ཅང་ཚང་གི་གླས་པའི་སྡོད་ཁང་དུ་ཕེབས་ནས་གནས་ཚུལ་རྒྱུས་ལོན་མཛད་པ་དང་ཕན་ཚུན་སྐད་འཕྲིན་འབྲེལ་བ་བྱེད་ས་བཞག་པ་རེད། “ངས་ཉག་ཆུ་རྫོང་དུ་བོད་རིགས་ཁྱིམ་ཚང3དང་འབྲེལ་བ་བྱས་པ་ཡིན། ད་རེས་དབྱིས་རིགས་ཁྱིམ་ཚང་གཅིག་བསྣན་ཡོད།ང་ཚོའི་ཁྱིམ་ཚང་ཆེན་པོ་འདིས་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མཚོན་པར་བརྟེན། ཚང་མས་དོན་དག་ཡོད་ན་མཉམ་དུ་ལོངས་སྤྱོད་བྱས་ནས་མཉམ་དུ་དེ་བས་མཛེས་སྡུག་བདེ་སྐྱིད་ཀྱི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་གང་ཐུབ་བྱ་དགོས”། ཧྲེན་དབྱང་གིས་འབྲེལ་ཡོད་སྡེ་ཚན་ལ་མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་ཏེ་གནོད་འཚེ་ཐེབས་པའི་མང་ཚོགས་ཉེན་མེད་སྡོད་གནས་དང་བདེ་དྲོད་ཀྱིས་དགུན་བརྒལ་ཐུབ་པར་འགན་ལེན་བྱེད་པ་དང་དུས་མཚུངས་སུ། གནོད་འཚེ་ཐེབས་རྗེས་ཉམས་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་།བརྩེ་སེམས་བཅངས་ནས་ཞབས་ཞུ་འགན་ལེན་ཡག་པོ་བྱེད་པ།འཕྲོར་ལྷག་ས་འགུལ་གྱི་ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་གཏང་རྒྱུར་ཤུགས་བརྒྱབ་ནས། ཞོར་ཐོན་གནོད་འཚེ་ཐོན་རྒྱུར་འགོག་ཟོན་ནན་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱ་དགོས་ཞེས་མངགས་བཅོལ་གནང་བ་རེད། 

   ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ།ཁུལ་གྱི་མགོ་ཁྲིད་ཏེང་ལི་ཅུན་དང་ཝང་ཡུས་ཆང་།ཆིའུ་ཞའོ་ཉིང་། ཡོན་མིང་ཀོང་། ཧྥུང་ཅིང་ཕུང་། ལི་ཆང་། ཡན་ལེ། ལིའུ་ཧུང་།  དེ་བཞིན་དུ་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་ལྕགས་ཟམ་རྫོང་། དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཅུས་ཀྱི་འགན་འཁུར་བློ་མཐུན་བརྙན་ལམ་བཀོད་གཏོང་དང་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གི་ཡུལ་སྡེ་དར་རྒྱས་ཀྱི་མཛེས་རིས་རྣམ་པར་བཀྲ།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གིས་རྒྱལ་སྟོན་དུས་སྐབས་སུ་ལས་གནས་བརྟན་སྲུང་བྱས།
  • དོ་སྣང་ཆེ་བའི་རྩོམ།