སེར་ཤུལ་རྫོང་གི་ཡུལ་སྡེ་དར་རྒྱས་ཀྱི་མཛེས་རིས་རྣམ་པར་བཀྲ།

བདེ་ཆེན་གྱིས་བསྒྱུར།        2022-10-09

    སེར་ཤུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཐབ་ཇུས་ཇེ་ལེགས་སུ་གཏོང་བའི་ལག་བསྟར་ཤུགས་ཆེན་བྱ་ཆེད། ཡུལ་ཤོག་དང་གྲོང་རྡལ་ནི་རྒྱ་ཆེ་བའི་ཞིང་འབྲོག་ཁུལ་ལ་ཞབས་འདེགས་ཞུ་སའི་ལྟེ་གནས་དུ་བརྩིས་ཏེ། སྐྱེ་ཁམས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་བ་དང་།རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་གྱི་སྲུང་སྐྱོང་བླང་བྱ་དེ་རྫོང་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་སོགས་བྱ་གཞག་ཁག་ནང་ཁྱབ་པ་བྱས་ཡོད།

 སེར་ཤུལ་རྫོང་གི་ཡུལ་སྡེ་དར་རྒྱས་ཀྱི་མཛེས་རིས་རྣམ་པར་བཀྲ།

  ལོ་ཕྱུག་གྲོང་རྡལ་ཡུལ་སྡེ་དར་རྒྱས་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་མུའུ498.78ཡོད་པ་དང་། ཁང་པ74བསྐྲུན་པ།སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ72379.14ཟིན་པ།ཁང་པའི་ནང་ཁྱད་ལྡན་ཐོན་རྫས་ཀྱི་བྲིན་ཚོང་ཁུལ་དང་ཚོང་དོན་སྤྲོ་གསེང་ཁུལ། བྱང་སྡེ་ཉི་མ་རྫ་ཆུ་ཁའི་རིག་གནས་འགྲེན་སྟོན་ཁུལ། འདན་མ་རིག་གནས་ཉམས་ལེན་ཁུལ། ཞིང་ལས་ཁྱད་ཆོས་ཐོན་རྫས་ལས་སྣོན་ཁུལ།འདན་མའི་དམངས་སྲོལ་གོམས་གཤིས་ཉམས་ལེན་ཁུལ།དེ་བཞིན་འདན་མ་རྒྱལ་པོའི་ཕོ་བྲང་མགྲོན་ཁང་ཆེན་པོ་སོགས་ཡོད་པ་རེད།

སེར་ཤུལ་རྫོང་གི་ཡུལ་སྡེ་དར་རྒྱས་ཀྱི་མཛེས་རིས་རྣམ་པར་བཀྲ།


ལོ་ཕྱུག་སློབ་འབྲིང་།

     ལོ་ཕྱུག་སློབ་འབྲིང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ120064.96ལ་ཟིན།བསྐྲུན་ཚར་རྗེས་ལོ་ཕྱུག་སློབ་འབྲིང་གིས་ཞག་སྡོད་ལམ་ལུགས་ཀྱི་གཅིག་བསྡུས་སློབ་གཉེར་ལེགས་ཆ་འདོན་སྤེལ་དང་སེར་ཤུལ་རྫོང་གི་སྤུས་ལེགས་སློབ་གསོའི་སློབ་ཁྲིད་ཐོན་ཁུངས་གཅིག་བསྡུས་བྱས་ཏེ།ཞིང་འབྲོག་པའི་བུ་ཕྲུག་སློབ་གྲྭར་ཞུགས་དཀའ་བའི་གནད་དོན་ཐག་གཅོད་དང་།ཞིང་འབྲོག་པའི་བུ་ཕྲུག་སློབ་གྲྭར་ཞུགས་པར་སྐུལ་འདེད་གཏོང་བའི་རེ་འདུན་དང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་མངོན་འགྱུར་འབྱུང་རེ་ཡོད།རྫོང་དེས་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་པ་རེད།

 སེར་ཤུལ་རྫོང་གི་ཡུལ་སྡེ་དར་རྒྱས་ཀྱི་མཛེས་རིས་རྣམ་པར་བཀྲ།
སེར་ཤུལ་རྫོང་གི་ཡུལ་སྡེ་དར་རྒྱས་ཀྱི་མཛེས་རིས་རྣམ་པར་བཀྲ།
 

ལོ་ཕྱུག་བྱིས་སློབ་ཁང་།

    སེར་ཤུལ་རྫོང་ལོ་ཕྱུག་བྱིས་སློབ་ཁང་གི་འཛུགས་སྐྲུན་ལས་གཞི་ལ་རྒྱ་ཁྱོན་སྨི་གྲུ་བཞི་མ9130.26(མུའུ13.07)ཡོད་པ་དང་།གསར་དུ་བསྐྲུན་པའི་བྱིས་སློབ་ཁང་གི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ3752.34ལ་ཟིན་ཡོད།དེའི་ནང་བྱིས་སློབ་ཁང་གི་བྱེད་སྒོ་སྤེལ་སའི་ཁང་པ་སྨི་གྲུ་བཞི་མ3074.78ལ་ཟིན་པ་དང་།ཞབས་ཞུའི་ཁང་པ་སྨི་གྲུ་བཞི་མ205.53ལ་ཟིན།ཞོར་གཏོགས་ཁང་པ་སྨི་གྲུ་བཞི་མ475.03ལ་ཟིན་ཡོད།ལས་གཞི་ལ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི2200བཏང་ཡོད།སློབ་གཉེར་གཞི་ཁྱོན་འཛིན་གྲྭ9དང་མི270(འཛིན་གྲྭ་རེར་མི30)ཡོད་པ་རེད།

སེར་ཤུལ་རྫོང་གི་ཡུལ་སྡེ་དར་རྒྱས་ཀྱི་མཛེས་རིས་རྣམ་པར་བཀྲ།
སེར་ཤུལ་རྫོང་གི་ཡུལ་སྡེ་དར་རྒྱས་ཀྱི་མཛེས་རིས་རྣམ་པར་བཀྲ།

སེར་ཤུལ་བོད་སྨན་ཁང་།

   སེར་ཤུལ་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་ཁུལ་གཉིས་པ་དང་སེར་ཤུལ་རྫོང་བོད་སྨན་ཁང་གི་འཆར་འགོད་རྒྱ་ཁྱོན་སྨི་གྲུ་བཞི་མ36577.11ལ་ཟིན་ཡོད།འཆར་འགོད་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ22461.93ལ་ཟིན་པ་དང་།དེའི་ནང་ས་སྟེང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ21893.70དང་ས་འོག་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ568.23ལ་ཟིན་ཡོད་པ་རེད།

 སེར་ཤུལ་རྫོང་གི་ཡུལ་སྡེ་དར་རྒྱས་ཀྱི་མཛེས་རིས་རྣམ་པར་བཀྲ།

  ལས་གཞི་བསྐྲུན་ཚར་རྗེས་སྨན་བཅོས་ཞབས་ཞུའི་ཁྱབ་འགྱེད་ས་ཁོངས་ནང་ལོ་ཕྱུག་གྲོང་རྡལ་དང་དྲན་འཁོར་ཡུལ་ཤོག།བེ་མདའ་ཡུལ་ཤོག།བཙན་མདའ་ཡུལ་ཤོག།དེ་བཞིན་བོད་རང་སྐྱོང་ལྗོངས་འཇོ་མདའ་རྫོང་དང་སྡེ་དགེ་རྫོང་གི་ཉེ་འགྲམ་ཡུལ་ཤོག་སོགས་ཚུད་ཡོད་པ་རེད།ཞབས་ཞུའི་མི་འབོར་ཁྲི8ལྷག་ལ་ཟིན་ཡོད་པ་རེད།

སེར་ཤུལ་རྫོང་གི་ཡུལ་སྡེ་དར་རྒྱས་ཀྱི་མཛེས་རིས་རྣམ་པར་བཀྲ།

དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་བོད་སྐྱོད་དྲན་གསོ་ཁང་།

   འཆར་འགོད་བྱས་ནས་བསྐྲུན་པའི་དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་དྲན་གསོ་ཁང་ནི་དཀར་མཛེས་ཁུལ་བྱང་རྒྱུད་གསར་བརྗེའི་ཡུལ་སྐོར་ལམ་ཐིག་གི་ས་ཚུགས་མཐའ་མ་དེ་རེད།སེར་ཤུལ་རྫོང་གི་གསར་བརྗེའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྤྱི་འདོམས་བྱས་པར་བརྒྱུད། གསར་བརྗེའི་རིག་གནས་གཙོ་དོན་བྱེད་པའི་ཉམས་ལེན་རྣམ་པའི་རིག་གནས་ཁུལ་བཏོད་ཡོད།

 སེར་ཤུལ་རྫོང་གི་ཡུལ་སྡེ་དར་རྒྱས་ཀྱི་མཛེས་རིས་རྣམ་པར་བཀྲ།

   ལས་གཞི་དེར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི2620.5545བཏང་བ་དང་། སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ14672ལ་ཟིན་ཡོད།དེ་ལས་དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་བོད་སྐྱོད་དྲན་གསོ་ཁང་གཅིག་དང་།རིག་གནས་ཐང་ཆེན་གསུམ།དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་བོད་སྐྱོད་དྲན་གསོའི་རྡོ་རིང་གཅིག།དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་བོད་སྐྱོད་གཙོ་དོན་འཇིམ་བརྙན་གཅིག། མི་རིགས་མཐུན་སྒྲིལ་གྱི་གཙོ་དོན་འཇིམ་བརྐོས་གཅིག་བཅས་བསྐྲུན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་མགོ་ཁྲིད་ཚོས་ས་འགུལ་གནོད་ཐེབས་ཡུལ་ལ་མཐུན་འབྲེལ་ལས་དོན་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།