འབོ་ཞབས་ཀྱི་བར་བརྒལ་བཀོད་སྒྲིག་བྱ་ཡུལ་དང་པོ་ཞིབ་བཤེར་རྩིས་ལེན་ཐུབ་ནས་གནོད་འཚེ་ཐེབས་ཡུལ་མང་ཚོགས“སྡོད་ཁང་གསར་པ”ལ་སྤོས་ཏེ་རྒྱལ་སྟོན་བསུ།

ཨ་མགོན་གྱིས་བསྒྱུར།        2022-10-08

སྤྱི་ཟླ9པའི་ཚེས28ཉིན།སྤྱི་ཟླ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་ནས་གནོད་འཚེ་ཐེབས་པའི་མང་ཚོགས་བར་བརྒལ་བཀོད་སྒྲིག་བྱ་ཡུལ་འབོ་ཞབས་ཀྱི་སྟབས་བདེའི་པང་ལེབ་ཁང་པ་དང་པོའི་སྟབས་བདེའི་ཁང་པ19ལ་ཁུལ་འབྲེལ་ཡོད་སྡེ་ཁག་གིས་སྒྲིག་འཛུགས་བྱས་ནས་ཞིབ་བཤེར་རྩིས་ལེན་བྱས་པ་རེད། གཅིག་སྡུད་ཡུག་འབྲེལ་བྱས་པའི་བཀོད་སྒྲིག་ཁང་པ་དེ་དག་གིས་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ9135.48བཟུང་ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་མ3878.98ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།བར་བརྒལ་བཀོད་སྒྲིག་བྱ་ཡུལ་འབོ་ཞབས་ཀྱི་སྟབས་བདེའི་པང་ལེབ་ཁང་པར་སྒོ་སྲུང་ཁང་དང་མེ་གསོད་ཉེན་ཟོན་ལས་རེས་ཁང་།སྒོ་རྩིས་ཚོང་ཁང་།བྱེད་སྒོ་ཁང་།འཕྲོད་བསྟེན་ཁང་སོགས་ལེ་ལག་ཚང་བའི་ཞབས་ཞུའི་སྒྲིག་བཀོད་ལས་གྲུབ་པ་དང་།དུད་ཚང106གི་མི3100བཀོད་སྒྲིག་བྱ་རྒྱུའི་འཆར་གཞི་བཀོད་པ་དང་ཆབས་ཅིག། སྤྱི་པའི་གསང་སྤྱོད་ཁང་དང་དེ་བཞིན་ལུས་པོ་འཁྲུ་ས2དང་།སྤྱི་པའི་ཐབ་ཚང14 ཆུ་གཅིག་སྡུད་མཁོ་འདོན་བྱེད་ས་དང་ལུས་པོ་འཁྲུ་ས།ཉི་སྐམ་བྱེད་ས།གད་སྙིགས་བསྡུ་རུབ་བྱེད་ས་བཅས་སྒྲིག་སྦྱོར་བྱས་ཡོད་པ་རེད།

“འབོ་ཞབས་ཀྱི་བར་བརྒལ་བཀོད་སྒྲིག་བྱེད་སའི་སྟབས་བདེའི་པང་ལེབ་ཁང་པའི་བཟོ་སྐྲུན་གྲུབ་ཆའི་ཉེན་མེད་རིམ་པ་གསུམ་པ་ཡིན་ཞིང་།ལས་གྲྭའི་གྲུབ་ཆའི་འཆར་འགོད་བེད་སྤྱོད་བྱེདཡུན་ལོ5ཡིན་པ་རེད།མཐོ་སྒང་ས་ཁུལ་གྱི་ས་ཁམས་གནམ་གཤིས་རྒྱུ་རྐྱེན་དང་དེ་བཞིན་དུ་སྡོད་གནས་ཀྱི་སྐྱིད་སྣང་དོད་པའི་མཛེས་དཔྱོད་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་སྟབས་བདེའི་པང་ལེབ་ཁང་པའི་རྒྱུ་ཆས་འདེམས་སྐབས་ཁང་པའི་སྒོ་དང་སྒེའུ་ཁུང་།གྱང་ངོས།དེ་བཞིན་དུ་ཁང་པའི་གཞི་ཁྱོན་བཅས་ཀྱི་དྲོད་སྲུང་ནུས་རྒྱུ་གྲོན་ཆུང་དང་མེ་ཟོན་ནུས་པར་བསམ་གཞིག་གང་ལེགས་གཏོང་བ་དང་ཆབས་ཅིག། ཨར་ལས་བྱེད་ཐབས་ཐད་ཁང་པའི་ནང་གི་ས་བརླན་འགོག་ནུས། ཁང་པའི་ཐོག་ཁ། གློག་མཁོ་འདོན་དང་དྲོད་བསྡུ།གསལ་ཆ་དང་རླུང་རྒྱུག་པ།ཁང་པའི་ཕྱིར་བཙོག་ཆུ་འབུད་ས་སོགས་ཀྱི་ཐད་དམིགས་སའི་རང་བཞིན་གྱི་ཐག་གཅོད་བྱས་ནས་གནས་སྡོད་མང་ཚོགས་བློ་བདེ་པོའི་ངང་སྡོད་ཆོག་པར་འགན་ལེན་བྱས་པ་རེད། ཁང་པ་ཚང་མར་ཉལ་ཁྲི་དང་མདུན་ཅོག།རྐུབ་སྟེགས།གོས་སྒྲོམ་སོགས་ཀྱི་ཁྱིམ་ཆས་ཆ་ཚང་ཡོད་པ་རེད། ད་ཆ་ཚང་མ་ལས་མཇུག་བསྒྲིལ་བར་མ་ཟད།ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ནས་སྤྱི་ཟླ9པའི་ཚེས30ཉིན་སྤོས་ཆོག་པ་རེད་ཅེས་ཞིབ་བཤེར་རྩིས་ལེན་ནང་ཞུགས་མ་ཐག་པའི་སི་ཁྲོན་ཁང་ལི་དུས་རབས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་ལས་གཞི་དོ་དམ་འགན་འཁུར་བ་ཧྥུང་ཧྲི་ཙེང་གིས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།ལྕགས་ཟམ་རྫོང་གིས་གསར་དུ་བསྐྲུན་པའི་བར་བརྒལ་བཀོད་སྒྲིག་བྱེད་སའི་སྟབས་བདེའི་པང་ལེབ་ཁང་པ་ནི་སྤྱི་ཟླ9པའི་ཚེས6ཉིན་སྐྲུན་འགོ་ཚུགས་ཤིང་། བར་བརྒལ་བཀོད་སྒྲིག་བྱ་ཡུལ4ཡི་ནང་འབོ་ཞབས་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་ གཉིས་སུ་མི500ལྷག་ཙམ་བཀོད་སྒྲིག་བྱས་ཆོག་པ་དང་།གདན་ཐོག་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་གཉིས་སུ་མི900ལྷག་ཙམ་བཀོད་སྒྲིག་བྱས་ཆོག་པ་རེད།སྤྱི་ཟླ10པའི་ཟླ་འགོར་བར་བརྒལ་བཀོད་སྒྲིག་གི་ལས་འགན་ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་བཀོད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།སྤྱི་ཟླ9པའི་ཚེས་29ཉིན་ནས་བཟུང་འབོ་ཞབས་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་བར་བརྒལ་བཀོད་སྒྲིག་བྱ་ཡུལ་གྱི་སྟབས་བདེའི་པང་ལེབ་ཁང་པའི་ནང་སྤོས་ནས་ཁོ་ཚོས“སྡོད་ཁང་གསར པའི”ནང་རྒྱལ་སྟོན་དུས་ཆེན་ལ་བསུ་བ་ཞུས་པ་རེད།།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་རྒྱལ་ཡོངས་གཟེངས་བསྟོད་ཐོབ་མཁན་རང་ཁུལ་གྱི་སྔོན་ཐོན་མི་སྒེར་དང་དཔེ་བཟང་ཐུན་མོང་གི་འཐུས་མིར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།