མི་རིགས་མཐུན་སྒྲིལ་ཆེན་པོའི་བཀྲ་ཤིས་ཁ་བཏགས་དཀར་པོས་རྒྱལ་སྟོན་དུས་ཆེན་བསུ།

སྐལ་ཐུབ།        2022-10-08

ད་ལོའི་སྤྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་ནི་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ༧༣འཁོར་བའི་དུས་སྟོན་ཡིན་ཞིང་། དུས་སྟོན་འདི་ལ་ཀྲུང་ཧྭའི་བུ་རྒྱུད་ཚོས་སོ་སོའི་ལས་གནས་སུ་འབད་འབུངས་ཧུར་སྐྱོད་བྱས་ཏེ་ལེགས་སྐྱེས་ཆེ་ཕྲ་གང་རུང་གྲ་སྒྲིག་བྱས་ཡོད་པ་སྨོས་མི་དགོས། ཁོ་བོའི་བསམ་ཚུལ་ལྟར་ན་རྒྱལ་སྟོན་དུས་ཆེན་འདི་ལ་འབུལ་སྙིང་བྲོ་བའི་ལེགས་སྐྱེས་ཆེས་ཡག་ཤོས་ནི་མི་རིགས་མཐུན་སྒྲིལ་ཆེན་པོའི་བཀྲ་ཤིས་ཁ་བཏགས་དཀར་པོ་དེ་ཡིན། གང་རེད་ཟེར་ན། མི་རིགས་མཐུན་སྒྲིལ་ཆེན་མོ་ཡོང་ན་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཐུབ་ངེས་ཡིན་ལ། དེ་ལས་ལྡོག་ན་མི་སྲིད་པའི་ཕྱིར་རོ།།

མི་རིགས་ཁག་སེ་འབྲུའི་རྡོག་པོ་བཞིན་མཐུན་སྒྲིལ་ཆེན་པོ་ཡོང་དགོས་ན་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཅང་ཐུབ་མིན་ལ་རག་ལས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནི་ཀྲུང་གོའི་སྤྱི་ལེ་ངོས་གྲུ་ཁྲི༩༦༠ལྷག་ཙམ་གྱི་སྐམ་