ཡོན་ཏན་དང་ལྷ་མོ།

པད་འཕྲིན།        2022-09-19

ཡོན་ཏན་གྱི་ཁྱིམ་ལ་འཚོ་བ་ཡག་པོ་ཡོད་པར་མ་ཟད་ཁོའང་རིག་གནས་ཡག་པོ་ཡོད་པའི་མི་ཞིག་ཡིན་ལ། ཁོ་བོ་སི་ཁྲོན་བོད་ཡིག་སློབ་གླིང་དུ་བསྡད་ནས་ལོ་གཉིས་ཙམ་འགོར་ཀྱང་ཁོ་ལ་རོགས་པ་གཅིག་ལས་མེད། རོགས་པ་དེའི་མིང་ལ་བསྟན་འཛིན་ཟེར། ཁོ་གཉིས་ནི་ནང་ཕུ་ནུ་བཞིན་དུ་མཐུན་པས་གཅིག་གིས་གཅིག་ལ་རོགས་རམ་རྐྱང་པ་བྱས། སློབ་གྲྭ་དེའི་ནང་ལ་བསྟན་འཛིན་ལ་དགའ་རོགས་ཡོད་ཀྱང་ཡོན་ཏན་ལ་མེད་པས་བསྟན་འཛིན་གྱིས་ཡོན་ཏན་ལ་དགའ་རོགས་སློབ་མ་ལྷ་མོ་ངོ་སྤྲོད་བྱས། ལྷ་མོས་ཡོན་ཏན་ལ་ཡིད་ཤོར་ཏེ་ཡོན་ཏན་ལ་རོགས་ཅི་ཐུབ་གང་ཐུབ་བྱས་ནས་ལོ་གཅིག་ལྷག་སོང་ཡང་། ད་དུང་ཡོན་ཏན་གྱིས་ལྷ་མོ་ལ་བཀའ་དྲིན་ཆེ་ཨཱ་ཞེས་པའི་ལན་ཙམ་ལས་འཛུམ་ཆུང་རེ་ཡང་ལྷ་མོ་ལ་མ་བྱིན་ཡང། ལྷ་མོའི་སེམས་ན་ཡོན་ཏན་ནི་སྔར་བཞིན་གྱི་ཡོན་ཏན་ཡིན།

ཉིན་ཞིག། སློབ་གླིང་དེར་གཞན་གྱིས་བཤད་པ་ལ་ཡོན་ཏན་ལ་དགའ་ས་བུ་མོ་བཞི་ལྔ་རེ་ཡོད་རེད་ཅེས་བཤད་པ་རེ་གྲུབ།དེ་དུས་ལྷ་མོས་སློབ་གྲྭ་ནང་ཡོན་ཏན་གྱི་དགའ་རོགས་བུ་མོ་གཞན་ཡོད་མེད་ལ་རྟགས་དཔྱད་གང་མང་མང་རེ་བཏང་ཡང་། བཤད་སྲོལ་ཙམ་ཡོད་པའི་བུ་མོ་རེ་ལས་ཡོད་པ་མ་རྟོགས་ལ་བསྟན་འཛིན་གྱིས་ཀྱང་གོ་མ་མྱོང་།

དེ་ནས་བསྟན་འཛིན་དང་སློབ་གྲོགས་ཚང་མས་ཡོན་ཏན་ལ་ཡང་ཡང་དུ་ཁྱོད་ལ་དགའ་བའི་ལྷ་མོ་ནི་བྱད་གཟུགས་ཡག་པར་མ་ཟད་ཁྱོད་ལ་དུང་བའི་འོད་སྟོང་འཕྲོས་ནས་ཡོད་ཁུ་མོད། ཅིའི་ཕྱིར་ཁྱོད་མོ་ལ་འཁོར་མ་ཐུབ་པའི་རྒྱུ་མཚན་ཅི་ཞེས་དྲིས།

ཡོན་ཏན་གྱིས་ང་མོ་ལ་མི་དགའ་བརྗོད་པ་ཙམ་ལས་ལན་མ་བཏབ། ད་དུང་སྔར་བཞིན་འདུག་ཡོད།

དེ་ནས་དབྱར་ཁའི་ངལ་གསོ་ཆེ་བ་དང་ཉིན་བཅོ་ལྔ་ཙམ་ལས་མེད་པས་ཡོན་ཏན་གྱིས་བསྟན་འཛིན་དང་ལྷ་མོ་གཉིས་ལ་དོ་དགོང་ཆང་ཁང་ནང་དུ་འགྲོ། ངས་ཁྱོད་གཉིས་ལ་བཟི་གཏམ་རེ་བཤད་དགོས་ཟེར་ནས་གསུམ་ཀ་ཉིན་དེའི་ནུབ་མོར་ཆང་ཁང་དུ་སོང་། ཆང་ཁང་ནས་ཆང་མ་འཐུང་བའི་སྔོན་ན་ཡོན་ཏན་གྱིས་མི་རེའི་གར་སྟེགས་ཐོག་ནས་གླུ་རེ་ལེན་དགོས་ཟེར་ནས་བཞད་གད་གྱི་ལམ་ནས་བཤད། ཡོན་ཏན་གྱིས་གྱེས་དགོས་པ་ནི་ལས་རེད་ཟེར་བའི་འབྲོང་གླུ་ལེན་ལ། བསྟན་འཛིན་གྱིས་གྲོགས་པོ་ནི་ནམ་ཡང་གྲོགས་ཡིན་ཞེས་པའི་སྙན་ངག་གྱེར་འདོན་བྱས། ལྷ་མོས་ངའི་ཡོད་ཚད་ཁྱོད་ཡིན་ཞེས་པའི་རྒྱ་གླུ་རེ་བླངས་ཏེ་ཚིག་དེ་དག་གིས་སྡུག་བསྔལ་སེམས་སུ་བཟུང་སྟེ་གསུམ་ཀས་ནས་ཆང་སྒམ་གཅིག་བཏུང་ནས་བཟི་རྗེས་ཡོན་ཏན་གྱིས་ད་ཉིན་བཅོ་ལྔ་བགོར་བ་ན་ཁྱོད་གཉིས་དང་ང་ཁ་བྲལ་དགོས་རེད། སང་ཉིན་དགོན་པ་ན་རྗེས་ཕྱོགས་ཡང་ཐུག་པའི་སྨོན་ལམ་རེ་འདེབས་འགྲོ་ཞེས་ལབ། དེ་ནས་ལྷ་མོས་འུ་གཉིས་ཁ་བྲལ་མི་ཆོག་ཁྱོད་གང་འགྲོ་ན་ང་རོགས་ཡོད་དགོས་ཟེར། ཡོན་ཏན་གྱིས་ལྷ་མོ་དེ་འདྲ་མ་ཟེར་ཁྱོད་ང་ཡི་རོགས་པ་ཡོང་ཆོག་མ་རེད།

དྲང་བཤད་ཡིན་ན་ངའི་ཁྱིམ་གྱིས་ངའི་མི་འདོད་པའི་བུ་མོ་མཛངས་མ་རེ་ང་ལ་མནའ་མ་བླངས་ནས་ཡོད་རེད། མིན་པར་ཁྱོད་སྔོན་ཞིག་ནས་ངའི་མནའ་མ་ཡིན་ནས་ཡོད་ཟེར་དུས་ལྷ་མོས་བཟོད་པ་དྲག་པོ་བསྒོམས་ཏེ། འོ་ན་རྗེས་ཕྱོགས་ང་བརྗེད་མི་ཆོག་ལ་ཚེ་ཕྱི་མ་ན་ལས་དབང་ཡོད་པ་དཀོན་མཆོག་ལ་བཅོལ་དགོས། དེ་ང་ལ་ཁས་ལེན་དགོས་ཟེར་སྐབས་ཡོན་ཏན་གྱིས་དེ་ངས་ཁས་ལེན་ཆོག་ཆོག་ཡིན། ལྷ་མོ་ཁྱོས་བཤད་པ་དེ་ཁ་སང་ངས་དྲན་སོང་ཟེར་ཏེ་མཐའ་མཇུག་གི་སྐད་ཆ་མང་པོ་རེ་གླེང་ནས་ཕྱི་ཉིན་མོར་གསུམ་ཀས་དགོན་པ་ནང་སྨོན་ལམ་མཉམ་དུ་བཏབ་སྟེ་དབྱར་ཁའི་ངལ་གསོ་ཆེ་བའི་སྐབས་ནས་ཡོན་ཏན་དང་ལྷ་མོ་གཉིས་ཁ་བྲལ་སོང་།



  • ལེ་ཚན་སྔོན་མ།:ཏོག་དབྱིབས་ནད་དུག་དང་མི་ཡུལ་ གྱི་གོས་དཀར་ལྷ་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།