རང་ཁུལ་གྱིས་བྱེད་ཐབས་སྣ་ཚོགས་མཉམ་སྤྱོད་བྱས་ཏེ“མཁོ་སྤྲོད་གསུམ”གྱི་སྡོད་གནས་འཚམ་པའི་ཇུས་འགོད་ལ་སྐུལ་འདེད་བཏང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-09-19

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་འཆར་འགོད་ཀྱིས་སྣེ་ཁྲིད་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཁག་བགོས་ནས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་ཏེ་བྱེད་ཐབས་སྣ་ཚོགས་སྤྱད་ནས“མཁོ་འདོན་གསུམ”གྱི་སྡོད་གནས་འཚམ་པའི་ལས་གཞིར་སྐུལ་འདེད་བཏང་བ་རེད།

རང་ཁུལ་གྱིས“ཁུལ་རིམ་པའི་སྤྱི་འདོམས་དང་རྫོང་རེ་རེར་སྲིད་ཇུས་རེ་རེའི”བྱེད་ཐབས་སྤྱད་དེ། ཁུལ་རིམ་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་རང་བྱུང་སོལ་རླངས་དང་གསོ་རླངས། དྲོད་རླངས་བཅས་མཁོ་འདོན་བྱ་རྒྱུའི་སྤྱི་ཡོངས་ཀྱི་འཕེལ་རྒྱས་འཆར་འགོད་དང་། ཚོད་ལྟའི་རྫོང(གྲོང་ཁྱེར)གྱི་ཆེད་དོན་འཆར་འགོད་བཟོས་ནས་རྫོང་གཞན་དག་གི་ཆེད་དོན་འཆར་འགོད་བཟོ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ་རེད།

ཁུལ་ཡོངས་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཀྲུང་དབྱང་སྔོན་རྩིས་ནང་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར5.06བརྩོན་ལེན་བྱས་ནས་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སྒོར་ཁྲི9000རེ་ཞུ་བྱས་པ་དང་། སི་ཁྲོན་ལྕགས་ནུས་གློག་ཤུགས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་སི་ཁྲོན་ཧྭ་ཧྲེང་ནུས་རྒྱུ་འཕེལ་རྒྱས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་ནང་འདྲེན་བྱས་ཏེ། ལས་སྟེགས་སྤྱི་གཉེར་ཁང་གང་མགྱོགས་བཙུགས་ནས་ཁུལ་ཡོངས་ཀྱི“མཁོ་འདོན་གསུམ” གྱི་ལས་གཞིར་སྤྱི་འདོམས་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད་པ་རེད།

རང་ཁུལ་གྱིས་དར་མདོ་དང་དཀར་མཛེས། གསེར་རྟ། ལི་ཐང་། སེར་ཤུལ། འདབ་པ་སོགས་ཀྱི་རྫོང་ཁག6ལ་སྡོད་གནས་འཚམ་པའི་ལས་གཞི་གསུམ་བསྐྲུན་རྒྱུའི་ཚོད་ལྟ་བྱས་ནས། ལྕགས་ཟམ་དང་རོང་བྲག་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་རང་བྱུང་སོལ་རླངས་མཁོ་འདོན་གྱི་ཚོད་ལྟ་ལས་ཀའི་ནང་བཞག་པ་རེད། མིག་སྔར་ཚོད་ལྟའི་རྫོང6གིས་རིམ་རྩིས་བྱས་ན་ལས་གཞི22ལག་ལེན་བསྟར་ནས་ལས་གཞི11ལེགས་གྲུབ་བྱུང་ནས་མ་དངུལ་སྒོར་དུང་ཕྱུར3.8གཏོང་འཇོག་བྱས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:འགག་ལ་ཐུག་དུས་ཁྱེད་ཅག་ནི་རྟེན་སའི་རྒྱབ་རི་ཡིན།
  • ལེ་ཚན་རྗེས་མ།:ཟོལ་མེད་ཀྱི་བརྩེ་སེམས་བཅངས་ནས་ལྕགས་ཟམ་ཁར་གཅེས་སེམས་ཕུལ།
  • དོ་སྣང་ཆེ་བའི་རྩོམ།