ཁུལ་གཏོགས་ལས་ཁུངས་ཀྱི་ཏང་མི་ལས་བྱེད་པས་སྒོར་ས་ཡ༢ལྷག་ཞལ་འདེབས་ཕུལ།

ནོར་བུས་བསྒྱུར།        2022-09-14

  སྤྱི་ཟླ9པའི་ཚེས5ཉིན། ལྕགས་ཟམ་རྫོང་དུ་ས་འགུལ་དྲག་པོ་བྱུང་བ་དང་། གློ་བུར་དུ་བྱུང་བའི་གནོད་འཚེ་ཡིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་བཟོས། ས་འགུལ་བྱུང་རྗེས་ཁུལ་ཐད་གཏོགས་ལས་དོན་ཨུ་ལྷན་གྱིས་ཁུལ་རིམ་པའི་ལས་ཁུངས་ཀྱི་རྒྱ་ཆེ་བའི་ཏང་མི་དང་ལས་བྱེད་པར་ཞལ་འདེབས་འབུལ་བའི་གྲོས་འགོ་བཏོན་པ་དང་། ཁུལ་རིམ་པའི་ལས་ཁུངས་ཀྱི་ཏང་མི་དང་ལས་བྱེད་པས་ཧུར་ཐག་གིས་ཞལ་འདེབས་བྱ་བར་ཞུགས་ནས་གེགས་ཁུལ་མི་དམངས་ལ་གཅེས་སེམས་མཚོན་པར་བྱས་ཡོད།

   མིག་སྔའི་བར་ཁུལ་རིམ་པའི་སྡེ་ཚན་དང་ཞིང་ཆེན་དང་ཁུལ་ཁོངས་གཏོགས་ཀྱི་ཁེ་ལས་དང་བྱ་གཞག་སྡེ་ཚན་གྱི་ཏང་མི་དང་ལས་བྱེད་ལས་བཟོ་པ7872ཀྱིས་རང་མོས་ངང་ཞལ་འདེབས་སྒོར་ཁྲི209.903223བརྒྱབ་པ་རེད།

   ཁུལ་ཐད་གཏོགས་ལས་དོན་ཨུ་ལྷན་གྱིས་གྲོས་འགོ་བཏོན་པའི་བྱེད་སྒོར་ཁུལ་རིམ་པའི་སྡེ་ཚན་དང་ཞིང་ཆེན་དང་ཁུལ་གཏོགས་ཀྱི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་རྒྱ་ཆེའི་ཏང་མི་དང་ལས་བྱེད་ལས་བཟོ་པས་དང་ལེན་ཧུར་ཐག་བྱས་ཤིང་། ཏང་མི་དང་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གེགས་ཁུལ་མི་དམངས་ལ་རང་ཉིད་ཀྱི་ནུས་ཤུགས་ཕྲན་བུ་ཕུལ་ནས་གེགས་ཁུལ་མི་དམངས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བ་མཚོན་ཡོད། སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རོགས་རམ་འོག་གེགས་བར་འཕྲད་སྐབས་ང་ཚོས་ལག་གདང་དཔུང་སྦྲེལ་གྱིས་དཀའ་ངལ་ཁྱད་བསད་བྱས་པ་དང་། མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས།

  • ལེ་ཚན་སྔོན་མ།:འབོ་ཞབས་གྲོང་རྡལ་དུ་སྐབས་སྡོད་པང་ཁང་སྐྲུན་འགོ་བཙུགས།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་གི་སློབ་གྲྭ31གི་སློབ་འགོ་བསྐྱར་དུ་བཙུགས་ཐུབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10