ཟོལ་མེད་ཀྱི་བརྩེ་སེམས་བཅངས་ནས་ལྕགས་ཟམ་ཁར་གཅེས་སེམས་ཕུལ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-09-12

རང་ཁུལ་གྱི་རྫོང(གྲོང་ཁྱེར)དང་ཁེ་ལས(ཚོང་ཚོགས)ཀྱིས་ལྕགས་ཟམ་ཁའི་ས་འགུལ་གནོད་སྐྱོན་ཐེབས་ཁུལ་ལ་དངུལ་དང་དངོས་ཟོག་ཞལ་འདེབས་ཕུལ།

ལི་ཐང་རྫོང་།

སྤྱི་ཟླ9པའི་ཚེས7ཉིན། ལི་ཐང་རྫོང་གིས་སྤྱི་ཟླ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་བའི་གནོད་སྐྱོན་ཐེབས་ཁུལ་ལ་གཅེས་སེམས་ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ་བ་རེད།

ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག། ལས་ཁུངས་ཀྱི་ལས་བྱེད་པ་ཡོངས། ཁེ་ལས་དང་དོན་ལས་སྡེ་ཚན། སྤྱི་ཚོགས་ཀྱི་རྒྱ་ཆེའི་མང་ཚོགས་བཅས་ཀྱིས་ཕན་ཚུན་རོགས་རེས་དང་སྐྱིད་སྡུག་མཉམ་མྱོང་གི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་སྟེ་དམངས་སེམས་གཅིག་མཐུན་བྱས་ནས་ལྕགས་ཟམ་རྫོང་གི་འགུལ་འགོག་གནོད་སྐྱོབ་ཀྱི་ལས་དོན་ལ་ནུས་ཤུགས་ཀྱི་བྱས་རྗེས་འཇོག་དགོས་ཞེས་གྲོས་འགོ་འདོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གཅེས་སེམས་ཞལ་འདེབས་འབུལ་བའི་བྱེད་སྒོ་ནི“1+N”ཡི་བྱེད་ཐབས་སྤྱད་ནས་སྤེལ་ཞིང་།ཞལ་འདེབས་ཕུལ་བའི་དངུལ་དེ་ལི་ཐང་རྫོང་རྒྱ་གྲམ་དམར་པོའི་ཚོགས་པས་ལྕགས་ཟམ་རྫོང་རྒྱ་གྲམ་དམར་པོའི་ཚོགས་པར་ཐད་ཀར་བརྒྱུད་སྤྲོད་བྱ་རྒྱུ་རེད། གསར་འགྱུར་སྤེལ་མཚམས་སུ། རྫོང་རྒྱ་གྲམ་དམར་པོའི་ཚོགས་པའི་ལས་སྒྲུབ་མི་སྣས་བསྡོམས་རྩིས་བྱས་པར་གཞིགས་ན། ཞལ་འདེབས་ཁག་དང་པོའི་མ་དངུལ་སྒོར111303ལ་ཟིན་པ་དང་རྗེས་མཐུད་ཀྱི་གཅེས་སེམས་ཞལ་འདེབས་འབུལ་རྒྱུ་དེ་རྫོང་ཡོངས་ཀྱི་མངའ་ཁོངས་སུ་རྒྱུན་མཐུད་དུ་སྤེལ་རྒྱུ་ཡིན་པ་རེད།།

དཀར་མཛེས་རྫོང་།

སྤྱི་ཟླ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་རྗེས། དཀར་མཛེས་རྫོང་གིས་གནོད་འཚེ་ཐེབས་ཁུལ་གྱི་མང་ཚོགས་ལ་བླ་ན་མེད་པའི་མཐོང་ཆེན་དང་དོ་ཁུར་བྱས་ནས་རྫོང་ཡོངས་སུ་མགྱོགས་མྱུར་དུ་སྐུལ་སློང་བྱས་ཏེ་འཕྲལ་མར་སྨན་བཅོས་རོགས་སྐྱོབ་རུ་ཁག་དང་འགུལ་འགོག་གནོད་སྐྱོབ་གདོང་ལེན་རུ་ཁག་ལྕགས་ཟམ་རྫོང་དུ་རོགས་སྐྱོབ་ལས་དོན་སྤེལ་དུ་བཏང་བ་རེད། སྤྱི་ཟླ9པའི་ཚེས7ཉིན། གནོད་འཚེའི་གནས་ཚུལ་ལ་དམིགས་ནས་དཀར་མཛེས་རྫོང་གིས“ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན། ཕྱོགས་ཀུན་གྱིས་རོགས་སྐྱོར་བྱེད་པའི”སྙིང་སྟོབས་སྲུང་འཛིན་བྱས་ནས་ནོར་བུ་གླིང་ཐང་ཆེན་དུཟོལ་མེད་ཀྱི་བརྩེ་སེམས་བཅངས་ནས་ལྕགས་ཟམ་ཁར་གཅེས་སེམས་ཕུལ་ནས་ལྕགས་ཟམ་རྫོང་དུ་བྱུང་བའི་ས་འགུལ་གནོད་འཚེ་ལ་དཀར་མཛེས་རྫོང་གིས་གཅེས་སེམས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ཏེ་རྫོང་ཡོངས་ཀྱིས་ཞལ་འདེབས་འབུལ་རྒྱུའི་གྲོས་འགོ་བཏོན་པ་རེད།

མིག་སྔའི་བར་དཀར་མཛེས་རྫོང་གིས་ཞལ་འདེབས་སྒོར་ཁྲི116ལྷག་ཙམ་གྲབས་གསོག་བྱས་པ་དང་རྗེས་མཐུད་དྲ་ཐོག་ཞལ་འདེབས་ཀྱང་མུ་མཐུད་ནས་སྤེལ་རྒྱུ་རེད། རྫོང་རྒྱ་གྲམ་དམར་པོའི་ཚོགས་པས་གྲབས་གསོག་བྱས་པའི་མ་དངུལ་རྣམས་ཆེད་དངུལ་དང་ཆེད་འཇོག་རྩིས་ཁུངས་ཀྱི་བྱ་ཐབས་ཐོག་ནས་མགྱོགས་མྱུར་དུ་ལྕགས་ཟམ་རྫོང་དུ་ཞལ་འདེབས་བརྒྱབ་སྟེ་འཕྲལ་མྱུར་རོགས་སྐྱོབ་དང་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་འཚོ་བའི་རོགས་སྐྱོབ། རོགས་སྐྱོབ་དཔུང་སྡེ་རྒྱབ་སྐྱོར་བཅས་དང་དེ་བཞིན་གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་སྐྲུན་སོགས་འབྲེལ་ཡོད་ལས་དོན་ཐད་སྤྱོད་རྒྱུ་ཡིན་པ་རེད།།

ཁྲེང་ཏུའུ་དཀར་མཛེས་ཚོང་ཚོགས།

ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་རྗེས་གནོད་འཚེ་ཐེབས་པའི་གནས་ཚུལ་དེས་ཁྲེང་ཏུའུ་དཀར་མཛེས་ཚོང་ཚོགས་ཀྱི་ཁོངས་གཏོགས་ཁེ་ལས་ཀྱི་འགན་འཁུར་བ་དང་ལས་བཟོ་ཚོའི་སེམས་སུ་བྱམས་གཅེས་ཆེན་པོ་བསླངས་པ་རེད། ཚོང་ཚོགས་ཀྱིས་འཕྲལ་དུ་ཁོངས་གཏོགས་ཁེ་ལས་ལ་ལྕགས་ཟམ་རྫོང་དུ་ས་འགུལ་གནོད་འཚེ་ཐེབས་ཁུལ་ལ་གཅེས་སེམས་འབུལ་བའི《གྲོས་འདོན་ཡི་གེ》བཏང་བ་དང་ཁོངས་གཏོགས་ཁེ་ལས་ཀྱིས་རང་ངོས་ཀྱི་དཀའ་ངལ་སྣ་ཚོགས་འཕྲད་པའི་མདུན་དུ་སྔར་བཞིན་ཚོང་ཚོགས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་མགྱོགས་མྱུར་དུ་བྱ་སྤྱོད་སྤེལ་ཏེ་གནོད་འཚེ་ཐེབས་ཁུལ་ཀྱི་མི་དམངས་ལ་མ་དངུལ་དང་དངོས་ཟོག་གི་རྒྱབ་སྐྱོར་བྱས་པ་རེད།

སྤྱི་ཟླ9པའི་ཚེས7ཉིན་བར་ཚོང་ཚོགས་ཀྱི་ཁོངས་གཏོགས་ཁེ་ལས14དང་དེ་བཞིན་མི་སྒེར་གྱིས་དཀར་མཛེས་ཁུལ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་དཀར་མཛེས་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པ་སོགས་བརྒྱུད་ནས་ཞལ་འདེབས་སྒོར1010348ཕུལ་བ་རེད། འཕྲལ་བྱུང་གནོད་སྐྱོན་དེར“དཀར་མཛེས་ཚོང་ཚོགས”ཡིན་པའི་ངོས་ནས་གནོད་འཚེ་ཐེབས་ཁུལ་གྱི་མང་ཚོགས་ལ་རོགས་སྐྱོར་བྱས་ཏེ་ཕ་ཡུལ་གྱི་གནོད་འཚེ་ལས་རྣམ་པར་རྒྱལ་བར་བྱེད་པ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་འགན་འཁྲི་དང་འོས་འགན་ཡོད་ཅེས་ཚང་མས་གཅིག་རྗེས་གཉིས་མཐུད་དུ་དེ་ལྟར་བཤད།།



  • ལེ་ཚན་སྔོན་མ།:རས་གུར་དང་ཏང་གི་དར་ཆ་ཡོད་པས་མི་རྣམས་ཀྱི་བློ་སེམས་བདེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།