ལྕགས་ཟམ་རྫོང་གིས་ས་འགུལ་གྱི་གནོད་འཚེ་ཐེབས་ཁུལ་དུ་ཉིང་སྐྱུར་ཞིབ་དཔེ་དཔྱད་ཚད་ལེན་ཡོངས་སུ་ཁྱབ་པ་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2022-09-13

ཉེ་ཆར། ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་གངས་དཀར་ཐང་ཆེན་གྱི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་གྱི་ཡུལ་དངོས་སུ་གོ་རིམ་ལྡན་པའི་ངང་ནས་མི་ཡོངས་རྫོགས་ལ་ཉིང་སྐྱུར་དཔེ་དཔྱད་བྱེད་བཞིན་ཡོད་པའི་རྣམ་པ་གསར་འགོད་པའི་མིག་ལམ་དུ་མངོན་བྱུང་། རང་ཁུལ་གྱིས་རིམས་ཚུལ་དང་ས་འགུལ་གྱི་གནས་ཚུལ་ལ་དམིགས་ནས“ཚན་རིག་དང་མཐུན་པའི་རོགས་སྐྱོབ་དང་རིམས་ཚུལ་འགོག་ཟོན་བཙན་སྡོམ”གཉིས་ཀ་མི་འགོར་བར་བྱས་ནས་འགུལ་ཁུལ་དུ་ཉིང་སྐྱུར་དཔེ་དཔྱད་ཡོངས་སུ་ཁྱབ་པའི་ལས་དོན་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ9པའི་ཚེས6ཉིན་གྱི་ཆུ་ཚོད21བར་ལྕགས་ཟམ་རྫོང་དུང་དཀར་ལུང་པ་ཡུག་སྦྲེལ་ས་ཁུལ་གྱིས་ཉིང་སྐྱུར་དཔེ་དཔྱད་བྱས་པའི་མིའི་ཐེངས་གྲངས9000ལྷག་ཙམ་ལ་ཟིན་པ་དང་། ཚེས7ཉིན་གྱི་ཆུ་ཚོད8པར་ཁུལ་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་རིམས་ཚུལ་འགོག་ཟོན་བཙན་སྡོམ་ཚོ་ཆུང་གིས་ཞིང་ཆེན་དང་ཁུལ། དེ་བཞིན་དུ་རྫོང་དང་གྲོང་ཁྱེར་གཞན་དག་གི་མི70ལྷག་ཙམ་སྐོང་འཐེན་བྱས་ནས་གནོད་འཚེ་ཐེབས་ཁུལ་གྱི་ཉིང་སྐྱུར་དཔེ་དཔྱད་འཚོལ་བསྡུ་དང་ཁོར་ཡུག་དུག་སེལ་སོགས་ཀྱི་ལས་དོན་ནང་ཞུགས་པ་དང་། ཉིན་དེའི་ཕྱི་དྲོར་འབོ་ཞབས་གྲོང་རྡལ་འཕྲོད་བསྟེན་ཁང་དུ་བཀོད་སྒྲིག་བྱ་ཡུལ་སོ་སོའི་འགན་འཁུལ་བར་ཁུལ་མི་དམངས་སྨན་ཁང་དང་ཁུལ་བོད་སྨན་ཁང་། དར་མདོ་མི་རིགས་སྨན་ཁང་། གཡག་རྔ་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་སྨན་ཁང་བཅས་ཀྱིས་ཞལ་འདེབས་ཕུལ་བའི་རྒྱ་སྨན་དང་བོད་སྨན་གྱི་རིམས་འགོག་སྨན་རྫས་སྤྲད་པ་རེད། གནོད་སྐྱོབ་ཐེབས་ཁུལ་གྱི་ལས་གྲྭ་དང་པོའི་རོགས་སྐྱོབ་སྟོགས་ཤུགས་དང་བཀག་བསྡོམས་ཐེབས་པའི་མང་ཚོགས་ལ་རྒྱ་སྨན་དང་བོད་སྨན་གྱི་རིམས་འགོག་སྨན་རྫས་མི3000ལྷག་ཙམ་ལ་བཀྲམ་པ་རེད།།


  • ལེ་ཚན་སྔོན་མ།:ཁ་སང་ནས་གནོད་ཐེབས་མང་ཚོགས་གནས་སྐབས་སྡོད་ས་སྐྲུན་འགོ་བཙུགས།
  • ལེ་ཚན་རྗེས་མ།:ཆེད་འགན་འཁུར་མཁན་ཉེན་རྟོག་པས་སྦྲེལ་མཐུད་དུ་ལས་འགན་ལྗིད་པོ་ཁུར།
  • དོ་སྣང་ཆེ་བའི་རྩོམ།