ལྕགས་ཟམ་རྫོང་གི་སློབ་གྲྭ31གི་སློབ་འགོ་བསྐྱར་དུ་བཙུགས་ཐུབ་ཡོད།

ཐུབ་ཀྱིས་བསྒྱུར།        2022-09-14

ལྕགས་ཟམ་རྫོང་གི་སློབ་གྲྭ31གི་སློབ་འགོ་བསྐྱར་དུ་བཙུགས་ཐུབ་ཡོད།
 

  སྤྱི་ཟླ9པའི་ཚེས13ཉིན་ལ། ལྕགས་ཟམ་རྫོང་སློབ་འབྲིང་གཉིས་པར་བཙུགས་པའི་གནོད་ཐེབས་མང་ཚོགས་གནས་སྐབས་བཀོད་སྒྲིག་བྱ་ཡུལ་གནས་གཞན་དུ་སྤོས་པ་དང་། གནོད་འཚེ་ཐེབས་ཡུལ་སློབ་མའི་སློབ་འགོ་བསྐྱར་དུ་འཛུགས་པའི་ལས་དོན་ཁག་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད། ཚེས14ཉིན་གྱི་བར། ལྕགས་ཟམ་རྫོང་གི་ས་འགུལ་གནོད་འཚེ་ཐེབས་ཡུལ་གྱི་སློབ་གྲྭ31ཡི་སློབ་མ17104ཚང་མ་སློབ་འགོ་བསྐྱར་དུ་བཙུགས་ཐུབ་ཡོད།

   འཆར་འགོད་ལྟར་འབྲེལ་ཡོད་སྡེ་ཁག་གིས་སློབ་གྲྭའི་བཟོ་སྐྲུན་ཉེན་མེད་ལ་རིམ་པ་བགོས་ནས་དཔྱད་དཔོག་བྱས་རྗེས། སློབ་འགོ་བསྐྱར་དུ་འཛུགས་ཆོག་པའི་ཆ་རྐྱེན་འཛོམས་པའི་སི་ཁྲོན་ཞིང་ཆེན་ལྕགས་ཟམ་སློབ་འབྲིང་དང་། ལྕགས་ཟམ་རྫོང་སློབ་འབྲིང་དང་པོ། དཀར་མཛེས་ཁུལ་མཐོ་རིམ་སློབ་འབྲིང་། དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་བཅས་སློབ་གྲྭ་བཞིའི་སློབ་མ8143འདི་ཟླའི་ཚེས9ཉིན་ལ་སློབ་འགོ་བསྐྱར་དུ་བཙུགས་ཡོད། ལྕགས་ཟམ་རྫོང་ཁྲེང་ཝུའུ་སློབ་ཆུང་སོགས་སློབ་གྲྭ་ཆུང་འབྲིང16གི་སློབ་མ6913དང་རྫོང་བྱིས་སྐྱོང་ཁང་སོགས་བྱིས་སྐྱོང་ཁང11གི་སློབ་མ2048འདི་ཟླའི་ཚེས14ཉིན་ལ་སློབ་འགོ་བསྐྱར་དུ་བཙུགས་ཡོད། དེ་མིན་གདན་ཐོག་ལྟེ་གནས་སློབ་ཆུང་དང་བྱིས་སྐྱོང་ཁང་། རི་བོ་གངས་དཀར་སྡེ་ཁུལ་ཞག་སྡོད་ལམ་ལུགས་སློབ་གྲྭ། སྡེ་དབུས་གྲོང་རྡལ་བྱིས་སྐྱོང་ཁང་། ལྕགས་ཟམ་རྫོང་སློབ་ཆུང་། ལྕགས་ཟམ་རྫོང་སློབ་འབྲིང་གཉིས་པའི་དམའ་འབྲིང་ཁང་བཅས་སློབ་འགོ་བསྐྱར་དུ་འཛུགས་པའི་ཆ་རྐྱེན་མི་འཛོམས་པའི་སློབ་གྲྭ6ལ་སྦྲ་གུར་སློབ་གྲྭ་བཙུགས་པ་དང་ཟ་ཁང་སློབ་ཁང་དུ་བཅོས་པ། དེ་མིན་ཐག་ཉེ་སའི་སློབ་གྲྭར་ཞུགས་སུ་བཅུག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཚེས14ཉིན་ལ་སློབ་འགོ་བསྐྱར་དུ་འཛུགས་ཐུབ་པ་ཁག་ཐེག་བྱས་ཡོད།


  • ལེ་ཚན་སྔོན་མ།:ཁུལ་གཏོགས་ལས་ཁུངས་ཀྱི་ཏང་མི་ལས་བྱེད་པས་སྒོར་ས་ཡ༢ལྷག་ཞལ་འདེབས་ཕུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10