བྱས་ཉེས་འདི་རིགས་ལ་རྡུང་རྡེག་དྲག་པོ་གཏོང་རྒྱུ་རེད།

    མི་དམངས་དྲ་བ།    2022-09-15

   ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། སྤྱི་བདེ་པུའུ། དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་སྡེ་ཁག་བཞི་དང་མཉམ་འབྲེལ་ཐོག་ཁྲིམས་ལྟར་དངུལ་འཛིན་ཉེས་གསོག་ལ་རྡུང་རྡེག་ནན་པོ་གཏོང་བའི་དཔེ་མཚོན་གྱོད་གཞི་5ཁྱབ་བསྒྲགས་བྱས་པ་རེད། དཔེ་མཚོན་གྱོད་གཞི་5པོ་དེ་དག་ནི།
     དང་པོ། མཱ་ཆེ་གེ་མོ་སོགས་ཀྱིས་སྒྲིག་འགལ་ངང་ཁྱབ་བསྒྲགས་བྱེད་མི་རུང་བའི་ཆ་འཕྲིན་གལ་ཆེན་ཁྱབ་བསྒྲགས་བྱས་པ་དང་དངུལ་འཛིན་ཁྲོམ་རའི་ཁ་ལོ་སྒྱུར་བའི་གྱོད་གཞི།
     གཉིས་པ། ཀུའོ་ཆེ་གེ་མོ་སོགས་ཀྱིས་སྒྲིག་འགལ་གྱིས་ཁྱབ་བསྒྲགས་བྱེད་མི་རུང་བའི་ཆ་འཕྲིན་གལ་ཆེན་ཁྱབ་བསྒྲགས་བྱས་པའི་གྱོད་གཞི།
     གསུམ་པ། ཅང་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་གཉིས་ཀྱིས་ཡོངས་བསྒྲགས་མ་བྱས་པའི་ཆ་འཕྲིན་བེད་སྤྱད་དེ་ཉོ་ཚོང་བྱས་པའི་གྱོད་གཞི།
     བཞི་པ། ཝང་ཆེ་གེ་མོ་དང་ལི་ཆེ་གེ་མོ་གཉིས་ཀྱི་ནང་ཁུལ་ཉོ་ཚོང་གྱོད་གཞི།
     ལྔ་པ། ཤན་ཆེ་གེ་མོས་ཁྲོམ་ཞུགས་ཀུང་སིའི་ཁེ་ཕན་ལ་གནོད་འཚེ་བཏང་བ་དང་དངུལ་འཛིན་ཁྲོམ་རར་ཁ་ལོ་བསྒྱུར་བའི་གྱོད་གཞི་བཅས་རེད།
     དཔེ་མཚོན་གྱོད་གཞི་5པོ་འདི་ནི་སྒྲིག་འགལ་ངང་ཁྱབ་བསྒྲགས་བྱེད་མི་རུང་བའི་ཆ་འཕྲིན་གལ་ཆེན་ཁྱབ་བསྒྲགས་བྱས་པའི་ཉེས་གསོག་དང་། དངུལ་འཛིན་ཁྲོམ་རའི་ཁ་ལོ་བསྒྱུར་བའི་ནག་ཉེས། ཡོངས་བསྒྲགས་མ་བྱས་པའི་ཆ་འཕྲིན་སྤྱད་དེ་ཉོ་ཚོང་བྱས་པའི་ནག་ཉེས། ནང་ཚུལ་ཉོ་ཚོང་བྱས་པའི་ནག་ཉེས། ཡིད་རྟོན་རྒྱབ་སྐྱུར་གྱིས་ཁྲོམ་ཞུགས་ཀུང་སིའི་ཁེ་ཕན་ལ་གནོད་འཚེ་བཏང་བའི་ཉེས་གསོག་སོགས་ཀྱི་དངུལ་འཛིན་ཉེས་གསོག་དང་འབྲེལ་བ་ཡོད་པ་རེད།
     ཡོངས་བསྒྲགས་ཚོགས་འདུའི་ཐོག་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཐིང་བཞི་པའི་ཐིང་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཞིབ་དཔྱོད་ཁང་གི་ཀྲུའུ་རེན་ཀྲང་ཞའོ་ཅིན་གྱིས། མཉམ་འབྲེལ་ཐོག་དཔེ་མཚོན་གྱོད་དཔེ་ཡོངས་བསྒྲགས་བྱེད་པ་དང་། གྱོད་དཔེར་མཛུབ་ཁྲིད་དང་། སློབ་གསོ། ཉེན་བརྡ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གྱོད་གཞི་ཡོངས་བསྒྲགས་བྱས་ནས་གྱོད་གཞིར་གཞིགས་ཏེ་བཅའ་ཁྲིམས་ཀྱི་འགྲེལ་བཤད་བྱས་པ་བརྒྱུད་ཁྲོམ་ཞུགས་ཀུང་སིའི་ལས་འཛིན་དཔོན་དང་། ལྟ་འདོམས་པ། མཐོ་རིམ་དོ་དམ་པ་བཅས་དང་། དངུལ་འཛིན་ལས་ཁུངས་དེ་བཞིན་མཚམས་སྦྱོར་ལས་ཁུངས་ཀྱི་ལས་ཞུགས་མི་སྣ་བཅས་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ལས་གཉེར་དང་འགན་འཁྲི་བསྒྲུབས་ཏེ་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་འཛིན་བྱེད་མཁན་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་པའི་དྲན་སྐུལ་བྱས་པ་རེད།
     ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་དུང་ཉེ་བའི་ལོ་ཤས་རིང་ཞིབ་དཔྱོད་ལས་ཁུངས་ཀྱིས་དངུལ་འཛིན་ཉེས་གསོག་ལ་ཉེས་ཆད་གཅོད་པའི་ཐད་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་སྟེ། 2021ལོ་ནས་ད་ལོའི་ཟླ་6པའི་བར། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིགས་ཁག་གི་དངུལ་འཛིན་ཉེས་གསོག་པ་376ཁྲིམས་སྦྱོར་བྱས་པ་རེད། ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར་མི་147ཁྲིམས་སྦྱོར་བྱས་པ་དེ་དུས་མཚུངས་ལས་93.4%འཕར་ཡོད་པ་རེད། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཆེན་པོ་ཡོད་པའི་ནོར་དོན་རྫུན་བཟོ་དང་། ཁྲོམ་རར་ཁ་ལོ་བསྒྱུར་བ། ནང་ཁུལ་ཉོ་ཚོང་བྱས་པ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་གྱོད་གཞི་ཁག་ཅིག་ཐག་གཅོད་བྱས་པས་དངུལ་འཛིན་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་བཙན་གནོན་གྱི་རྣམ་པ་ཆགས་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ནས་རྒྱལ་པོ་ཁྲའར་སིར་རྟེན་འབྲེལ་གློག་འཕྲིན་བཏང་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་བོད་སྨན་ཁག་ཅིག་བོད་ལྗོངས་ཀྱི་ཏོག་གསར་གློ་ཚད་འགོག་བཅོས་ཇུས་གཞིའི་ནང་བཅུག་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10