ས་འགུལ་བྱུང་ཡུལ་དུ་རོགས་སྐྱོབ་ཀྱི་ཚ་རླབས་འཕྱུར།

        2022-09-07

 སྤྱི་ཟླ9པའི་ཚེས6ཉིན། གདན་ཐོག་ཡུལ་ཤོག་ཙེ་ཡ་ཁྲང་གྲོང་ཚོའི་ཉེ་འཁོར་དུ་འཚོལ་སྐྱོབ་བྱེད་བཞིན་པའི་དཀར་མཛེས་ཁུལ་མེ་ཟོན་རོགས་སྐྱོབ་མི་སྣ་རྣམས་རོགས་སྐྱོབ་གནས་སྤོར་སྒུག་མཁན་མང་ཚོགས་དང་འཕྲད་དེ་ཆུ་ཁོངས་རོགས་སྐྱོབ་ཚོ་ཆུང་དང་འབྲེལ་གཏུག་བྱས་ནས་འགྱིག་གྲུ་བཏང་སྟེ་མང་ཚོགས་ཉེན་མེད་ཁུལ་དུ་གནས་སྤོ་བྱས།


   སྤྱི་ཟླ9པའི་ཚེས6ཉིན། དྲག་ཆས་ཉེན་རྟོག་པ་དང་ཁྱད་ལྡན་ཉེན་རྟོག་པས་འབོ་ཞབས་གྲོང་རྡལ་ཁུག་རྟ་ལུང་པའི་ཆུ་བོའི་སྟེང་འབྲེང་ཐག་བརྒལ་ཏེ་ཉེན་ཁར་འཕྲད་པའི་མང་ཚོགས་ལ་རོགས་སྐྱོབ་བྱས།


   སྤྱི་ཟླ9པའི་ཚེས6ཉིན་གྱི་ཆུ་ཚོད16ཙམ་ལ་ལྕགས་ཟམ་རྫོང་ནས་འབོ་ཞབས་གྲོང་རྡལ་བར་གྱི་ས་འགུལ་གྱིས་བཅད་པའི་ལམ་དུམ་དེ་ཁྱོན་ཡོངས་ནས་ཤར་བགྲོད་ཐུབ་པར་བྱུང་། དཀར་མཛེས་ཁུལ་གཞུང་ལམ་མི་སྣས་མུ་མཐུད་དེ་ཁོངས་གཏོགས་ཀྱི་འབོ་ཞབས་གྲོང་རྡལ་ནས་དུང་དཀར་ལུང་པའི་ལྗོངས་ཁུལ་བར་གྱི་ལམ་དུམ་གང་མགྱོགས་ཀྱིས་ཤར་བགྲོད་ཐུབ་པར་འབད་འཐབ་བྱེད་བཞིན་ཡོད།


   སྤྱི་ཟླ9པའི་ཚེས6ཉིན། གུང་གཞོན་ཚོགས་པ་ཁུལ་ཨུས་གཞོན་ནུ་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་དང་བླངས་ཞབས་ཞུ་སྤེལ་བ་སྟེ། ཆིང་ཆིང་བྱིས་པའི་སྤྲོ་སྐྱིད་གླིང་གིས་གངས་དཀར་ཐང་ཆེན་གྱི་བཀོད་སྒྲིག་བྱ་ཡུལ་དུ་བྱིས་པ50ལྷག་ལ་དེ་གར་རི་མོ་འབྲི་བ་དང་། རོལ་རྩེད་བྱེད་པ་སོགས་ཀྱི་ལྟ་རྟོག་བྱེད་པར་མ་ཟད། གུང་གཞོན་ཚོགས་པ་ཁུལ་ཨུས་སྒྲིག་འཛུགས་བྱས་པའི་བྱིས་པའི་དགེ་འོས་སློབ་གྲྭའི་ཆེད་ལས་དང་བླངས་པ་ལྔ་ཡིས་དེ་གའི་གཞོན་ནུ་ལོ་ཆུང་ཚོར་རོལ་རྩེད་བྱེད་སྒོ་དང་། སེམས་ཁམས་རོགས་སྐྱོར། ལས་བྱ་ཟུར་ཁྲིད་སོགས་ཀྱི་དགོས་མཁོ་ལྟར་རོགས་སྐྱོབ་བྱས།

མཁས་གྲུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཞལ་འདེབས་འབུལ་མཁན་ཚོ་ལ་བཀའ་དྲིན་ཡང་ཡང་ཞུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།