ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་ནས་མི65རྐྱེན་ལམ་དུ་ཤོར་ཡོད།

    ཀྲུང་དབྱང་འཕྲིན་ལམ་དང་པོ།    2022-09-06

 སྤྱི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད12དང་སྐར་མ52ཐོག་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་ལ་ས་འགུལ་རིམ་པ6.8བྱུང་བ་དང་། འགུལ་ཁུངས་གཏིང་ཚད་སྤྱི་ལེ16ལ་ཟིན། སྤྱི་ཟླ9པའི་ཚེས6ཉིན་གྱི་ཆུ་ཚོད7པའི་བར།ས་འགུལ་ཁྲོད་དུ་དཀར་མཛེས་ཁུལ་གྱི་མི37རྐྱེན་ལམ་དུ་ཤོར་བ་དང་། མི12ལ་འབྲེལ་བ་ཆད་པ། རྨས་མ170ལ་སྨན་བཅོས་བྱས་ཡོད།གཡག་རྔ་གྲོང་ཁྱེར་དང་སྲིབ་སྨད་རྫོང་གི་མི28རྐྱེན་ལམ་དུ་ཤོར་བ་དང་། མི78ལ་རྨས་ཕོག་ཡོད།རྨས་མ་ཚང་མ་སྨན་ཁང་དུ་སྨན་བཅོས་བྱེད་སར་བསྐྱལ་ཡོད།ད་སྔའི་བར་ཐེངས་འདིའི་ས་འགུལ་ཁྲོད་དུ་མི་ཁྱོན་བསྡོམས65རྐྱེན་ལམ་དུ་ཤོར་བ་རེད།



  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་།
  • ལེ་ཚན་རྗེས་མ།:བྱ་སྤྱོད་དངོས་ལ་བརྟེན་ནས་རིམས་ནད་སྔོན་འགོག་བྱས།།ལྟ་སྐྱོང་དོ་དམ་བྱས་པས་འཐབ་ཕྱོགས་འགན་འཁྲི་མངོན།།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10